སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དྲུག་པ་མཇུག་སྒྲིལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་1པོའི་ཚེས་11ཉིན་གྱི་སྔ་དྲོར།  སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་མཇུག་སྒྲིལ། གྲོས་ཚོགས་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་དགོས་པ་དང་། ཀྲུང་གུང་ཡུན་ནན་ཞིང་ཨུའི་འགོ་ཁྲིད་སྟོབས་ལྡན་འོག  ཁུལ་ཨུ་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་དབྱི་ཀྲིའི་སྲིད་གྲོས་ལས་དོན་སྐོར་གྱི་བླང་བྱ་གསར་པ་ལ་གཞིགས་ནས། སྔར་བས་ཆེར་བསྐྱེད་ཀྱི་སྙིང་སྟོབས་དང་སྔར་བས་བདེན་འཚོལ་དོན་གཉེར་གྱི་སྤྱོད་ཚུལ་གྱིས་ནུས་པ་འདོན་ས་མང་པོ་ཡོད་པའི་སྲིད་གྲོས་ཀྱི་སྟེགས་བུའི་ཐོག་བྱས་རྗེས་ཆེན་པོ་འཇོག་པའི་ངར་ཤུགས་བཏོན་ནས་མཐུན་སྒྲིལ་འབྱོར་ཕྱུག་ཤེས་དཔལ་འཆམ་མཐུན་མཛེས་སྡུག་བདེ་འཇགས་ཀྱི་དུས་རབས་གསར་པ་དང་བདེ་ཆེན་གསར་པ་མཉམ་དུ་སྐྲུན་པ་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པ་བཏོན།

    ཐེངས་འདིའི་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་ནི་ཏུའུ་ཡུང་ཁྲུན་དང་། དབྱང་ཧྥེང་ཞི། ཤར་རྩེ་བསྟན་འཛིན་ཆོས་འཕེལ། ཀུའོ་ཁྲུང་ཞན། ཧྲི་ཁྲུན་མིང་། སྐལ་བཟང་རྣམ་རྒྱལ།  ཧོའུ་ཅི་ལིན། ཉི་ཞའོ་ཏུང་། ཡུས་རོང་ཧྭ། ལི་ལིའང་བཅས་ཡིན། ཏུའུ་ཡུང་ཁྲུན་གྱིས་གྲོས་ཚོགས་གཙོ་སྐྱོང་བྱས་ཞིང་མཇུག་སྒྲིལ་གསུང་བཤད་བྱས།

    ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཆི་ཅན་ཞིན་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས།  མཇུག་སྒྲིལ་ཚོགས་འདུར་ཨུ་ཡོན་217ཕེབས་དགོས་པ་དང་དངོས་སུ་ཨུ་ཡོན་172ཕེབས་པས་སྲིད་གྲོས་སྒྲིག་ཡིག་གི་གཏན་འབེབས་དང་མཐུན་པ།

    མཇུག་སྒྲིལ་ཚོགས་འདུའི་ཐོག་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་ཡིས་སྲིད་གྲོས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་སེང་གི་གྲོས་ཆོད་དང་།  ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་གྲོས་གཞི་ཞིབ་བཤེར་ཨུ་ལྷན་གྱིས་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པའི་གྲོས་གཞི་ཞིབ་བཤེར་བྱེད་ཚུལ་སྐོར་གྱི་སྙན་སེང་། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་བ་རེད།

    ཏུའུ་ཡུང་ཁྲུན་གྱིས་ཐེངས་འདིའི་ཚོགས་ཆེན་ནི་རང་ཁུལ་གྱིས་དུས་རབས་གསར་པ་དང་བདེ་ཆེན་གསར་པ་སྐྲུན་འགོ་ཚུགས་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་རེད། ཁུལ་ཨུས་ཐེངས་འདིའི་ཚོགས་འདུར་ཚད་མཐོའི་མཐོང་ཆེན་བྱས་ནས་འབྲེལ་ཡོད་དོན་ཚན་ལ་ཆེད་དོན་ཞིབ་འཇུག་ཐེངས་མང་བྱས་ཤིང་། གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་སྐབས་ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲིའི་གསུང་བཤད་ཀྱིས་འདས་པའི་ལོ་གཅིག་རིང་ཁུལ་སྲིད་གྲོས་ཀྱིས་བསྒྲུབས་པའི་ལས་དོན་དང་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། སྲིད་གྲོས་ཀྱི་ཨུ་ཡོན་དང་སྲིད་གྲོས་ཀྱི་ལས་དོན་ལ་བླང་བྱ་གསར་པ་བཏོན་པ། སླད་ཕྱིན་སྲིད་གྲོས་ཀྱི་ལས་དོན་དང་སྲིད་གྲོས་ཨུ་ཡོན་གྱིས་རང་འགན་འཁྲི་སྒྲུབ་བྱེད་པར་ཁ་ཕྱོགས་གཏན་འཁེལ་བྱས་ཡོད་པས། རྒྱ་ཆེའི་ཨུ་ཡོན་རྣམས་ལ་འགན་འཁྲི་ལྕི་བ་དང་། ལས་འགན་གཟི་བརྗིད་ཆེ་བ། སྐུལ་ལྕག་ཆེན་པོ་ཐེབས་པ་བཅས་ཀྱི་མྱོང་ཚོར་ཟབ་མོ་བྱུང་ལ།ང་ཚོས་སྲིད་གྲོས་ཀྱི་ལས་དོན་སྔར་ལས་ལེགས་པར་བསྒྲུབ་པར་ཡང་ཡིད་ཆེས་དང་སྟོབས་ཤུགས་བསྣན་ཡོད་ཅེས་བསྟན་པ་རེད།

    ཏུའུ་ཡུང་ཁྲུན་གྱིས་ཐེངས་འདིའི་ཚོགས་འདུ་ནི་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཨུ་ཡོན་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ལེགས་གྲུབ་བྱུང་བ། དེ་ནི་སེམས་ནུས་གཅིག་སྒྲིལ་དང་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱེད་པའི་ཚོགས་ཆེན་ཞིག་དང་།དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ངར་སྐུལ་གྱི་ཚོགས་ཆེན་ཞིག་དངོས་ཐོག་བདེན་འཚོལ་དང་འབད་འབུངས་ཡར་བརྩོན་གྱི་ཚོགས་ཆེན་ཞིག་ཡིན་པ་རེད། ཚོགས་འདུའི་སྐབས་ཨུ་ཡོན་རྣམས་ཀྱིས་ལས་དོན་སྙན་ཞུར་གྲོས་ཞིབ་དང་གྲོས་བསྡུར་ནན་ཏན་བྱས་ཏེ། རང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས། སྤྱི་ཚོགས་བཅོས་སྐྱོང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅས་དང་དེ་བཞིན་གནས་བབ་གསར་པའི་འོག་མི་དམངས་སྲིད་གྲོས་ཀྱི་ལས་དོན་སྔར་བས་ལེགས་པར་བསྒྲུབ་རྒྱུ་སོགས་ལ་དམིགས་ནས་ཚོགས་ཆེན་ཐོག་གཏམ་བཤད་དང་། ཚོ་ཆུང་མཉམ་འབྲེལ་གྱི་ཐབས་ཇུས། ཚོ་ཆུང་གི་སྤེལ་རེས། གྲོས་གཞི་འབྲི་བ་སོགས་ཀྱི་རྣམ་པ་བརྒྱུད་ནས་ཧུར་བརྩོན་གྱིས་ཐབས་འདོན་ཇུས་འདོན་བྱས་ཏེ། སྲིད་གྲོས་ཨུ་ཡོན་གྱིས་འཕེལ་རྒྱས་ལ་གཞོལ་བ་དང་། རང་འགན་འཁྲི་སྒྲུབ་བྱེད་པའི་འགན་འཁྲི་དང་བྱ་སྤྱོད་གང་ལེགས་མཚོན་པ་དང་།མི་དམངས་སྲིད་གྲོས་ཀྱིས་འདྲ་མཉམ་ངང་གཞུང་དོན་གྲོས་བསྡུར་དང་། དམངས་གཙོའི་གྲོས་མོལ་བྱེད་པའི་ཐུན་མོང་མ་ཡིན་པའི་དགེ་མཚན་གང་ལེགས་མཚོན་ཡོད་ཅེས་བསྟན་པ།

    ཏུའུ་ཡུང་ཁྲུན་གྱིས་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་བླང་བྱ་གཞིར་བཟུང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་སྔར་བས་ཤུགས་སྣོན་རྒྱག་པའི་ཁྲོད་འགན་འཁྲི་འཁུར་བ་དང་།“འདུ་ཤེས་བཞི”ཟབ་ཏུ་གཏོང་བ།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ནས་བསམ་བློ་དང་བྱ་སྤྱོད་ཏང་གིས་སྲིད་གྲོས་ལས་དོན་ལ་འཛིན་པའི་ཐབས་ཇུས་བཀོད་སྒྲིག་ཁག་གི་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་རྩ་དོན་གལ་ཆེན་གྱི་གནད་དོན་ཐད་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོ་ཡོང་བ་བྱེད་དགོས།“འགན་འཁྲི་སྒྲུབ་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བའི”བླང་བྱ་ལྟར་རང་རྟོགས་ངང་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ཀྱི་སྟངས་འཛིན་ནུས་པ་དང་། བརྟག་དཔྱད་ཞིབ་འཇུག་ནུས་པ། མང་ཚོགས་དང་འབྲེལ་གཏུག་ནུས་པ། མཉམ་ལས་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས“རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པའི”བརྩེ་སེམས་བརྟན་པོ་བཙུགས་ཏེ་འགན་འཁྲི་སྒྲུབ་རིང་བྱས་རྗེས་དེ་བས་ཆེ་བ་འཇོག་དགོས།“དུས་རབས་གསར་པ་དང་བདེ་ཆེན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་སྲིད་གྲོས་ཀྱི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་”ཞེས་པའི་བླང་བྱ་ལྟར། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་པ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་གསབ་ནས།རིག་གནས་ཡུལ་སྐོར་དང་། ས་མཐོའི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས། ལྗང་མདོག་ནུས་ཁུངས། ལྗང་མདོག་གཏེར་ལས་བཅས་ཀྱིས་གཙོ་ཁྲིད་བྱེད་པའི་དེང་རབས་ཀྱི་ཐོན་ལས་མ་ལག་སོགས་ལས་ཀའི་བླང་བྱ་གལ་ཆེན་བཟོ་བར་ཤུགས་རྒྱག་པ། བརྟག་ཞིབ་དང་ལྟ་ཞིབ་གཏིང་ཟབ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གཏོད་རྒྱུ་དང་། ས་མཐོའི་ནགས་ཚལ་སྣོད་བཅུད་གྲོང་ཁྱེར་འཛུགས་སྐྲུན་ལ་འཚོལ་ཞིབ་བྱེད་རྒྱུ། སྤུས་ཚད་མཐོ་པོའི་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ཐད་ཐབས་འདོན་ཇུས་འདོན་བྱས་ཏེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་རྒྱུར་དཔྱད་གཞི་མཁོ་འདོན་བྱས་ནས་གྲོས་མོལ་གྱི་གཙོ་ལས་མངོན་གསལ་དོད་པའི་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས།“ཏང་གིས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བའི་”བླང་བྱ་ལྟར། རང་རྟོགས་ཀྱི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་ཡོང་བ་བྱ་རྒྱུ་དེ་འགན་འཁྲི་ཨང་དང་པོར་བརྩིས་ནས། གཞི་རིམ་གྱི་གྲོས་མོལ་དམངས་གཙོའི་ཉམས་མྱོང་དང་བྱ་ཐབས་བཟང་པོ་ཕྱོགས་བསྡོམས་དང་ཁྱབ་གདལ་དུ་གཏོང་བ་དང་། སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པའི་བྱ་ཐབས་གསར་བ་དང་། ནང་རྐྱེན་གསར་བ་སོགས་ཟམ་མི་ཆད་པར་འཚོལ་ཞིབ་བྱས་ཏེ་ཇུས་ཐག་གཅོད་པའི་ཇུས་འདོན་ཐད་ཕན་ནུས་སྔར་བས་ཆེ་བ་དང་། དམངས་གཙོའི་ལྟ་སྐུལ་ཐད་སྔར་བས་ནུས་ལྡན། དམངས་འཚོར་དོ་ཁུར་བྱེད་པའི་ཐད་སྔར་བས་གཏིང་ཟབ་བཅས་ཡོང་བར་འབད་བརྩོན་བྱས་ནས་དཔེ་བཟང་ལས་ཁུངས་འཛུགས་སྐྱོང་བྱེད་རིང་གཟུགས་བརྙན་སྔར་བས་ལེགས་པོ་བསྐྲུན་དགོས་ཞེས་ནན་གྱིས་བསྟན་པ་རེད།

    མཇུག་སྒྲིལ་ཚོགས་འདུའི་ཐོག་ཡུས་ཧྲེང་ཞང་དང་ཀྲང་ཝེ་ཏུང་། ལི་ཡན་ལན། བཀྲ་ཤིས་དོན་གྲུབ། དབྱང་ཙེ་ཅང་། མེའོ་ཡིའུ་ཧྥ། ཝང་ཡུན་སུང་། ཞུས་ཕེང་ཧྲེང་། ཁུང་ཝེ་ཧྭ་སོགས་ཞུགས་ཡོད་པ་རེད།