བདེ་ཆེན་གྱི་སྤྱི་ཚོཊ་བརྟན་ལྷིང་དང་མང་ཚོཊ་བདེ་སྡོད་ལས་བརྩོན་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-11-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་གྱིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དེ་བརྩི་སྲུང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།“རྒྱལ་ཁབ་སྐྱོང་བར་སྔོན་ལ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱ་རྒྱུའི་”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་“ཁྲིམས་ལྟར་བོད་སྐྱོང་དང་དམངས་ཕྱུག་བོད་དར།   ཡུན་རིང་བོད་སྐྲུན།  མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་དུ་གཏོང་བ་”བཅས་ཀྱི་རྩ་དོན་གལ་ཆེན་སོགས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་བཏང་སྟེ། ཁུལ་ཡོངས་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། 

     རྒྱལ་ཁབ་ཀྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ། 

    བདེ་ཆེན་བོད་འབྲེལ་ས་ཁུལ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་མགྱོགས་སུ་གཏོང་བའི་གཙོ་མདའ་དང་། ཁ་ཕྲལ་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཙོ་རྐང་དེར་དམིགས་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འགོ་ཁྲིད་ལམ་སྲོལ་འཁོར་སྐྱོད་དང་སོགས་མཉམ་འགུལ་གྱི“ཕུགས་ཕན་ལམ་སྲོལ་དགུ”བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་རེད། 

     ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱས་པ། སྔ་རྗེས་སུ《བདེ་ཆེན་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་དུས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》སོགས་བཏོན་ནས་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་དགོན་སྡེ་དང་འབྲེལ་བའི་ལས་ཀའི་ལམ་སྲོལ་བཙུཊ། ཁུལ་ཡོངས་ཀྱིས་ཆོས་ལུགས་དང་མཐུན་པའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས། 


     ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་བྱེད་པར་ཤུགས་རྒྱབ་པ། 

    ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་བྱེད་པའི་སྤྱིའི་ཇུས་གཞི་དང་ཡན་ལག་ཇུས་གཞི་28ཆེད་དོན་ཞིབ་འཇུག་བྱས་པ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་མངོན་གསལ་དོད་རིགས་11གནད་སྨིན་ངང་གཏན་འཁེལ་བྱས་ལ། ཆེད་འཛིན་འགོ་ཁྲིད་ཚོགས་ཆུང་རིགས་དབྱེ་ནས་བཙུགས་ཏེ་འགལ་ཟླ་གྲལ་བཤེར་སོགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བ་རེད། 


     ནག་ཚོགས་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ། 

    ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ནག་ཚོགས་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་བཀོད་སྒྲིག་དང་བླང་བྱ་ཁག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་།  ཁྲིམས་ལྟར་གྱོད་གཞི་གལ་ཆེན་སྒྲུབ་གཉེར་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད། 


    མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་དངོས་ཕན་ཐོབ་ཡོད། 

    ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་དམ་པོར་སྲུང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཡོད།2018ལོའི་ཟླ་11པར་བདེ་ཆེན་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གཏོད་པའི་ལས་དོན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེ་མོ་ཐེངས་ལྔ་པར་བརྡ་ཁྱབ་བཏང་ནས་བསྔགས་བརྗོད་བྱས།2019ལོའི་ཟླ་9པར་བདེ་ཆེན་ཁུལ་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བཙུགས་པར་ཞིང་ཆེན་རིམ་པའི་ཞིབ་བཤེར་ཐོག་མ་བྱས། ཉེ་ཆར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་རང་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་སྙན་ཞུར་གསན་པ་རེད།