རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཉེ་སྔོན།གསར་འགོད་པས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་ཧོ་ཕིང་གྲོང་ཚོའི་དབུལ་པོའི་དུད་ཚང་ཞའོ་ཅང་རྒན་མོའི་ཁྱིམ་དུ་བཅར་འདྲི་བྱེད་པའི་སྐབས་སུ།བོད་རིགས་ཨ་མ་རྒན་མོ་ཞའོ་ཅང་གིས་གུང་ཁྲན་ཏང་དང་རིམ་པ་ཁག་གི་མི་དམངས་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ཏང་དང་སྲིད་གཞུང་གི་བཀའ་དྲིན་ལས་ངེད་ཚང་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་པར་བྱུང་བ་དང་།གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་ཀྱིས་ངེད་ཚང་དབུལ་ཐར་བྱུང་ཡོད་ཅེས་སྙིང་གཏམ་དྲོན་མོ་བཤད་བྱུང་།
རྒན་མོ་ཞའོ་ཅང་ཚང་གིས་དཀའ་སྡུག་མང་པོ་བརྒྱུད་མྱོང་།རྒན་མོ་ཞའོ་ཅང་གི་བུ་མོ་སྐལ་བཟང་སྒྲོལ་མས་བཟའ་ཐོར་བྱས་ནས།བུ་མོ་ཆུང་ཆུང་ཁྲིད་དེ་ཁྱིམ་གྱི་རྒན་རྒོན་གཉིས་ལ་ལྟ་རྟོག་བྱས་ནས་དཀའ་ཚེགས་ཆེན་པོས་འཚོ་བ་སྐྱེལ་བཞིན་ཡོད། 2015ལོའི་གནད་སྨིན་དབུལ་སྐྱོར་ལས་དོན་སྤེལ་རྗེས། ཁོ་མོ་ཚང་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དུ་བདམས་པས་འཚོ་བ་གཞི་ནས་ལེགས་སུ་ཕྱིན་ཡོད།2016ལོར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ཡོན་ལྷན་ཁང་གསུམ”གྱིས་དངོས་ཡོད་གནས་ཚུལ་གཞིར་བཟུང་།མོ་ཚང་ལ་འབྲི་གཉིས་དང་། ཕག་མ་གཅིག ཕག་ཕྲུག་གཉིས་བཅས་སྤྲད་དེ་རྒན་མོ་ཞའོ་ཅང་ཚང་ལ་གསོ་སྤེལ་ལས་རིགས་འཕེལ་རྒྱས་གཏོང་རོགས་བྱས། མིག་སྔའི་བར་ཁོ་མོ་ཚང་ལ་འབྲི་གཡག་16ཡོད། ལོ་ལྟར་མར་དང་ཕྱུར་བ་ཕྱིར་ཚོང་ཡོང་འབབ་སྒོར་8000ཡས་མས་ཟིན་པའི་ཁར་སྲིད་ཇུས་རང་བཞིན་གྱི་ཁ་གསབ་སྣ་ཚོགས་བསྣན་ན།རྒན་རྒོན་གཉིས་ཀྱི་ལོ་རེའི་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཟིན་ཡོད་པ་རེད།
སྐལ་བཟང་སྒྲོལ་མ་ཡང་གྲོང་ཚོའི་སྐྱེ་ཁམས་ནགས་སྲུང་བར་གདན་ཞུ་བྱས་པས། ལོ་གཅིག་གི་ཁ་གསབ་རོགས་དངུལ་སྒོར་ཁྲི་1ཡོད་པའི་ཁར་ཞོར་ལས་དང་འདེབས་འཛུགས་སོགས་ཐོན་སྐྱེད་རང་བཞིན་གྱི་ཡོང་འབབ་དང་སྲིད་ཇུས་རང་བཞིན་གྱི་ཁ་གསབ་རོགས་དངུལ་བསྣན་ན་ཁྱོན་བསྡོམས་སྒོར་ཁྲི་4ལྷག་ཡོད། ཁྱིམ་མི་ཡོངས་ཀྱི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.8ཟིན་ནས་2018ལོའི་ལོ་མཇུག་ཏུ་དབུལ་སྒྲོལ་ཐུབ་པ་བྱུང་ཡོད།
མིག་སྔར།རྒན་མོ་ཞའོ་ཅང་གི་ཚ་མོ་སློབ་ཆེན་ལོ་རིམ་བཞི་བ་འགྲིམ་བཞིན་ཡོད། རྒན་མོ་ཞའོ་ཅང་ལགས་ཀྱིས་ཚོ་ཆུང་གི་འོས་འགན་ངལ་རྩོལ་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་སོགས་ཀྱི་བྱེད་སྒོའི་ནང་ཧུར་བརྩོན་གྱིས་ཞུགས་པ་དང་ཁྱིམ་མཚེས་དང་འཆམ་མཐུན་མཉམ་གནས་བྱས། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དང་གྲོང་མིའི་ཁྲོད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་ནས“ཡང་ཐང་གྲོང་རྡལ་གྱི་འཕྲོད་བསྟེན་ཁྱིམ་ཚང·དུད་ཚང་དབུལ་པོའི་དཔེ་སྟོན་དུད་ཚང”དུ་བདམས་པ་རེད།
ཏང་གི་སྲིད་ཇུས་འདི་འདྲ་བཟང་བས། ངའི་མི་རབས་འདིར་འདི་ལྟ་བུའི་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་སོང་། ངའི་ཕ་ཚ་བུ་རྒྱུད་ཀྱིས་ངེས་པར་དུ་ཏང་གི་བཀའ་དྲིན་ཚོར་བ་དང་།ལས་ལ་བརྩོན་ཞིང་འབད་འཐབ་བྱས་ནས་འཚོ་བ་ཡག་པོ་རོལ་ཐུབ་རྒྱུ་ཁོ་ཐག་ཡིན།འདི་ནི་རྒན་མོ་ཞའོ་ཅང་གི་སེམས་འདུན་ཡིན།