བདེ་ཆེན་ཁུལ་མི་དམངས་སྨན་ཁང་དུ་ཏོག་གསར་གློ་ཚད་ཀྱི་ནད་དུག་ལ་ཉིང་སྐྱུར་བཤེར་འཇལ་བྱེད་ཆོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།  ཡུན་ནན་ཞིང་ཆེན་ནད་ཐོག་བརྟག་བཤེར་ལྟེ་གནས་ཀྱི་ཆེད་མཁས་ཚོགས་ཆུང་གིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་《སྨན་བཅོས་ལས་ཁུངས་ཀྱི་ནད་ཐོག་སྨན་བཅོས་ཀྱི་གཞི་རྒྱུ་རྒྱ་སྐྱེད་ཞིབ་བཤེར་ཚོད་ལྟ་ཁང་གི་དོ་དམ་བྱ་ཐབས》གཞིར་བཟུང་ནས་བདེ་ཆེན་ཁུལ་མི་དམངས་སྨན་ཁང་གི་PCRཚོད་ལྟ་ཁང་ལ་ཞིབ་བཤེར་གཏན་འབེབས་དང་ཞིབ་བཤེར་རྩིས་ལེན་བྱས་རྗེས་སྨན་ཁང་དེའི་བརྟག་བཤེར་ཚན་ཁག་གི་PCRཚོད་ལྟ་ཁང་གི་བཀོད་སྒྲིག་ལུགས་མཐུན་ཡིན་པ་དང་།  ལག་བསྟར་ཐུབ་པའི་སྤུས་ཚད་འགན་ལེན་མ་ལག་བཙུགས་ཡོད་པ།  ཡུལ་དངོས་ནས་ལོང་དཔེ་འཐེན་བཤེར་ཚད་འཇལ་གཏན་འཁེལ་བྱས་འབྲས་དེ་སྔོན་དཔག་དང་མཐུན་པ། ཚོད་ལྟ་ཁང་གིས་གཞི་རྒྱུ་རྒྱ་སྐྱེད་ཀྱི་རེ་བ་སྐོང་ཐུབ་པས་ཏོག་གསར་གློ་ཚད་ཀྱི་ནད་དུག་ལ་ཉིང་སྐྱུར་བཤེར་འཇལ་ལས་ཀ་སྤེལ་ཆོག་པར་ངོས་འཛིན་བྱུང་།

        དེའི་རྗེས་སུ་ཡུན་ནན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཏོག་གསར་གློ་ཚད་ཀྱི་ནད་དུག་ལ་ཉིང་སྐྱུར་བཤེར་འཇལ་ལས་ཀ་སྤེལ་ཆོག་པའི་སྨན་བཅོས་ལས་ཁུངས་ཁག་བཅུ་གཉིས་པ་གཏན་ཁེལ་བྱ་རྒྱུའི་བརྡ་ཐོ་བཏང་བ་དང་།   ཐེངས་འདིར་གཏན་ཁེལ་བྱས་པའི་སྨན་བཅོས་ལས་ཁུངས་ནི་བདེ་ཆེན་ཁུལ་མི་དམངས་སྨན་ཁང་དང་ཏ་ལི་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ།   ཐེང་ཁྲུང་གྲོང་ཁྱེར་མི་དམངས་སྨན་ཁང་།  ཞང་ཡུན་རྫོང་མི་དམངས་སྨན་ཁང་བཅས་4ཡིན།

         བདེ་ཆེན་ཁུལ་མི་དམངས་སྨན་ཁང་གི་PCRཚོད་ལྟ་ཁང་ནི་2017ལོར་བསྐྲུན་ཟིན་པ་དང་།  ཚོད་ལྟ་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ་74ཡོད་པ་དང་། མ་དངུལ་སྒོར་ཁྲི་150ལྷག་ཙམ་བཏང་ནས་འབྲེལ་ཡོད་སྒྲིག་ཆས་ཉོས་པ། ལག་རྩལ་མི་སྣ་5ལ“ནད་ཐོག་གི་གཞི་རྒྱུ་རྒྱ་སྐྱེད་ཀྱི་ནད་དཔྱད་ཚོད་ལྟ་ཁང་གི་ལག་རྩལ་མི་སྣའི་ལས་ཞུགས་ལག་ཁྱེར”རག་ཡོད།  2018ལོའི་ལོ་མཇུག་ཏུ་ཚོད་ལྟ་ཁང་ཚོད་ལྟའི་འཁོར་སྐྱོད་བྱེད་འགོ་བཙུགས་ནས་མཆིན་ནད་ཁ་པའི་ནད་དུག་DNAདང་HPVསོགས་ཞིབ་དཔྱད་ཚད་ལེན་རྣམ་གྲངས་སྤེལ་ཡོད།  2020ལོའི་ཟླ་5པར་ཚོད་ལྟ་ཁང་དེས་མ་དངུལ་སྒོར་ཁྲི་30བཏང་ནས་ཉིང་སྐྱུར་ལེན་ཆས་གཉིས་ཉོས་པ་དང་ཡུན་ནན་ཞིང་ཆེན་ནད་ཐོག་བརྟག་བཤེར་ལྟེ་གནས་ལ་PCRཚོད་ལྟ་ཁང་གི་ལག་རྩལ་ཞིབ་བཤེར་རེ་ཞུ་ཕུལ་བ་རེད།  ད་ལྟར་ཚོད་ལྟ་ཁང་ལ་ཉིང་སྐྱུར་བཤེར་འཇལ་གྱི་ཆ་རྐྱེན་འཛོམས་པས་ཏོག་གསར་གློ་ཚད་ཀྱི་ནད་དུག་ལ་ཉིང་སྐྱུར་བཤེར་འཇལ་བྱེད་ཆོག་ལ།  རིམས་ནད་སྔོན་འགོག་ཚོད་འཛིན་གྱི་“སྔ་ཙམ་ཤེས་པ་དང་། སྔ་ཙམ་སྙན་སེང་ཞུ་བ། སྔ་ཙམ་བརྟག་དཔྱད་བྱེད་པ། སྔ་ཙམ་ལོགས་སུ་འཇོག་པ། སྔ་ཙམ་སྨན་བཅོས་བྱེད་པ”བཅས་ལ་ལག་རྩལ་གྱི་འགན་ལེན་ནུས་ལྡན་བྱས་ཡོད་པ་རེད།