རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་12པའི་ཚེས་22ཉིན། ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་ཁུལ་ཨུའི་སྙན་ཞུ་ཚོམས་ཆེན་ནས་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་ཡིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གྲོས་ཚོགས་སྟེང་ལས་ཀའི་སྙན་ཞུ་ཕུལ་བ་རེད། དེ་མིན་《ཀྲུང་གུང་བདེ་ཆེན་ཁུལ་ཨུའི་བདེ་ཆེན་ཁུལ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་བ་དང་གཉིས་སྟོང་སུམ་ཅུ་སོ་ལྔ་ལོའི་ཕུགས་ཡུན་དམིགས་འབེན་དང་བསམ་འཆར་གྱི་འབྲེལ་ཡོད་གཏན་འབེབས(བགྲོ་གླེང་ཡིག་ཆ་)》གསལ་བཤད་བྱས།