བྱི་ཚེར་ནག་པོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


(སུང་ཞུའེ་པའོ་ཡིས་པར་ལེན།)

(ཆན་པིང་གིས་པར་ལེན། )

(ལི་པིང་གིས་པར་ལེན།)

    བྱི་ཚེར་ནག་པོ་ནི་ངང་པ་ནག་པོའི་རིགས་ཀྱི་ཚན་ལ་གཏོགས། དེ་ནི་ཁྲུང་ཁྲུང་དང་འདྲ་བའི་བྱ་རིགས་ཆེ་གྲས་ཤིག་ཡིན་ཞིང་། སྤྱིའི་རིང་ཚད་ལ་ལི་སྨི་100ཙམ་ཡོད་པ་དང་། ས་བབ་མཐོ་ཚད་ལི་སྨི་120~130ལ་སླེབས་ཡོད། བྱ་དེའི་མཆུ་ཏོ་དང་། རྐང་བ། མིག་མཐའ་བཅས་དམར་མདངས་ཅན་དང་། གསུས་པ་དཀར་པོ་ཡིན། འཕུར་སྐྱོད་བྱེད་སྐབས་གཤོག་སྒྲོ་ནག་པོ་ཡིན་པ་དང་རིམ་པ་གསུམ་པའི་འཕུར་སྒྲོ་དང་འཕུར་སྒྲོ་ཕལ་བའི་ནང་ཟུར་དཀར་པོ་ཡིན། བྱེའུ་ཕྲུག་ནི་ཁམ་ནག་དང་། ཁ་དང་རྐང་བ་ལྗང་མདོག  སྒྲོ་ནི་བྱ་སྒྲོ་སྤུ་ཡི་སྨུག་མདོག་དང་ལྗང་མདོག་གི་ལྕགས་རིགས་འོད་མེད། བྱི་ཚེར་ནག་པོའི་ཁྱབ་རྒྱ་ཤིན་ཏུ་ཆེ། ཡོ་རོབ་གླིང་ནས་ཀྲུང་གོའི་བྱང་ཕྱོགས་བར་དང་། དགུན་བརྒལ་ནས་རྒྱ་གར་དང་ཨ་ཧྥེ་རི་ཁ་བར། ན་འདམ་ས་ཁུལ་དང་། ཆུ་རྫིང་། མཚེའུ། ཆུ་བོའི་འགྲམ་རྒྱུད། ཆུ་བོའི་མདོ་ཁ། མི་ལ་སྐྲག་པ། དགུན་དུས་སྐབས་ལ་ལར་ཁྱུ་ཆུང་ཆུང་གི་འགུལ་སྐྱོད་བྱེད།