རང་ཁུལ་གྱི་ལོ་ལྔའི་འཆར་གཞི་བདུན་པའི་བཅའ་ཁྲིམས་ཁྱབ་གདལ་ལས་ཀར་ཕན་འབྲས་དངོས་ཐོན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  2016ལོར་རང་ཁུལ་གྱིས་ལོ་ལྔའི་འཆར་གཞི་བདུན་པའི་ཁྲིམས་ལུགས་ཁྱབ་གདལ་བཏང་བ་ནས་བཟུང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཕྱོགས་ཡོངས་ནས་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གཏིང་ཟབ་སྤེལ་ཏེ་ནུས་ལྡན་གྱིས་ཁུལ་ཡོངས་མང་ཚོགས་ཀྱི་བཅའ་ཁྲིམས་བྱང་ཚད་དང་ཁྲིམས་སྐྱོང་འདུ་ཤེས་མཐོ་རུ་བཏང་ཡོད། ཁྲིམས་སྐྱོང་བདེ་ཆེན་དང་དུས་བདེའི་བདེ་ཆེན་འཛུགས་སྐྲུན་གྱི་རྨང་གཞི་བརྟན་དུ་བཏང་ཡོད།

        གཏིང་ཟབ་ཀྱིས་རྩ་ཁྲིམས་ལྟེ་བར་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ་རེད། རང་ཁུལ་གྱིས་“སྟོང་སྐུལ་”དང་“བཅའ་ཁྲིམས་ཤེས་བྱ་བདུན་ཡར་སྤེལ་” “12•4”རྩ་ཁྲིམས་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སོགས་ལ་བརྟེན་ནས། བཅའ་ཁྲིམས་སྒྲོག་འགྲེལ་བྱེད་སྒོ་ཐེངས་42350སྤེལ་ཡོད། དྲིལ་བསྒྲགས་དཔྱད་ཡིག་ཁྲི་89.2སྤྲད་པ་དང་མང་ཚོགས་མི་ཐེངས་ཁྲི་86ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད་པས། ཁུལ་ཡོངས་ཀྱི་གྲོང་ཚོ་(སྡེ་ཁུལ་)དང་གྲོང་མིའི་ཚོ་ཆུང་ལ་ཁྱབ་ཡོད།

        གཏིང་ཟབ་ཀྱིས་གཙོ་གནད་བྱ་ཡུལ་ལ་ཕྱོགས་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་བ། ཏང་ཨུ་(ཏང་ཙུའུ་)ལྟེ་གནས་ཚོ་ཆུང་གི་མཉམ་སྡེབ་སློབ་སྦྱོང་དང་། འགོ་ཁྲིད་ལས་བྱེད་པའི་ལོ་མཇུག་གསལ་ཞུ་བཅའ་ཁྲིམས། འགོ་ཁྲིད་ལས་བྱེད་པས་དྲ་ཐོག་ནས་བཅའ་ཁྲིམས་སློབ་སྦྱོང་སོགས་ཀྱི་བྱེད་ཐབས་སྤྱད་ནས། ཁུལ་ཡོངས་ཀྱི“འགག་རྩའི་ཉུང་ཤས”དང་འགོ་ཁྲིད་ལས་བྱེད་པའི་ཁྲིམས་སྦྱོང་དང་ཁྲིམས་ལུགས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ།“ཏང་ཡོན་ཁྲི་ཏང་གི་སློབ་གྲྭར་སྐྱོད་པའི་”བྱེད་སྒོ་སྤེལ་ནས་བཅའ་ཁྲིམས་སློབ་སྦྱོང་བྱ་རྒྱུ་དེ་དེའི་ནང་གི་སློབ་ཚན་གལ་ཆེན་ཞིག་ཏུ་བརྩི་བ། བཅའ་ཁྲིམས་གྲོང་གསེབ་དང་དགོན་སྡེར་ཁྱབ་པ་སོགས་ཀྱི་དམིགས་སའི་རང་བཞིན་གྱི་ཁྲིམས་ལུགས་ཁྱབ་གདལ་བྱེད་སྒོ་སྤེལ་ནས་ཁུལ་ཡོངས་ཀྱི་མང་ཚོགས་ཀྱི་བཅའ་ཁྲིམས་བྱང་ཚད་མཐོ་རུ་བཏང་ཡོད། རིམ་པ་ཁག་གི་སློབ་གྲྭ་ཚང་མས་ཁྲིམས་སྐྱོང་སློབ་གཙོ་གཞོན་པ་དང་ཁྲིམས་སྐྱོང་ཟུར་ཁྲིད་པ་གདན་ཞུས་ལས་བསྐོས་བྱས། དུས་བཀག་ལྟར་བཅའ་ཁྲིམས་ཤེས་བྱ་འགྲན་བསྡུར་དང་བཅའ་ཁྲིམས་སློབ་ཁང་དུ་སྤེལ་བ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཁུལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་བཏང་ཡོད། 

        ཁྱོན་ཡོངས་ལ་དམིགས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་པ། 2017ལོ་ནས་བཟུང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། རང་ཁུལ་གྱིས་ནག་ཚོགས་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་ནག་ཚོགས་གཙང་སེལ་གྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྲིད་ཇུས། དེ་བཞིན་ལས་ཀའི་འཕེལ་རིམ་དང་ཕན་འབྲས་བཅས་མང་ཚོགས་ལ་གསལ་བཤད་བྱས་ནས། མང་ཚོགས་ཀྱིས་ཧུར་ཐག་སྒོས་ཉེ་འགྲམ་གྱི་ནག་ཚོགས་སྟོབས་ཤུགས་ཐེར་འདོན་བྱེད་རྒྱུ་སྐུལ་འདེད་བྱས་ཏེ་མང་ཚོགས་ཀྱི་ཤེས་རྟོགས་ཐུབ་ཚད་དང་ཞུགས་ཚད་མཐོ་རུ་བཏང་བ་རེད།ད་ལོར་རང་ཁུལ་གྱིས་རིམ་པ་ཁག་གི་སྨྱན་སྦྱོར་གྱི་གླེང་ཕྱོགས་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།ནུས་ཤུགས་ཡོད་རྒུས་ 《འགོས་ནད་འགོག་བཅོས་བཅའ་ཁྲིམས་》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། ཁེ་ལས་བདེ་འཇགས་ངང་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་པར་ཁྲིད་སྟོན་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་རམ་འདེགས་བྱས་པ་རེད།

        “ལོ་ལྔའི་འཆར་གཞི་བདུན་པའི་”           ཁྲིམས་ལུགས་ཁྱབ་གདལ་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད་རང་ཁུལ་གྱིས་ལམ་སྲོལ་གསར་གཏོད་བྱས་ནས།ཁུལ་རིམ་པའི་སྨྱན་སྦྱོར་གྱིས“ཉིན་རེར་བཤད་ཚུལ་རེ”དང་སྨྱན་སྦྱོར་གསར་པའི་ཁྲིམས་ལུགས་ཁྱབ་གདལ་སོགས་ཀྱི་ལེ་ཚན་སྤེལ་ནས་དྲ་ཐོག་དང་དྲ་ཕྱིའི་ཁྲིམས་ལུགས་ཁྱབ་གདལ་ཟུང་འབྲེལ་བྱས་པ་བརྒྱུད། ཁྲིམས་ལུགས་ཁྱབ་གདལ་དང་མང་ཚོགས་ཀྱི་བར་ཐག་ཇེ་ཉེར་བཏང་ཡོད།དུས་མཚུངས་སུ་རིམ་པ་ཁག་གི་ཁྲིམས་ལུགས་ཁྱབ་གདལ་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ཁུལ་དང་། རྫོང(གྲོང་ཁྱེར)ཤང་(གྲོང་རྡལ)གྲོང་ཚོ(སྡེ་ཁུལ)བཅས་རིམ་བཞིའི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་པའི་ལམ་སྲོལ་བཙུགས་ཡོད། ཁྲིམས་ལུགས་ཁྱབ་གདལ་གྱི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་པ། “སུས་ཁྲིམས་འཛིན་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ”དང་། “སུས་གཙོ་གཉེར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ”“སུས་ཞབས་ཞུ་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”འགན་འཁྲིའི་མ་ལག་གཞིར་བཟུང་ཁུལ་ཡོངས་ཀྱི་བཅའ་ཁྲིམས་ཁྱབ་གདལ་ལས་དོན་གྱི་ཐོག་མའི་རྣམ་པ་རགས་ཙམ་ཆགས་ཡོད།