རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-11-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ11པའི་ཚེས16ཉིན། ཁུལ་ཨུའི་ཧྲུའུ་ཅི། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་དབྱི་ཀྲི་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཆི་ཅན་ཞིན་གྱིས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྐྲུན་བཞིན་པའི་གཙོ་གནད་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་དུ་བརྟག་ཞིབ་གནང་སྐབས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། གཏན་འཁེལ་ཟིན་པའི་དུས་ཚོད་ཀྱི་མཚམས་ཚིགས་དང་དམིགས་ཚད་ལས་འགན་གཞིར་བཟུང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ནུས་ཤུགས་ཡོད་རྒུས་མགྱོགས་སུ་གཏོང་དགོས། བྱ་སྤྱོད་དངོས་ཀྱི་ཐོག་ནས་“སྲུང་སྐྱོང་གཉིས་”ལག་ལེན་བསྟར་བ་དང་འགན་འཁྲི་འཁུར་བཟོད་མངོན་པར་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད།
ཟླ11པའི་ཚེས16ཉིན། ཁུལ་ཨུའི་ཧྲུའུ་ཅི། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་དབྱི་ཀྲི་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཆི་ཅན་ཞིན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྐྲུན་བཞིན་པའི་གཙོ་གནད་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་དུ་བརྟག་ཞིབ་གནང་བཞིན་པ། (ཧྲི་ཞའོ་ཡའོ་ཡིས་པར་རིས་གསར་འགྱུར་བཀོད་པ།)
མིག་སྔའི་བར། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱིས་ཕུག་ལམ་འདྲུ་བ་དང་སྲུང་སྐྱོང་བྱེད་ཚད་སྨི་86276ཟིན་པ་དེས་93.2%བཟུང་ཡོད། འདིའི་ཁྲོད་ཕུག་ལམ་16ལ་ཏལ་འབིགས་བྱས་པ། ཟམ་པ་སྨི་9564གྲུབ་ཡོད་པ་དེས་96.0%བཟུང་བ། ལམ་གཞི་སྨི་གྲུ་བཞི་མ་ཁྲི་677ཟིན་པ་དེས་96.9%བཟུང་ཡོད། Tགདུང་མས་ཁུང་བུ་251དང་གདུང་མ་238སྔོན་བཟོ་བྱས། རྗེས་ཀྱི་སྡོད་ཁང་འཛུགས་སྐྲུན་ལས་གྲྭ་ལ་ཧྲི་ཧེ་དང་ཡང་ཐང་།སེམས་ཀྱི་ཉི་ཟླའི་ས་ཚིགས་བཅས་སུ་ཁང་ཀླད་བཀབ་ཡོད།མིག་སྔའི་བར་དུ།སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་གཞིའི་ལས་གྲྭས་ལས་གྲྭའི་བསྡོམས་འབོར་གྱི་98.8%ལེགས་འགྲུབ་བྱུང་བ་དང་། ཟམ་པའི་ལས་གྲྭ་99.59%ལེགས་འགྲུབ་བྱུང་། ཕུག་ལམ་ལས་གྲྭ་99.8%(བདེ་ཆེན་དུམ་བུ་ཚང་མ་ཤར་བགྲོད་ཐུབ་པ)ལེགས་གྲུབ་བྱུང་བ། ལམ་ངོས་ལས་གྲྭ་77.78%ལེགས་གྲུབ་བྱུང་བ།ལྗང་འགྱུར་བྱེད་ཚད་96.4%ཟིན་པ་དང་བདེ་འཇགས་ལས་གྲྭ་82.2%ལེགས་གྲུབ་བྱུང་ཡོད།
ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་སེམས་ཀྱི་ཉི་ཟླ་ས་ཚིགས་དང་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སེམས་ཀྱི་ཉི་ཟླའི་ས་ཚིགས་ཀྱི་གྲོན་བསྡུའི་ས་ཚིགས་སུ་བརྟག་ཞིབ་གནང་སྐབས། བརྟག་ཞིབ་ཚོ་ཆུང་གིས་ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་མིག་སྔར་རྣམ་གྲངས་འཛུགས་སྐྲུན་ཐད་ལྷག་པའི་དཀའ་ངལ་དང་གནད་དོན་ཡུལ་དངོས་སུ་གཞུང་དོན་སྒྲུབ་པ་དང་མཐུན་སྦྱོར་ཐག་གཅོད་ཀྱང་གནང་བ་རེད། བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་གིས་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་སྔར་བས་གཅིག་གྱུར་དང་ངོས་འཛིན་མཐོ་རུ་བཏང་ནས་ཁུལ་ཡོངས་ཀྱི་རྣམ་གྲངས་གལ་ཆེན་ཁག་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དེ་སྤྱོད་ཚུལ་འགྱུར་ལྡོག་གཏོང་བ་དང་། “སྲུང་སྐྱོང་གཉིས”ལག་ལེན་བསྟར་བ། ལས་བྱེད་པའི་འགན་འཁྲི་སྒྲུབ་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཏུ་བརྩི་དགོས། བདེ་ཆེན་གྱི་སྤུས་ཚད་མཐོ་བའི་མཆོང་སྐྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་བརྩིས་ནས་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་སྐུལ་འདེད་ནུས་ལྡན་གཏོང་རྒྱུའི་འགན་ལེན་བྱེད་དགོས་ཞེས་བསྟན་པ།
བརྟག་ཞིབ་ཚོགས་ཆུང་གིས་རིམ་པ་ཁག་གི་སྡེ་ཁག་ཁག་དང་རྣམ་གྲངས་འཛུགས་སྐྲུན་ལ་ཞུགས་པའི་ལས་ཁུངས་ཀྱིས་གནད་དོན་ཁྲིད་ཕྱོགས་དང་། དམིགས་འབེན་ཁྲིད་ཕྱོགས། གྲུབ་འབྲས་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ཏེ། “མིག་མངས་འགྲིག་སྐོར་གཅིག་”གི་བསམ་བློ་བརྟན་པོར་འཛུགས་དགོས། གནད་དོན་ཞིབ་ཕྲ་ཅན་དང་གསལ་ཐོ་ཅན། འགན་འཁྲི་ཅན་བཅས་སུ་འགྱུར་བར་ཏན་ཏིག་བྱ་དགོས། རྣམ་གྲངས་སྐུལ་སྤེལ་གཏོང་བར་ཚོད་འཛིན་བྱེད་པའི་མ་དངུལ་གྲབས་གསོག་དང་། གྱོད་གཞི་སྙན་འབུལ་དང་ཞིབ་མཆན་འགོད་པ། ས་ཆ་དང་རྒྱུ་ཆས་འགན་སྲུང་། ས་ཆ་བསྡུ་ལེན་དང་བཤིག་སྤོ། ས་ཆ་བཀོལ་སྤྱོད་ལ་གྲ་སྒྲིག་ཞིབ་བཤེར་སོགས་ཀྱི་མངོན་གསལ་དོད་པའི་དཀའ་ངལ་དང་གནད་དོན་ནུས་ཤུགས་ཡོད་རྒུས་མཐུན་སྦྱོར་ཐག་གཅོད་བྱས་ནས་རྣམ་གྲངས་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་བྱེད་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་དུས་ཚོད་ཀྱི་མཚམས་ཚིགས་བླང་བྱ་ལྟར་དུས་ལྟར་ལས་གཞི་འཛུགས་སྐྲུན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས།“གཞུང་ལམ་མཛེས་ཤོས་དང་ལྕགས་ལམ་མཛེས་ཤོས”འཛུགས་སྐྲུན་གྱི་བླང་བྱ་གཞིར་བཟུང་རྣམ་གྲངས་འཛུགས་སྐྲུན་དེ་སྣོད་བཅུད་འཛུགས་སྐྱོང་དང་། དམངས་འཚོ་ལེགས་གཏོང་། ཐོན་ལས་འཕེལ་རྒྱས་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། ལམ་ཆེན་འདི་གཉིས་སྣོད་བཅུད་ལམ་དང་། ལྟ་སྐོར་ལམ། དམངས་ཕྱུག་ལམ་བུ། མིག་དཔེའི་ལམ་བཅས་སུ་ཧུར་ཐག་སྐྲུན་དགོས་ཞེས་བླང་བྱ་བཏོན་པ་རེད། ཉིན་འདིར་བརྟག་ཞིབ་ཚོ་ཆུང་གིས་ད་དུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཤར་ཕྱི་སྐོར་གཞུང་ལམ་གྱི་དུས་ཐེངས་དང་པོ་དང་། གྲོང་སྐོར་བྱང་ལམ་དང་འོ་མ་མཚོ་སྤྱི་གླིང་འཛུགས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་བྱས་པ་རེད།ཁུལ་སྲིད་གཞུང་གི་དྲུང་ཆེ་ཞུས་ཀོང་ཏེ་དང་ཁུལ་དང་དེ་བཞིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བརྟག་ཞིབ་ནང་ཞུགས་ཡོད་པ་རེད།