མཚོ་སྔོན་པོ་འགྲམ་གྱི་རི་དྭགས་སྲུང་སྐྱོང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-11-23   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        

    ཟླ11པའི་ཚེས20ཉིན་དགོ་དམར་ཁྱུ་གཅིག་མཚོ་སྔོན་པོའི་དགོ་དམར་དམིགས་བསལ་སྲུང་སྐྱོབ་ཁུལ་དུ་འགུལ་སྐྱོད་བྱེད་པའི་རྣམ་པ་རེད།

    མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་ཡོད་པའི་མཚོ་སྔོན་པོ་དགོ་དམར་དམིགས་བསལ་སྲུང་སྐྱོང་ཁུལ་ནི2007ལོར་བཙུགས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ161.8ལྷག་ཡོད། ལོ་མང་པོའི་རིང་རྐང་ཚ་རྫོང་ནགས་ཚལ་སྤྱི་བདེ་ཅུས་དཔལ་དགེ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་དམིགས་བསལ་སྲུང་སྐྱོབ་ཁུལ་ནང་གི་དགོ་དམར་ལ་སྲུང་སྐྱོང་བྱས་དང་བྱེད་བཞིན་མཆིས།

    དགོ་དམར་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་ལ། སྔོན་ཆད་ནང་སོག་དང་ཉིང་ཞ། ཀན་སུའུ། མཚོ་སྔོན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་སུ་ཁྱབ་ཡོད། མིའི་རིགས་ཀྱི་འགུལ་སྐྱོད་ཀྱི་ཤུགས་རྐྱེན་དང་འཚོ་གནས་བྱེད་ས་ཇེ་སྡུག་ཏུ་སོང་སྟབས། མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་ནི་མིག་སྔར་དགོ་དམར་འཚོ་གནས་བྱེད་ས་འབའ་ཞིག་ཏུ་གྱུར། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱིས་ལྟ་ཞིབ་ཚད་ལེན་ལས་མངོན་པ་ལྟར་ན། མིག་སྔར་མཚོ་སྔོན་པོ་འགྲམ་རྒྱུད་ཀྱི་དགོ་དམར་གྲངས་འབོར་དེ1994ལོའི300ལྷག་ནས་ད་ལྟ2700ལྷག་བར་མང་དུ་ཕྱིན་ཡོད་པ་རེད།

    ཟླ11པའི་ཚེས20ཉིན་རྐང་ཚ་རྫོང་ནགས་ཚལ་སྤྱི་བདེ་ཅུས་དཔལ་དགེ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཆིན་ཧུའེ་ཝུའུ(གཡས་ཀྱི་དང་པོ)དང་ལས་རོགས་ཉེན་རྟོག་པ་དོན་འགྲུབ་གཉིས་ཀྱིས་དམིགས་བསལ་སྲུང་སྐྱོབ་ཁུལ་དུ་ཉིན་རྒྱུན་གྱི་སྐོར་སྲུང་བྱེད་བཞིན་པ།

    ཟླ11པའི་ཚེས20ཉིན་ཆིན་ཧུའེ་ཝུའུ་ཡིས་རྒྱང་ཤེལ་ལས་རྒྱང་རིང་གི་དགོ་དམར་ལ་ལྟ་ཞིབ་བྱེད་བཞིན་པ།

    ཟླ11པའི་ཚེས20ཉིན་ཆིན་ཧུའེ་ཝུའུ་ཡིས་དམིགས་བསལ་སྲུང་སྐྱོབ་ཁུལ་དུ་སྐོར་ཞིབ་བྱེད་བཞིན་པ།

    དམིགས་བསལ་སྲུང་སྐྱོབ་ཁུལ་ནང་གི་དགོ་དམར།

    ཟླ11པའི་ཚེས20ཉིན་དོན་འགྲུབ་ཀྱིས་དམིགས་བསལ་སྲུང་སྐྱོབ་ཁུལ་དུ་ཁ་པར་བཀོལ་ནས་དགོ་དམར་པར་ལེན་བཞིན་པ།

    དགོ་དམར་ཁྱུ་ཞིག་དམིགས་བསལ་སྲུང་སྐྱོབ་ཁུལ་དུ་མཆོང་རྒྱུག་བྱེད་བཞིན་པ།

     དགོ་དམར་ཁྱུ་ཞིག་གཞུང་ལམ་དུ་རྒྱུ་བཞིན་པ།

    དམིགས་བསལ་སྲུང་སྐྱོབ་ཁུལ་ནང་གི་དགོ་དམར།

    དམིགས་བསལ་སྲུང་སྐྱོབ་ཁུལ་ནང་གི་དགོ་དམར།

    དམིགས་བསལ་སྲུང་སྐྱོབ་ཁུལ་ནང་གི་དགོ་དམར།

    ཟླ11པའི་ཚེས20ཉིན་ཆིན་ཧུའེ་ཝུའུ་དང་དོན་འགྲུབ་གཉིས་ཀྱིས་ཡུལ་དེའི་འབྲོག་པ་ཞིག་དང་མཉམ་དུ་དམིགས་བསལ་སྲུང་སྐྱོབ་ཁུལ་ནང་གི་དགོ་དམར་སྲུང་སྐྱོང་བྱེད་ཐབས་རྒྱུས་ལོན་བྱེད་བཞིན་པ།