རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་བ་12པའི་ཚེས་23ཉིན། རང་ཁུལ་་གྱིས་《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཁྲིམས་འཛུགས་སྲོལ་ཡིག》དང་《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གནའ་སྡོང་གནའ་ཤིང་སྲུང་སྐྱོབ་ཀྱི་དོ་དམ་སྲོལ་ཡིག》ལག་བསྟར་གྱི་གསར་འགྱུར་དྲིལ་བསྒྲགས་ཚོགས་འདུ་ཚོགས།
《ཁྲིམས་འཛུགས་སྲོལ་ཡིག》གི་འབྲེལ་ཡོད་ཁྲིམས་ཀྱི་འགྲོ་ལུགས་བརྒྱུད་ནས་ད་ལོའི་ཟླ་བ་8པའི་ཚེས་11ཉིན་དངོས་སུ་འགྲེམ་སྤེལ་ལག་བསྟར་བྱས་པ་རེད། 《གནའ་སྡོང་གནའ་ཤིང་གི་སྲོལ་ཡིག》མི་འགྱང་བའི་2021ལོའི་ཟླ་བ་1པའི་ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།《ཁྲིམས་འཛུགས་སྲོལ་ཡིག》ལ་བསྡོམས་པས་ལེའུ་བརྒྱད་དོན་ཚན་ལྔ་བཅུ་ཡོད་ལ། དོན་ཚན་འདི་ལ་ཁྱད་ཆོས་འགའ་ཡོད་དེ། གཅིག ཏང་གི་ཁྲིམས་བཟོའི་་ལས་ཀའི་འགོ་ཁྲིད་ཀྱི་གནས་བབས་འབུར་དུ་ཐོན་པ། གཉིས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ཁྲིམས་འཛུགས་ལས་ཀའི་ཁྲོད་ཀྱི་གཙོ་ཁྲོད་གནས་བབ་འབུར་དུ་ཐོན་པ། གསུམ། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས་འབུར་དུ་ཐོན་ཡོད་པ་རེད།
《ཁྲིམས་འཛུགས་སྲོལ་ཡིག》ལག་བསྟར་བྱས་པ་དེ་རང་ཁུལ་་གྱིས་ཀྲུང་དབྱང་དང་ཞིང་ཨུའི་ཁྲིམས་འཛུགས་ལས་དོན་སྐོར་གྱི་འབྲེལ་ཡོད་བླང་བྱ་ལག་བསྟར་བྱེད་པ་དང་།རང་ཁུལ་་གྱི་ཁྲིམས་འཛུགས་བྱེད་སྒོ་ཚད་ལྡན་དུ་གཏོང་བ། ཁྲིམས་འཛུགས་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྲོལ་ཡིག་སྤུས་ཚད་མཐོ་རུ་གཏོང་བ།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་སྲོལ་ཡིག་གི་སྣེ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། སྲོལ་ཡིག་ལ་གཞིགས་ན། ཁུལ་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་སྲོལ་ཡིག་ལས་དོན་ཁྲོད་རྣམ་གྲངས་འཛུགས་པའི་གཙོ་ཁྲིད་དང་། འཆར་ཟིན་འགོད་པའི་གཙོ་ཁྲིད། གྲོས་ཞིབ་གཙོ་ཁྲིད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་གཙོ་ཁྲིད། ཁྲིམས་བཙུགས་རྗེས་ཀྱི་དཔྱད་དཔོག་གཙོ་ཁྲིད་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཁུལ་དེའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱིས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་སྔར་བས་སྐོང་ཐུབ་པ་བྱ་རྒྱུ་རེད།
《གནའ་སྡོང་གནའ་ཤིང་གི་སྲོལ་ཡིག》ནི་ཁུལ་ཡོངས་ཀྱི་ས་གནས་རང་བཞིན་གྱི་ནགས་ལས་ཁྲིམས་སྲོལ་ཨང་དང་པོ་ཡིན།རང་ཁུལ་་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཁྲོད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།དེ་ནི་རང་ཁུལ་གྱིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དོན་འཁྱོལ་བྱས་པ་ཞིག་རེད། ཁུལ་དེ་ཡོངས་ཀྱི་གནའ་བོའི་ལྗོན་ཤིང་གྲགས་ཅན་ལ་དམིགས་ཏེ་མིག་སྔར་ལྟ་མཁན་མེད་པའི་རྣམ་པར་དམིགས་ནས་མྱུར་སྐྱོབ་མ་དངུལ་དཀོན་པ་དང་སྟོངས་ཉེར་ཡོད་པའི་གནའ་བོའི་ལྗོན་ཤིང་ཉུང་ཤས་ལ་སྲུང་སྐྱོང་ནུས་ལྡན་མ་ཐུབ་པར་སྤྱད་པའི་ཁྲིམས་ལུགས་ཀྱི་འགན་ལེན་བྱ་ཐབས་ཤིག་རེད། སྲོལ་ཡིག་འདིར་ཁྱོན་དོན་ཚན་ཉེར་བརྒྱད་ཡོད།སྲོལ་ཡིག་ནང་གཏན་འབེབས་བྱས་པའི་གཞི་འཛིན་ས་དང་། དམིགས་ཚད། སྤྱོད་ཁོངས། རྩ་དོན། གཟེངས་བསྟོད་དང་བྱ་དགའ་སྤྲོད་པའི་བྱ་ཐབས་བཅས་ཁ་གསལ་བཟོས་ནས་ཁུལ་དེ་ཡོངས་ཀྱི་གནའ་བོའི་ལྗོན་ཤིང་དང་།ཤིང་ཚངས། ཤིང་བཅས་སྲུང་སྐྱོང་བྱེད་པའི་གྲོན་དངུལ་དང་། འབྲེལ་ཡོད་སྡེ་ཚན་ཁག་གི་འགན་ནུས་འགན་འཁྲི། གཏན་འབེབས་ལས་འགལ་བའི་ཆད་གཅོད་བྱ་ཐབས་སོགས་ལ་གཏན་འབེབས་བྱས་ནས་རང་ཁུལ་གྱི་གནའ་སྡོང་གནའ་ཤིང་ལ་ཁྱོན་ཡོངས་ནས་སྲུང་སྐྱོང་དང་། རིགས་དབྱེ་ནས་སྲུང་སྐྱོབ།ཚན་རིག་དང་མཐུན་པའི་སྲུང་སྐྱོང་། སྲུང་སྐྱོབ་ནན་པོ་བཅས་བྱེད་པར་ཁྲིམས་ལུགས་ཀྱི་འགན་ལེན་བྱ་རྒྱུ་རེད། སྲོལ་ཡིག་དེར་གཞིགས་ན།རང་ཁུལ་གྱིས་སྲུང་སྐྱོང་བྱེད་ཁོངས་སུ་བཅུག་པའི་གནའ་བོའི་སྡོང་བོ་ཁྱོན་1130ཡོད་པའི་ནང་ལོ་1000ཡན་གྱི་གནའ་བོའི་ལྗོན་ཤིང་རྐང་1དང་རིམ་པ་དང་པོའི་གནའ་བོའི་ལྗོན་ཤིང་རྐང་32ཡོད་པ་དང་།རིམ་པ་གཉིས་པ་དང་གསུམ་པའི་གནའ་བོའི་སྡོང་པོ་378ཡོད་པ་རེད།
ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཞའོ་ཝུའུ་དང་། ཡུས་ཀུའེ་ཧྥེན་སོགས་འགོ་ཁྲིད་དང་དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་ནས་འབྲེལ་ཡོད་གནས་ཚུལ་སྨྱན་སྦྱོར་ལ་ངོ་སྤྲོད་བྱས་པ་རེད། ཁུལ་ཨུའི་དྲིལ་བསྒྲགས་པུའི་འབྲེལ་ཡོད་འགན་འཁུར་བས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཞིང་ཆེན་རིམ་པའི་སྨྱན་སྦྱོར་དང་ཁུལ་རིམ་པའི་སྨྱན་སྦྱོར་གྱི་གསར་འགོད་པ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་ཡོད་པ་རེད།