རི་སྐྱེས་སྲོག་ཆགས་གཙོད།
རི་སྐྱེས་སྲོག་ཆགས་རྐྱང་།
རི་སྐྱེས་སྲོག་ཆགས་འབྲོང་།
དབྱར་དུས་ཀྱི་བོད་བྱང་ཐང་དུ་སྐྱེས་སྟོབས་ཀྱི་དཔལ་རབ་ཏུ་འབར་ཞིང་། བྱང་ཐང་རྩྭ་ཐང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི4500ཡན་ཟིན་པ་དེ་ནི་བོད་ལྗོངས་ཀྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་རང་བྱུང་རྩྭ་ཐང་ཞིག་ཡིན་ལ། གནས་དེར་ས་དབྱིབས་མྱ་ངམ་ཐང་དང་། རྩྭ་ཐང་། མཚེའུ། རི་ཀླུང་། ལྟ་ན་སྡུག་པའི་ཡུལ་ལྗོངས་བཅས་ཡོད།
གནས་དེ་ནི་རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་ཤིག་ཡིན་པས། གཙོད་དང་། རྐྱང་། འབྲོང་། རི་བོང་སོགས་རི་སྐྱེས་སྲོག་ཆགས་མང་པོ་དེར་འཚོ་སྡོད་བྱེད་པ་དང་། རང་བྱུང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད། །