ཟླ་10ཚེས་28ཉིན་གྱི་ཕྱི་དྲོ། བདེ་ཆེན་གྱི་རྩེར་སོན་སྒེར་འཁོར་བཏང་ནས་ཡུལ་སྐོར་གྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད(རྒྱལ་ལམ་214ལམ་ཐིག་སུང་ཡོན་ཟམ་པ་ནས་ཁ་བ་དཀར་པོའི་བར་དང་།ཞིང་ཆེན་ལམ་གྱི་233ལམ་ཐིག་འཇོལ་ནས་འབའ་ལུང་བར་)རྣམ་གྲངས་ལས་འགོ་ཚུགས་པའི་མཛད་སྒོ་དེ་ལམ་ཐིག་214ཡི་འཇོལ་རྫོང་ལ་ཕྱོགས་སའི་སུན་རྩེན་གླིང་ལྗོངས་གཟིགས་སྟེགས་བུར་སྤེལ་བ་རེད།
ཉེ་བའི་ལོ་ཤས་རིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཞིང་ཆེན་སྲིད་གཞུང་གིས་བཏོན་པའི་ཡུན་ནན་ནུབ་རྒྱུད་ཆེན་པོའི་ཡུལ་སྐོར་སྐོར་ལམ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་“ལམ་གཉིས”ཀྱི་རླངས་འཁོར་ཤར་གཏོང་ཐུབ་རྒྱུར་དམ་པོར་དམིགས་ནས། ཁུལ་ཡོངས་ཀྱི་ཡུལ་སྐོར་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་ནུས་པ་ཆེ་རུ་ཏན་ཏིག་བཏང་བཞིན་ཡོད་དེ། སྐྲུན་འགོ་བཙུགས་པའི་རང་ཁུལ་གྱི་རང་འཁོར་གཏོང་བའི་ལམ་ཐིག་རྩེ་གྲ་ཡུལ་སྐོར་གྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ནི་(རྒྱལ་ལམ་214ལམ་ཐིག་སུང་ཡོན་ཟམ་པ་ནས་ཁ་བ་དཀར་པོའི་བར་དང་ཞིང་ཆེན་ལམ་རྒྱུད་233ལམ་ཐིག་འཇོལ་རྫོང་ནས་འབའ་ལུང་བར) ཡུན་ནན་ནུབ་རྒྱུད་ཀྱི་ཡུལ་སྐོར་སྐོར་ལམ་འཛུགས་སྐྲུན་གྱི་འདེགས་སྐྱོར་རྣམ་གྲངས་གལ་ཆེན་ཞིག་ཡིནཔ་རེད། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.24བཏང་བ་དང་རྣམ་གྲངས་དེའི་ནང་རྒྱལ་ལམ་214ལམ་ཐིག་སུང་ཡོན་ཟམ་པ་ནས་ཁ་བ་དཀར་པོའི་བར་དང་ཞིང་ཆེན་ལམ་བུའི་233ལམ་ཐིག་འཇོལ་རྫོང་ནས་འབའ་ལུང་བར་དུ་མཛེས་ལྗོངས་ལ་ལྟ་བའི་སྟེགས་བུ་19བསྐྲུན་ཡོད། འཛུགས་སྐྲུན་གྱི་ནང་དོན་གཙོ་བོ་ནི་ལྗོངས་གཟིགས་སྟེགས་བུ་དང་། ཡུལ་སྐོར་གསང་སྤྱོད། མཚོན་རྟགས་བྱང་བུ། ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་སོགས་ཡིན། སྒེར་འཁོར་བཏང་ནས་ཡུལ་སྐོར་ལམ་ཐིག་གི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ལས་འགོ་ཚུགས།