ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་58པ་འཚོཊ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་8པའི་ཚེས་17ཉིན་གྱི་སྔ་དྲོར།  ཁུལ་སྐབས་བཅུ་གསུམ་པའི་མི་དམངས་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་58པ་འཚོགས་པ་དང་། གྲོས་ཚོགས་ཐོག་ཁུལ་སྨན་བཅོས་འགན་བཅོལ་ཅུས་ཀྱི་《གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བྱེད་པའི་ནད་ཆེན་ཁ་གསབ་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གསོག་ཚད་གཞི་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་དགོངས་སྐོར་》དང་ཁུལ་ནགས་རྩྭ་ཅུས་ཀྱི་《བདེ་ཆེན་ཁུལ་གྱི“ལོ་ལྔ་ཚན་བཅུ་བཞི་པའི་”རིང་གི་ནགས་ཚལ་ཤིང་གཅོད་བཅད་གྲངས་སྒྲིག་བཟོའི་ལས་དོན་སྙན་ཞུར་ཆོག་མཆན་འགོད་རེ་ཞུ་བའི་སྐོར་གྱི་སྙན་ཞུ་》 ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི《བདེ་ཆེན་ཁུལ་གྱིས་དཀའ་ངལ་ཡོད་པའི་ལས་བྱེད་པའི་དབུལ་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཞིབ་སྲོལ་ཞིབ་བཤེར་གཏན་འབེབས་བྱ་རྒྱུའི་སྐོར་གྱི་དགོངས་སྐོར》བཅས་གྲོས་ཞིབ་བྱས།  ཁུལ་དཔོན་ཆི་ཅན་ཞིན་གྱིས་གྲོས་ཚོགས་གཙོ་སྐྱོང་བྱས།

        གྲོས་ཚོགས་ཐོག་བསྟན་དོན།  གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བྱེད་པའི་ནད་ཆེན་ཁ་གསབ་སྨན་བཅོས་འགན་བཅོལ་ནི་སྨན་བཅོས་འགན་ལེན་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན།   མིག་སྔར་རང་ཁུལ་གྱི་མ་དངུལ་གྲབས་གསོག་ཚད་གཞི་ནི་ཞིང་ཆེན་ཡོངས་ཀྱི་དམའ་ཤོས་ཡིན་པ་དང་།    རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འབེབས་ལྟར།  ཚད་གཞི་གསར་པས་2018ལོའི་ཁུལ་ཡོངས་ཀྱི་སྤྱི་ཚོགས་ཀྱི་ཆ་སྙོམས་གླ་ཕོག་གི་སྟོང་ཆ་དྲུག་ལ་གཞིགས་ཏེ་(ལས་ཁུངས་ཀྱིས་མི་རེར་ལ་ལོ་རེར་སྒོར་2725སྤྲོད་པ་དང་མི་སྒེར་གྱིས་ལོ་རེར་སྒོར་མོ་100སྤྲོད་པ།)ཚད་གཞི་གསར་པ་དེ་སང་ལོའི་ཟླ་1པོའི་ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ།

        གྲོས་ཚོགས་ཐོག་བསྟན་དོན།  སྣོན་བཅུད་ཁོར་ཡུག་ཡག་པོ་ནི་བདེ་ཆེན་ཁུལ་བཙུགས་པའི་གཞི་རྩ་ཡིན་ལ།  ནགས་ཚལ་ཐོན་ཁུངས་ནི་སྣོན་བཅུད་ཐོན་ཁུངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།  ཚན་རིག་དང་མཐུན་པའི་སྒོ་ནས་《ལོ་ལྔ་ཚན་བཅུ་བཞི་པའི་རིང་ཁུལ་ཡོངས་ཀྱི་ནགས་ཚལ་ཤིང་གཅོད་བཅད་གྲངས།》གཏན་འབེབས་བྱེད་དགོས། སྤྱི་ཚོགས་ཡོངས་ཀྱི་སྣོན་བཅུད་འདུ་ཤེས་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས།  གྲོན་ཆུང་འདུ་ཤེས་བཅས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་དགོས་པ་དང་།  ཁུལ་ཡོངས་ཀྱི་དྲོད་འདོན་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་དགུན་དུས་དྲོད་ལེན་ཆེད་ཤིང་གཅོད་པའི་གནད་དོན་ཐག་གཅོད་བྱེད་དགོས།  

གྲོས་ཚོགས་ཐོག་ནན་བཤད་བྱས་དོན།  མིག་སྔར་ཁུལ་ཡོངས་དབུལ་སྒྲོལ་ཐུབ་མེད་པའི་དཀའ་ངལ་ཡོད་པའི་ལས་བྱེད་པ་ལ་དབུལ་པོ་ཆགས་པའི་རྒྱུ་རྐྱེན་གསེད་བཀྲོལ་ནན་ཏན་བྱེད་པ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་བེད་སྤྱོད་ཡག་པོ་དང་གང་འགབ་ཅི་སྤྱོད་བྱེད་དགོས།  སྡེ་ཚན་ཁག་གིས་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་ཤུགས་ཆེར་བཏང་ནས་ལས་ཀའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས་པ་དང་།འགུལ་རྣམ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། དཀའ་ངལ་ཡོད་པའི་ལས་བྱེད་པའི་ཁྱིམ་ཚང་ལ་ཟས་གོས་ཡོད་པ་དང་། ལས་ཀར་ཞུགས་པ། སྨན་པ་བསྟེན་པ། སློབ་གྲྭར་ཞུགས་པ། སྤྱི་ཚོགས་འགན་སྲུང་། སྡོད་ཁང་ལ་འགན་སྲུང་ཡོད་པ་བཅས་ཀྱི་“ཡོད་པ་གཉིས་དང་འགན་ལེན་ལྔའི་”དམིགས་འབེན་མངོན་འགྱུར་བྱ་དགོས། ཁུལ་ཡོངས་ཀྱིས་དུས་ལྟར་སྤུས་ཚད་མཐོ་བའི་ངང་དབུལ་ཐར་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས།གྲོས་ཚོགས་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།              (ཚེ་རིང་སྒྲོལ་མས་བསྒྱུར།)