དབང་མོའི་ཕི་ས་ཁང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

      

        ཕ་ཡུལ་འཇོལ་རྫོང་ཐང་ལ་ནས་ཡིན་པའི་ཚེ་རིང་དབང་མོ་ཡིས་འཇོལ་རྫོང་དུ་ཕི་ས་ཁང་ཞིག་ཕྱེས་ནས།ཞོར་ལས་བུ་མོ་ནས་སྦྱིན་བདག་ཏུ་གྱུར་ཏེ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ནང་མི་ཚོར་དྲོ་སྐྱིད་ལྡན་པའི་འཚོ་བ་ཞིག་བསྐྲུན་པ་རེད།

        ཚེ་རིང་དབང་མོ་ཚང་ལ་ཁྱིམ་མི་6ཡོད་པ་དང་། ཕ་མའི་ལུས་ཕུང་བདེ་པོ་མིན་ལ། ཁྱིམ་དུ་ད་དུང་སློབ་གྲྭར་འགྲོ་བའི་ཕྲུ་གུ་གཉིས་ཡོད་པ་རེད། ཁྱིམ་ཚང་གང་བོར་འཚོ་བ་སྐྱིད་པོ་ཞིག་རོལ་དུ་འཇུག་ཆེད། དབང་མོའི་བཟའ་ཟླ་ལོ་ལྟར་བོད་ལྗོངས་སུ་ཞོར་ལས་ལ་འགྲོ་བ་དང་། ཁོ་མོ་ཡང་འཇོལ་རྫོང་དུ་ཞོར་ལས་ལ་འགྲོ་གི་ཡོད།

        2017ལོའི་ཡར་སྔོན།མོས་རྒྱ་ཁོག་ཁང་ནང་དུ་ཞོར་ལས་བྱེད་བཞིན་ཡོད་པ་དང་།འོན་ཀྱང་ཞོར་ལས་ཀྱི་ཡོང་འབབ་དེ་གཞི་རྩའི་འཚོ་བའི་འགྲོ་སོང་ཕུད་ན་གང་ཡང་ལྷག་མེད་པས། འཚོ་བའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་ག་ལ་ཐུབ་ཅེས་དབང་མོས་སྔོན་གྱི་འཚོ་བ་ལ་ཕྱིར་དྲན་བྱས།

        ཇི་ལྟར་བྱས་ན་ད་གཟོད་འཚོ་བའི་གནས་ཚུལ་དངོས་སུ་བསྒྱུར་ཐུབ་བམ། ལོ་མང་པོའི་རིང་གླ་རྒྱག་བྱས་པ་བརྒྱུད་ཞོར་ལས་ལ་ཉམས་མྱོང་ཡོད་པའི་བཟའ་ཟླ་གཉིས་ཀྱིས་བསམ་གཞིགས་གཟབ་ནན་བྱས་པ་བརྒྱུད་མཐར་ལས་གཏོད་ལ་བརྟེན་ནས་དབུལ་སྒྲོལ་བྱེད་རྒྱུ་ཐག་བཅད།2017ལོར།ཚེ་རིང་དབང་མོས་ལས་གཏོད་དངུལ་བུན་སྒོར་ཁྲི་10རེ་ཞུ་བྱས་ནས། འཇོལ་རྫོང་སློབ་ཆུང་གཉིས་པའི་འཁྲིས་སུ་ཡོད་པའི་ཚོང་ཁང་ཆུང་ཆུང་ཞིག་ཉོས་ནས་ཕི་ས་བཙོངས། འོན་ཀྱང་དང་ཐོག་གཉེར་སྐྱོང་བྱེད་སྟངས་སྣ་རྐྱང་ཡིན་པ་དང་། བཟོ་རྩལ་སྤྱིར་བཏང་ཡིན་སྟབས་ཚོང་དེ་ཙམ་ཡག་པོ་མེད།

        2018ལོར། ཡུན་ནན་གློག་འཕྲིན་ཀུང་སིའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིས་ཚེ་རིང་དབང་མོ་ལ་ཁུན་མིང་གི་གསོ་སྦྱོང་སྒྲིག་གཞི་ཞིག་དང་འབྲེལ་བ་བྱས་ཏེ་སློབ་སྦྱོང་བྱས་པ་བརྒྱུད། ཚེ་རིང་དབང་མོས་བཟོས་པའི་ཕི་སའི་ལག་རྩལ་ཉིན་རེ་བཞིན་ཇེ་བཟང་དུ་འགྲོ་བཞིན་ཡོད། དེ་དང་ཆབས་ཅིག་བཏུང་བྱ་གྲང་མོ་དང་། བྱ་ཤ་བསྲེགས་མ། ཧན་པའོ་བཅས་ཀྱི་བཟོ་རྩལ་ཡང་ཤེས་པ་རེད། ཚོང་ཁང་གི་ཚོང་རིམ་བཞིན་ཇེ་ལེགས་སུ་སོང་།དེ་མ་ཟད། གློག་འཕྲིན་ཀུང་སིས་ཚེ་རིང་དབང་མོའི་ཚོང་ཁང་དུ་རིན་མི་དགོས་པར་དྲ་བ་འཐེན་པ་དང་། མགྲོན་པོ་མེད་པའི་སྐབས་སུ། ཁོང་གིས་དྲ་ཐོག་ནས་བཟའ་བཅའི་བཟོ་རྩལ་དེ་བས་མང་བ་སྦྱངས་པ་དང་ཚོང་ཁང་ནང་གི་བཟའ་བཅའི་སྣ་ཁ་ཕུན་སུམ་ཚོགས་སུ་བཏང་ཡོད།  ད་ལོའི་རིམས་ནད་ཀྱི་སྐབས་སུ་ཚོང་ཁང་གི་ཚོང་ལ་ཤུགས་རྐྱེན་ཐེབས། ཚེ་རིང་དབང་མོས་ད་དུང་སྐད་འཕྲིན་ཚོགས་པ་བཙུགས་ནས་མའེ་ཐོན་ནང་ཞུགས་པ་དང་ཕྱི་ཚོང་གི་ཚོང་རྒྱག་འགོ་བཙུགས་པ་རེད།ད་ལྟ་ཚེ་རིང་དབང་མོས་ཀཱ་ལི་དང་འབྲས་ཆན་སོགས་བཟོ་ཤེས་པས།ཕུན་སུམ་ཚོགས་པའི་ཚལ་རིགས་ཀྱིས་སྐུ་མགྲོན་དེ་བས་མང་བའི་ཡིད་དབང་བཀུག་པ་དང་ཚོང་ཉིན་རེ་ལས་ཉིན་རེ་ཡག་ཏུ་ཕྱིན་ཡོད།

ཚེ་རིང་དབང་མོས་ངའི་ཚོང་ཁང་ཆུང་ཆུང་འདིར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་6ནས་7ཡོད་པ་དང་། ན་ནིང་ངས་ད་དུང་ཁྱིམ་ལ་ཡང་བསྐྱར་སྒྲིག་བཟོ་བྱས་པ་ཡིན། ད་ལྟ། ངའི་བཟའ་ཟླ་ཡང་བོད་ལྗོངས་ནས་ཕྱིར་ལོག་ནས། ང་དང་མཉམ་དུ་ཚོང་ཁང་ཆུང་ཆུང་གཉེར་གྱི་ཡོད།

        ད་ལོའི་ཟླ་7པར། ཚེ་རིང་དབང་མོས་ད་དུང་ལས་གཏོད་དངུལ་བུན་སྒོར་ཁྲི་10འཇལ་ཟིན་པ་དང་།ཁོ་མོས་ཀྱང་ཚལ་རིགས་དེ་བས་མང་བ་སློབ་སྦྱོང་ཧུར་ཐག་བྱེད་ཀྱི་ཡོད། མོས་ད་ལྟའི་བསམ་འདུན་ཆེ་ཤོས་ནི་རྫོང་གྲོང་ནས་ཁང་པ་ཉོས་ཏེ་ཕ་མ་གཉིས་ཀ་མཉམ་དུ་འཚོ་བ་སྐྱེལ་རྒྱུ་དེ་རེད་ཅེས་བཤད་བྱུང་།