རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སྨན་རི་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་དུ་གནས་ཡོད་ལ། འབྲི་ཆུ་དང་རྫ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་དེ་གར་འདྲེས་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6000ལས་བརྒལ་བའི་རི་བོ་བཅུ་གསུམ་ནི་བརྗིད་ཉམས་ཆེ་ཞིང་ཡིད་དུ་འོང་བ་ཞིག་རེད། དེའི་ནང་རི་རྩེ་གཙོ་བོ་ཁ་བ་དཀར་པོ་ལ་འཛམ་གླིང་གི་རི་བོ་མཛེས་ཤོས་ཞེས་བརྗོད་ཀྱི་ཡོད། ས་བབ་མཐོ་ཚད་སྨི་6740ཟིན་པས་གངས་རིའི་ལྷ་བོ་ཞེས་བརྗོད་ཀྱི་ཡོད་པ་རེད།
སྨན་རི་ནི་ཁམས་པའི་ས་ཁུལ་གྱི་སྙན་གྲགས་ཆེ་བའི་རི་ཞིག་ཡིན་ལ། བོད་ལྗོངས་ཀྱི་གངས་རིན་པོ་ཆེ་དང་། མཚོ་སྔོན་གྱི་ཨ་མྱེ་རྨ་ཆེན། མཚོ་སྔོན་གྱི་དགའ་ལྡན་ཇོ་བོ་བཅས་དང་བོད་བརྒྱུད་ནང་བསྟན་གྱི་གནས་རི་ཆེན་པོ་བཞི་ཞེས་འབོད། རོང་བཙན་ཁ་བ་དཀར་པོ་ཞེས་པ་དང་གནས་ཆེན་ཁ་བ་དཀར་པོ་ཞེས་ཀྱང་འབོད།
སྨན་རིའི་གནས་མཆོད་ཞེས་པ་དེ་2014ལོའི་ཟླ་12པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་གཞུང་དུ་མིང་བཏགས་པ་དང་། 2016ལོའི་ཟླ་5པའི་ཚེས་13ཉིན་དུ་འཇོལ་རྫོང་སྐབས་བཅུ་གསུམ་པའི་མི་དམངས་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་23པའི་ཐོག་ལོ་ལྟར་གྱི་ཟླ་5པའི་ཚེས་30ཉིན་ནི་སྨན་རིའི་གནས་མཆོད་ཉིན་མོ་ཞེས་གཏན་འབེབས་བྱས་པ་རེད།