བདེ་ཆེན་ཁུལ་གྱིས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེ་དངོས་སུ་ལག་བསྟར་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས《བདེ་ཆེན་ཁུལ་གྱིས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་པའི་བརྡ་ཐོ་ལྟར་ན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་2020ལོའི་ལོ་མཇུག་ཏུ་གྲོང་ཁུལ་གཙོ་བོའི་སྤྱི་པའི་སྒྲིག་གཞིའི་འཚོ་བའི་གད་སྙིགས་རིགས་དབྱེ་ཁྱོན་ཡོངས་ལ་ཁྱབ་རྒྱུ་རེད། 

   

     《ལག་བསྟར་ཇུས་གཞིའི》ནང་ཉུང་མཐར་ཡང་ཁྲོམ་གཞུང་1ལ་འཚོ་བའི་གད་སྙིགས་རིགས་དབྱེའི་དཔེ་སྟོན་ཁུལ་གཞི་རྩའི་ཆ་ནས་བསྐྲུན་དགོས་པ་དང་།2022ལོའི་ལོ་མཇུག་ཏུ་སླེབས་སྐབས་གྲོང་ཁུལ་གཙོ་བོའི་འཚོ་བའི་གད་སྙིགས་རིགས་དབྱེ་ཁྱོན་ཡོངས་ལ་ཁྱབ་པ་བྱེད་དགོས།2025ལོའི་ལོ་མཇུག་ཏུ་སླེབས་སྐབས་འཚོ་བའི་གད་སྙིགས་རིགས་དབྱེ་གཙང་སེལ་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཟིན་ནས་འཚོ་བའི་གད་སྙིགས་མེར་བསྲེག་གཙང་སེལ་བྱེད་ཚད་དང་ཐབ་ཚང་གི་གད་སྙིགས་ཐོན་ཁུངས་ཅན་དུ་སྤྱོད་ཚད་80%ཟིན་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།  

    

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་། འབའ་ལུང་རྫོང་། འཇོལ་རྫོང་བཅས་ཀྱི་རྫོང་མཁར་དང་། བདེ་ཆེན་སེམས་ཀྱི་ཉི་ཟླ་དཔལ་འབྱོར་གསར་སྤེལ་ཁུལ་དང་། བཟོ་ལས་གླིང་ཁུལ། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་ཀྱིས་མཛེས་སྡུག་ལྡན་པའི་རྫོང་གྲོང་དང་སྐྱེད་ཚལ་གྲོང་ཁྱེར་སོགས་ཀྱི་ཤེས་དཔལ་གསར་གཏོད་ལས་དོན་དང་ཟུང་འབྲེལ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཏང་སྲིད་ལས་ཁུངས་དང་། བྱ་གཞག་ཚན་པ། གཞུང་ཁོངས་ཁེ་ལས། སྤྱི་ཚོགས་རྩ་འཛུགས་བཅས་དང་། མགྲོན་ཁང་དང་། གསོལ་མགྲོན་ཁང་།ཚོང་ཁང་སོགས་གཉེར་སྐྱོང་རང་བཞིན་གྱི་བྱེད་སྒོ་སྤེལ་ཡུལ་སོགས་མི་སྣ་འདུས་ཚད་ཆེ་བ་དང་། སྡོད་གནས་སྡེ་ཁུལ། གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་ཀྱི་གྲོང་གསེབ་སྡེ་ཁུལ་སོགས་ས་ཁོངས་སུ་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་སྤེལ་དགོས་པ་དང་།   ཤང་དང་གྲོང་རྡལ། གྲོང་གསེབ་བཅས་ཀྱིས་《ཀྲུང་དབྱང་གྲོང་གསེབ་གཞུང་ལས་ཁང་ཞིང་ལས་གྲོང་གསེབ་པུའུ་ཡིས་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་ལས་ཀའི་ལས་བགོས་ཇུས་གཞི་དཔར་འགྲེམ་བྱ་རྒྱུའི་སྐོར་གྱི》བླང་བྱ་ལྟར། གད་སྙིགས་རིགས་དབྱེའི་ལས་དོན་སྤེལ་དགོས། གོང་གསལ་ས་ཁོངས་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་ཀའི་དམིགས་ཚད་ལས་འགན་དེ་ཁོངས་གཏོགས་ཁུལ་མི་དམངས་སྲིད་གཞུང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སོ་སོས་གཏན་འཁེལ་བྱེད་དགོས། 

        《ལག་བསྟར་ཇུས་གཞིའི》ནང་གཙོ་གནད་ལས་དོན་གྱི་འགན་འཁྲིའི་ལས་ཁུངས་དང་གཞོགས་འདེགས་ལས་ཁུངས་ལ་མཛུབ་སྟོན་གནང་ཡོད། རིམ་པ་ཁག་གི་འགན་འཁྲི་དོན་འཁྱོལ་དང་ས་གནས་སྲིད་གཞུང་གིས་འཚོ་བའི་གད་སྙིགས་རིགས་དབྱེའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ་ཁུལ་དཔོན་དང་རྫོང་(གྲོང་ཁྱེར)གི་དཔོན་གྱིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱེད་དགོས།   འཚོ་བའི་གད་སྙིགས་རིགས་དབྱེ་དོ་དམ་ལམ་ལུགས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བརྒྱུད་ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། གད་སྙིགས་རིགས་དབྱེའི་བྱ་སྤྱོད་ཁྲིམས་ལྟར་ཚད་ལྡན་བཟོ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེའི་མ་ལག་དང་འབྲེལ་ཡོད་སྒྲིག་བཀོད་འཛུགས་སྐྲུན་ཁ་གསལ་བཟོ་བ། དེ་བཞིན་འབྱུང་རྩ་ནས་ཉུང་འཕྲི་དང་། ལྟ་སྐུལ་དོ་དམ། འགན་སྲུང་བྱ་ཐབས། འགན་འཁྲི་དང་འོས་འགན། སྤྱི་དམངས་ཀྱི་བྱ་སྤྱོད་ཚད་གཞི། བྱ་དགའ་དང་ཆད་གཅོད་ཀྱི་ལམ་སྲོལ་སོགས་ཁ་གསལ་བཟོས་ནས་འཚོ་བའི་གད་སྙིགས་རིགས་དབྱེའི་གཞི་འཛིན་སའི་ཁྲིམས་ཡོད་པ་བྱེད་དགོས།