བདེ་ཆེན་གྱིས་ཡུལ་སྐོར་ཡིད་རྟོན་དཔྱད་གཞིའི་རིན་གོང་ཁྱབ་བསྒྲགས་བྱས་ནས་ཡུལ་སྐོར་བར་གོང་ཁེ་བའི་ཡུལ་སྐོར་རྒྱ་རྙི་ལས་གཡོལ་དགོས་པའི་དྲན་སྐུལ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-24   རྩོམ་ཁུངས།    ​སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཚེས་21ཉིན།  བདེ་ཆེན་ཁུལ་ཡུལ་སྐོར་མཉམ་ལས་མཐུན་ཚོགས་ཀྱིས་《2020ལོའི་བདེ་ཆེན་ཡུལ་སྐོར་གྱི་ཡིད་རྟོན་དཔྱད་གཞིའི་རིན་གོང》ཁྱབ་བསྒྲགས་བྱས་པ་དང་།   ཡུལ་སྐོར་བ་ལ་“གོང་ཁེ་བའི་ཡུལ་སྐོར”གྱི་རྒྱ་རྙི་ལས་གཡོལ་དགོས་པའི་དྲན་སྐུལ་བྱས།《2020ལོའི་བདེ་ཆེན་ཡུལ་སྐོར་གྱི་ཡིད་རྟོན་དཔྱད་གཞིའི་རིན་གོང》ལ་གཞིགས་ན་བདེ་ཆེན་གྱི་ཁྱད་ལྡན་ཡུལ་མིའི་མགྲོན་ཁང་དང་ཚོང་དོན་མགྲོན་ཁང་(མི་གཉིས་ཅན་གྱི་ཚད་ལྡན་ཁང་པ།)   མི་རེར་དགོང་མོ་རེར་སྒོར་60ལས་མི་ཉུང་བ་དང་།  སེམས་ཀྱི་ཉི་ཟླ་གྲོང་ཁུལ་ནང་ཟས་བཟའ་ཐེངས་རེར་མི་རེའི་ཟས་རིན སྒོར་20།  གྲོང་ཁུལ་ཕྱིར་ཟས་བཟའ་ཐེངས་རེར་མི་རེའི་ཟས་རིན་སྒོར་50ཡིན།  སེམས་ཀྱི་ཉི་ཟླ་གྲོང་ཁུལ་ནང་གི་རླངས་འཁོར་གྱི་རིན་པ་མི་རེར་ཉིན་རེར་སྒོར་80ཡིན།  གྲོང་ཁུལ་ཕྱིའི་རླངས་འཁོར་གྱི་རིན་པ་མི་རེར་ཉིན་རེར་ཕལ་ཆེར་སྒོར་100ཡིན(ཟླ་5པ་ནས་ཟླ་9པའི་བར་  རིན་གོང་ཅུང་འཕར་སྲིད།)སེམས་ཀྱི་ཉི་ཟླ་གྲོང་ཁུལ་ནང་ཕྱོགས་བསྡུས་ཞབས་ཞུའི་འགྲོ་གྲོན་མི་རེར་སྒོར་25ཡིན་པ་དང་གྲོང་ཁུལ་ཕྱིར་མི་རེར་སྒོར་35རེད།

        མདོར་ན།  བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁུལ་ནང་ཉིན་རེའི་ཆ་སྙོམས་ཀྱི་ཆེས་དམའ་བའི་འཛད་སྤྱོད་ཀྱི་དཔྱད་གཞིའི་རིན་གོང་ནི།སྒོར་60ཡི་ཉལ་རིན་+སྒོར་80ཡི་འགྲིམ་འགྲུལ་གྲོན་དངུལ+སྒོར་40་ཡི་བཟའ་བཅའི་གྲོན་དངུལ+སྒོར་25ཡི་ཕྱོགས་བསྡུས་ཞབས་ཞུའི་གྲོན་དངུལ=མི་རེར་སྒོར་205ཡིན།(ལྗོངས་ཁུལ་གྱི་སྤ་སིའི་རིན་གོང་ཚུད་མེད།)

        ཡུལ་སྐོར་ཐོན་རྫས་ས་གནས་སྦྲེལ་མཐུད་ཡིད་རྟོན་མཛུབ་ཁྲིད་རིན་གོང(མི་བཅུ་དྲུག་ཡན་གྱི་ཚོགས་པའི་ལམ་ཐིག་ནང་ཞིང་ཆེན་ཕྱི་ནང་གི་གནམ་གྲུའི་སྤ་སེ་ཚུད་མེད་པ)ནི།  པོ་ཏ་མཚོ་དང་སུམ་རྩེན་གླིང་ལྗོངས་ཁུལ་གི་ཉིན་གཅིག་གི་ཡུལ་སྐོར་གྱི་(པོ་ཏ་མཚོ་དང་སུམ་རྩེན་གླིང་གི་ལྗོངས་ཁུལ་གྱི་སྤ་སེ་དང་རླངས་འཁོར་གྱི་རིན་གོང་།  དགུང་ཟས་བཅས་ཚུད། དགོང་ཟས་དང་ཁང་པ་རང་འགན་ཁུར་དགོས།)ཉིན་རེའི་ཆ་སྙོམས་ཀྱི་ཆེས་དམའ་བའི་འཛད་སྤྱོད་དཔྱད་གཞིའི་རིན་གོང་མི་རེར་སྒོར་215ཡིན་པ་དང་།  འབའ་ལྷག་དཀར་རྫོང་གི་ཉིན་གཅིག་གི་ཡུལ་སྐོར་(འབའ་ལྷག་དཀར་རྫོང་ལྗོངས་ཁུལ་གྱི་སྤ་སེ་དང་རླངས་འཁོར་གྱི་རིན་གོང་།  དགུང་ཟས་བཅས་ཚུད། དགོང་ཟས་དང་ཁང་པ་རང་འགན་ཁུར་དགོས།)ཉིན་རེའི་ཆ་སྙོམས་ཀྱི་ཆེས་དམའ་བའི་འཛད་སྤྱོད་དཔྱད་གཞིའི་རིན་གོང་མི་རེར་སྒོར་260ཡིན།  སེམས་ཀྱི་ཉི་ཟླའི་ཉིན་གཉིས་ཀྱི་ཡུལ་སྐོར་(སྟག་མཆོང་གྲོག་རོང་དང་པོ་ཏ་མཚོ། སུམ་རྩེན་གླིང་།)གྱི་ཉིན་རེའི་ཆ་སྙོམས་ཀྱི་ཆེས་དམའ་བའི་འཛད་སྤྱོད་དཔྱད་གཞིའི་རིན་གོང་མི་རེར་སྒོར་475ཡིན།   འཇོལ་རྫོང་སྨན་རིའི་ཉིན་གཉིས་ཀྱི་ཡུལ་སྐོར(སེམས་ཀྱི་ཉི་ཟླ།  འབྲི་ཆུའི་ཀྱག་ཀྱོག་ཆེན་པོ།  དབུ་ནུབ་སྟེང་།  དགོན་པ་སྟེང་།)གྱི་ཉིན་རེའི་ཆ་སྙོམས་ཀྱི་ཆེས་དམའ་བའི་འཛད་སྤྱོད་དཔྱད་གཞིའི་རིན་གོང་མི་རེར་སྒོར་470རེད།