རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིནཞ
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ12པའི་ཚེས10ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོའི་ཆ་འཕྲིན་དྲ་རྒྱའི་གློག་སྐུད་རྣམ་གྲངས་ཀྱི་(འཛམ་གླིང་འགྲན་བསྡུར་ཚོགས་ཆུང)འགྲན་བསྡུར་སྐབས་དང་པོ་དེ་ཀོང་ཀྲོའུ་རུ་གཉེར་རྒྱུ་ཡིན་པ་དང་།བདེ་ཆེན་ཁུལ་འཇོལ་རྫོང་གི་བཀྲ་ཤིས་རྡོ་རྗེ་ཡུན་ནན་ཞིང་ཆེན་གྱི་ཚབ་ཞུས་ནས་འགྲན་བསྡུར་དེར་ཞུགས་རྒྱུ་རེད།
ད་ལོ་ལོ་ན22ལ་སླེབས་པའི་བཀྲ་ཤིས་རྡོ་རྗེས་ཡུན་ནན་ལག་རྩལ་པའི་སློབ་གླིང་རྩིས་འཁོར་དོ་དམ་ཆེད་ལས་གྲ་སྒྲིག་ལག་རྩལ་པའི་འཛིན་གྲྭར་སློབ་སྦྱོང་བྱེད་བཞིན་ཡོད། ད་ལོའི་ཟླ་7པའི་ཚེས་27ཉིན་ནས་ཟླ་8པའི་ཚེས་20ཉིན་བར། དུས་ཡུན་ཉིན་25ཡི་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་46པའི་ཀྲུང་གོའི་འདེམས་སྒྲུག་འགྲན་བསྡུར་ཡུན་ནན་ཞིང་ཆེན་གྱི་འདེམས་སྒྲུག་གཅིག་སྡུད་སྦྱོང་བརྡར་ཁྲོད་ཁོང་གིས་རེས་སྐོར་གསུམ་གྱི་འདེམས་སྒྲུག་ལ་བརྟེན་ནས་ཕུལ་བྱུང་གི་གྲུབ་འབྲས་ཨང་དང་པོ་ཐོབ་པ་དང་འཛམ་གླིང་འགྲན་བསྡུར་རྣམ་གྲངས་ཀྱི་ཆ་འཕྲིན་དྲ་རྒྱའི་བཀོད་སྒྲིག་ལམ་ཐིག་ཡུན་ནན་ཞིང་ཆེན་གྱི་ཨང་དང་པོ་བླངས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བཀྲ་ཤིས་རྡོ་རྗེ་ད་ལོ་ལོ་22ཡིན་པ་དང་།2017ལོར་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་གྱི་དགའ་ཞེན་ལ་བརྟེན་ནས་ཡུན་ནན་ལག་རྩལ་པའི་སློབ་གླིང་དུ་སློབ་སྦྱོང་བྱེད་པར་སོང་། སློབ་གྲྭར་སྡོད་རིང་ཁོང་གིས་སྙིང་རུས་ཆེན་པོས་སྒོ་ནས་སློབ་སྦྱོང་བྱས་པ་མ་ཟད། འཛམ་གླིང་འགྲན་བསྡུར་རྣམ་གྲངས་ཀྱི་ཆ་འཕྲིན་དྲ་རྒྱའི་གློག་སྐུད་ལ་དགའ་པོ་བྱེད་ཀྱི་ཡོད། ཆ་འཕྲིན་དྲ་རྒྱའི་གློག་སྐུད་ཀྱི་ཆེད་ལས་རྩལ་ནུས་ཁོང་དུ་ལེགས་པར་ཆུད་ཆེད། འཛམ་གླིང་འགྲན་བསྡུར་རྣམ་གྲངས་ཀྱི་འགྲན་ཞུགས་ཉམས་མྱོང་རིམ་བཞིན་གསོག་འཇོག་བྱས་ནས་རང་ཉིད་ཇེ་ལེགས་ཇེ་བཟང་དུ་བཏང་བ་དང་། བཀྲ་ཤིས་རྡོ་རྗེ་གཟའ་མཇུག་དང་དབྱར་དགུན་སོགས་གུང་གསེང་ཚང་མ་སྦྱོང་བརྡར་ཉིན་མོར་བརྩིས་ཡོད། དཀའ་སྤྱད་སྦྱོང་བརྡར་དང་རིམ་པ་རེ་རེ་བཞིན་གདམ་གསེས་བྱས་པ་བརྒྱུད་མཐར་བསམ་དོན་ཇི་བཞིན་འགྲུབ། ཆ་འཕྲིན་དྲ་རྒྱའི་འགྲེམས་སྐུད་འཛམ་གླིང་འགྲན་བསྡུར་རྣམ་གྲངས་ཀྱི་སློབ་གྲྭ་རིམ་པའི་གཅིག་སྡུད་སྦྱོང་བརྡར་རུ་ཁག་ཏུ་བདམས་ནས་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོའི་རྣམ་གྲངས་དེའི་དཀའ་སྤྱད་སྦྱོང་བརྡར་གྱི་བརྒྱུད་རིམ་འགོ་བཙུགས་པ་རེད།
ད་ཆ་ཁོང་གིས་ཡུན་ནན་ཞིང་ཆེན་གྱི་ཚབ་ཞུས་ནས་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པས་འགྲན་བསྡུར་ནང་སླར་ཡང་གྲུབ་འབྲས་བཟང་པོ་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།