ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ9པའི་ཚེས15ཉིན་གྱི་སྔ་དྲོར།ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐེངས་བརྒྱད་པ་དེ་ཁུན་མིང་ནས་གཟབ་རྒྱས་ངང་འཚོགས་པ་རེད།  ཞིང་ཨུའི་ཧྲུའུ་ཅི་ཁྲེན་ཧའོ་ཡིས་ཚོགས་འདུའི་ཐོག་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཡུན་ནན་དུ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “མཐའ་མཚམས་དང་མི་རིགས། རི་ཁུལ། མཛེས་སྡུག་”བཅས་གཞི་རྩའི་ཞིང་ཆེན་གནས་ཚུལ་གྱི་ནང་དོན་གསར་པ་གསར་བཟོ་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།མུ་མཐུད་དུ “མི་རིགས་ཁག་ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན། ཁྱིམ་ཚང་གང་བོ་འཚོ་བ་སྐྱིད་པོ་རོལ་དགོས་”ཞེས་པའི་དུས་རབས་གསར་པའི་ནང་དོན་འཕེལ་རྒྱས་སུ་བཏང་ནས།ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་རྒྱུན་འཁྱོངས་བྱས་ནས། ཀྲུང་ཧྭ་མི་རིགས་ཁོང་ཡངས་རང་བཞིན་སྔར་བས་ཆེ་བ་དང་གོང་བུར་འགྲིལ་ཤུགས་སྔར་བས་ཆེ་བའི་ལས་དབང་གཅིག་པའི་ཚོགས་སྡེ་ཕྱོགས་སུ་འགྲོ་བར་སྐུལ་འདེད་གཏོང་ཆེད་ཡུན་ནན་གྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། 

        ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུས་པོ་ཡིས་ཚོགས་ཆེན་ལ་གཙོ་སྐྱོང་གནང་བ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ལི་ཅང་ཚོགས་འདུར་ཞུགས་པ་རེད། 

        ཁྲེན་ཧའོ་ཡིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་ལས་དོན་འཐབ་ཕྱོགས་ཀྱི་བློ་མཐུན་ཚོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་ཕྱོགས་ཁག་གི་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་རང་ཞིང་ཆེན་གྱི་ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ལས་དོན་ཁག་ལེགས་སྒྲུབ་གཏིང་ཟབ་བྱས་པས་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་འཚོ་བ་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བྱུང་མྱོང་མེད་པའི་ཡར་ཐོན་བྱུང་ཡོད།    མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་ཕྱར་བ་གྲུ་འདེགས། འཆམ་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་ཟམ་མི་ཆད་པར་སྲ་བརྟན་དུ་སོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་ཞི་མཐུན། མཐའ་མཚམས་བརྟན་ལྷིང་བཅས་ཀྱི་རྣམ་པ་བཟང་པོ་སྔར་བས་སྲ་བརྟན་དུ་ཕྱིན་ཡོད། མི་རིགས་ལས་དོན་ཡུན་ནན་དུ་གསོན་ཉམས་ལྡན་པའི་ལག་ལེན་བྱས་པ་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ནི་རྦད་དེ་ཡང་དག་ཡིན་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་མི་རིགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ནི་རྦད་དེ་ཡང་དག་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད།    ཀྲུང་གོའི་གུང་ཁྲན་ཏང་ཁོ་ནས་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་མངོན་འགྱུར་བྱེད་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་མི་རིགས་ཁག་གོང་བུ་གཅིག་ཏུ་སྒྲིལ་བ་དང་། མི་རིགས་ཁག་འཕེལ་རྒྱས་གཏོང་བ། མི་རིགས་ཁག་དར་རྒྱས་ཡོང་བ་བཅས་བྱེད་མི་ཐུབ་པ་དང་། མི་རིགས་འབྲེལ་བ་འགྲིག་མཐུན་ཡིན་པ་ར་སྤྲོད་གང་ལེགས་བྱེད་པ་ནི་ང་ཚོའི་ཆེས་རྩ་ཆེ་བའི་རྒྱུ་ནོར་ཡིན། ངེས་པར་དུ་མཐའ་འཁྱོངས་ཁྲོད་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་ཁྲོད་གསར་གཏོད་བྱས་ཏེ་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད། 

        ཡུན་ནན་གྱི་ངོས་ནས་བཤད་ན། མི་རིགས་མཐུན་སྒྲིལ་ཡར་ཐོན་ནི་ཐོག་མཐའ་བར་གསུམ་དུ་ང་ཚོའི་ལས་ཀའི་བརྗོད་བྱ་གཙོ་བོ་ཡིན། མི་རིགས་ཀྱི་འབྲེལ་བ་ནི་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་ཀྱི་འབྲེལ་བ་གལ་ཆེ་ཤོས་ཡིན་པ་དང་། མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་ནི་ཐོག་མཐའ་བར་གསུམ་དུ་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན། ཁྲེན་ཧའོ་ཡིས་ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་རྩ་བའི་ཁ་ཕྱོགས་འདི་དམ་པོར་བཟུང་ནས། མི་རིགས་ཁག་གི་མང་ཚོགས་ལ་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཡང་དག་པ་འཛུགས་པར་ཁྲིད་སྟོན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གསར་འཛུགས་ཀྱི་ལམ་ལུགས་ལག་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཡང་དག་པའི་ལམ་བུའི་ཐོག་སྐྱོད་དགོས།   

        འཕེལ་རྒྱས་ནི་ལས་འགན་ཨང་དང་པོ་ཡིན་པ་མཐའ་འཁྱོངས་བྱས་ནས་གཡོ་འགུལ་མི་གཏོང་བ་དང་། ཕྱོགས་ཡོངས་ནས་དབུལ་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་སྦྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་དགོས། རི་ཁུལ་གྱི་ཕྱོགས་བསྡུས་གསར་སྤེལ་གྱི་ལས་དོན་ཆེན་པོ་འདི་ཞིབ་མོའི་བློ་ཡིས་ལེགས་པར་བསྒྲུབ་པ་དང་།         “ལོ་ལྔ་ཚན་བཅུ་བཞི་པའི་”དུས་སྐབས་ཀྱི་མཐའ་དར་དམངས་ཕྱུག་བྱ་སྤྱོད་སོགས་གཙོ་གནད་ཆེད་དོན་འཆར་འགོད་སྒྲིག་བཟོ་དང་ལག་བསྟར་ཡག་པོ་བྱེད་པ། མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས།   སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་བྱེད་པ་དང་། བསམ་བློ་དང་རིག་གནས་ཀྱི་གཡུལ་ས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མི་རིགས་རིག་གནས་ཀྱི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་།  མི་རིགས་ས་ཁུལ་གྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གསོ་ལེགས་པར་བསྒྲུབ་དགོས། སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་ཧྭའི་རིག་གནས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་གཏོང་བ། མི་རིགས་ཁག་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་པ་བཅས་བྱ་དགོས།   ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་དང་། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཕྱོགས་ཡོངས་ནས་གཏིང་ཟབ་དང་རྒྱུན་སྲིང་ངང་སྤེལ་བ་དང་། མི་རིགས་ཁག་གི་བརྩེ་དུང་འབྲེལ་བ་དང་། རིག་གནས་ཀྱི་ཐུན་མོང་རང་བཞིན། སེམས་པ་གཅིག་མཐུན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། མི་རིགས་ཁག་གི་མི་དམངས་ཁྱིམ་ཚང་གཅིག་ལྟར་གྱི་རྣམ་པ་བཟང་པོ་སྲ་བརྟན་དུ་གཏོང་དགོས། མི་རིགས་ཀྱི་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད། ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་མི་རིགས་མཐུན་སྒྲིལ་འགན་སྲུང་དང་སྲ་བརྟན་དུ་གཏོང་བ་དང་། ཏང་སྲིད་དམག་ཉེན་དམངས་བཅས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཐའ་མཚམས་སྲ་བརྟན་དུ་གཏོང་བའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ནད་མཐའ་མཚམས་མི་རིགས་ས་ཁུལ་གྱི་བཅོས་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་རིགས་ཁག་གི་མི་དམངས་རྣམས་ཏང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་ མཐའ་མཚམས་ཀྱི་ཏང་སྐྱོང་ཁྱམས་རིང་འཛུགས་སྐྲུན་ཟབ་སྤེལ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་། མི་རིགས་ས་ཁུལ་གྱི་ལས་བྱེད་པ། མི་རིགས་ལས་དོན་གྱི་ལས་བྱེད་པའི་དཔུང་ཁག་བཅས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས་ཞེས་ནན་གྱིས་བསྟན་པ་རེད། 

        ཚོགས་ཆེན་ཐོག་ཁུན་མིང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་ལས་ཁང་སོགས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་50དང་ཁྲེན་ཧའོ་སོགས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་100ལ་གཟེངས་བསྟོད་བྱས་པ་རེད། པི་ཁྲུན་ཧྭ་དང་ལི་ཡུང་གིས་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་བ་རེད།