རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ8པའི་ཚེས24ཉིན།《པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སློབ་གསོའི་རྟེན་གཞི་སྒྱུར་བཀོད་རྣམ་གྲངས་ཇུས་འགོད》 རིགས་གཅིག་མཁས་ཅན་གྱི་དཔྱད་ཞིབ་ཚོགས་འདུའི་ཐོག་སེམས་ཀྱི་ཉི་ཟླ་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་དཔེ་མཛོད་ཁང་ཐོག་མ་དེ་བལ་འཐག་མཚོ་སྐྱེ་ཁམས་དཔེ་མཛོད་ཁང་སྐྲུན་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན།བལ་འཐག་མཚོ་སྐྱེ་ཁམས་དཔེ་མཛོད་ཁང་དེ་པོ་ཏ་ མཚོ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སློབ་གསོའི་རྟེན་གཞི་སྒྱུར་བཀོད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ཞིང་། སྤྱིར་བཏང་གི་ཚོད་འཛིན་ཁུལ་དུ་གནས་ཡོད།བལ་འཐག་མཚོ་རྒྱལ་ཁབ་ཀྱི་གལ་ཆེའི་འདམ་རའི་སྐྱེ་ཁམས་མཛེས་ལྗོངས་དང་སྐྱེ་ཁམས་སློབ་གསོའི་ཐོན་ཁུངས།དེ་བཞིན་བལ་འཐག་མཚོའི་ཟ་ཁང་གི་ད་ཡོད་སྒྲིག་བཀོད་སྒྱུར་བཀོད་བྱས་ནས་བསྐྲུན་རྒྱུ་ཡིན་པ་རེད།
དཔེ་མཛོད་ཁང་དེ་གཙོ་བོ་སྐྱེ་ཁམས་དཔེ་ཀློག་དང་། སྐྱེ་ཁམས་སོས་དལ། སྐྱེ་ཁམས་ཞིབ་གྲོས། སྐྱེ་ཁམས་རིག་གནས་གསར་གཏོད་དང་ཚན་རིག་གསར་གཏོད། ARསྐུལ་རེས་མྱོང་རོལ།སྐྱེ་ཁམས་འཚོལ་ཞིབ་དང་ཉམས་ལེན་སོགས་བྱེད་ནུས་ས་ཁོངས་བཀོད་སྒྲིག་བྱེད་ནས། སྤྱི་དམངས་ཀྱིས་ལྟ་ཀློག་དང་། སྐྱེ་ཁམས་འགྲེམས་སྟོན། ཚན་རིག་དང་མཐུན་པའི་འཚོལ་ཞིབ། དཔེ་ཀློག་མཉམ་སྤྱོད་ཚོགས་འདུ། བོད་བཟོའི་འཐུང་ཆུའི་ཐོན་རྫས་བཟོ་བ་སོགས་སྐྱེ་ཁམས་སློབ་གསོའི་ནང་དོན་མཁོ་འདོན་བྱས་ཡོད།དུས་མཚུངས་སུ།ཚན་རྩལ་བྱ་ཐབས་འོས་འཚམ་གྱིས་ནང་ཞུགས་བྱས་ཏེ་སྤྱི་དམངས་ཀྱི་སྤྲོ་སྣང་དང་། སྒྱུ་རྩལ་གྱི་ཚོར་སེམས། ཐེ་ཞུགས་ཀྱི་ཚོར་སེམས། ཚན་རྩལ་གྱི་ཚོར་སེམས། བདེ་སྐྱིད་ཀྱི་ཚོར་སེམས་བཅས་གང་ལེགས་སྐོང་རྒྱུ་རེད།《རྣམ་གྲངས་ཇུས་འགོད》ནང་ད་དུང་འགྲེལ་བཤད་ཀྱི་དོས་ལམ་སྤྱད་དེ་དཔེ་མཛོད་ཁང་གི་སྐྱེ་ཁམས་སློབ་གསོའི་ནུས་པ་ཁང་པའི་ཕྱི་རོལ་དུ་སྣུར་སྲིང་བྱ་རྩིས་ཡོད་པ་རེད།སྐྱེ་ཁམས་མཛེས་ལྗོངས་བསྐྱར་དུ་མངོན་པ་བརྒྱུད།ཁང་པའི་ནང་གི་སློབ་སྦྱོང་གི་ནང་དོན་དང་ཕྱི་རོལ་གྱི་སྐྱེ་ཁམས་ཉམས་ལེན་ཟུང་འབྲེལ་ཡག་པོ་བྱེད་རྒྱུ་རེད།
བལ་འཐག་མཚོ་སྐྱེ་ཁམས་དཔེ་མཛོད་ཁང་གིས་སྤྱི་དམངས་ལ་རང་བྱུང་ཁམས་དང་ཉེ་བཅར་དང་། རང་བྱུང་ཁམས་ཉམས་ལེན། རང་བྱུང་ཁམས་ཤེས་རྟོགས། རང་བྱུང་ཁམས་ལ་སློབ་སྦྱོང་བྱེད་པ་བཅས་ཀྱི་སྐྱེ་ཁམས་སློབ་གསོའི་གནས་ཤིག་མཁོ་འདོན་བྱ་རྒྱུ་ཡིན་ལ།པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཤེས་དཔལ་སློབ་གསོ་སྤེལ་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ནས་ཧུར་ཐག་སྒོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སློབ་གསོའི་ནུས་པའི་མ་ལག་བསྐྲུན་རྒྱུ་དང་།རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།