རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
གཡང་འཛོམས་ཀྱི་ཁྱིམ་ནི་འཇོལ་རྫོང་ཧྲེང་ཕིང་གྲོང་རྡལ་འཇོལ་ཤོད་གྲོང་ཚོར་ཡིན་པ་དང་བཟའ་ཚོ་གཉིས་ཀྱིས་རྒན་རྒོན་གཉིས་ལ་བསྙེན་བཀུར་ཞུ་གི་ཡོད་པ་མ་ཟད། ད་དུང་ཕྲུ་གུ་གཉིས་སློབ་གྲྭར་གཏོང་གི་ཡོད། གཡང་འཛོམས་ནི་ཞིང་པ་ཞིག་ཡིན་ཞིང་། ཁོང་གི་བཟའ་ཟླ་ནི་གཞུང་གི་ལས་བྱེད་པ་ཡིན་མོད། འོན་ཀྱང་སྔར་ནས་ད་བར་ནང་མི་ཡོངས་ཀྱི་འགྲོ་སོང་ཚང་མ་བཟའ་ཟླའི་གླ་ཕོགས་ལ་བརྟེན་དགོས་ཀྱི་ཡོད་པས། ནང་ཡང་འཚོ་བ་དབུལ་ཕོངས་ཡིན་པ་མངོན།
ལོ་ཤས་གོང་གཡང་འཛོམས་ཚང་གིས་ཐོག་བརྩེགས་གསུམ་ལྡན་གྱི་ཁང་པ་ཞིག་བརྒྱབ་མོད། འོན་ཀྱང་མ་དངུལ་མ་འདང་བའི་དབང་གིས་ལས་གྲྭ་དེ་བསྐྲུན་རྗེས་ཁང་པ་བེད་མེད་དུ་ལུས་ཡོད། འཇོལ་ཤོད་གྲོང་ཚོ་དེ་འཇོལ་རྫོང་གྲོང་དང་འབྲེལ་ཡོད་ཅིང་། གྲོང་ཚོའི་འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་པ་མཐོང་སྐབས་གཡང་འཛོམས་ཀྱིས་རང་ཁྱིམ་གྱི་སྡོད་ཁང་སྒྱུར་བཀོད་བྱེད་འགོ་བཙུགས་པ་དང་དངུལ་བུན་གཡར་བ་དང་མཛེས་བཟོ་བྱས་པ་སོགས་ཀྱི་ལས་ཀ་མང་པོ་བྱས་པ་བརྒྱུད་འཇོལ་ཤོད་གླིང་ནང་མི་ཚང་མའི་འབད་བརྩོན་འོག་ལས་གཉེར་བྱེད་འགོ་ཚུགས་པ་རེད། གཡང་འཛོམས་ཀྱིས་འཇོར་བཞག་ནས་ལས་རིགས་བསྒྱུར་ནས་སྦྱིན་བདག་བྱས། འཇོལ་ཤོད་གླིང་ལ་ཟ་ཁང་དང་། ད་དུང་མི་རྣམས་ལ་འདོན་སྤྲོད་བྱེད་པའི་སྤྲོ་གསེང་རོལ་རྩེད་ར་བ་ཡོད། གཡང་འཛོམས་ཀྱིས་ད་དུང་ཐོག་བརྩེགས་གཉིས་པར་བྱིས་པའི་རྩེད་ར་ཞིག་འཆར་འགོད་བྱས་པ་དང་ཐོག་བརྩེགས་དང་པོའི་ཁང་པ་ཆེན་པོ་འགའ་ཞིག་ནང་གཞས་གཏོང་སའི་ཁང་པ་བཞི་བརྒྱབ་ཡོད་པས་ད་ཆ་གཞི་རྩའི་ཆ་ནས་མཛེས་བཟོ་བྱས་ཟིན་ཡོད། KTVཡི་སྒོ་ཕྱེ་རྗེས་ཡོང་འབབ་མང་དུ་འགྲོ་སྲིད་ཅེས་གཡང་འཛོམས་ཀྱིས་འཚེར་སྣང་ཆེན་པོས་བཤད།
འཇོལ་ཤོད་གླིང་ལས་གཉེར་བྱེད་འགོ་ཚུགས་རྗེས་གཡང་འཛོམས་རྒྱུན་དུ་ཚོང་ཁང་ནང་ལས་ཀ་བྱེད་ཀྱི་ཡོད། མི་གཅིག་ལ་ཁོམ་པ་མི་འདུག ཁོང་གིས་ད་དུང་ཇ་མ་དང་ཞབས་ཞུ་བ་ཁ་ཤས་གླས་ཡོད། འཇོལ་ཤོད་གླིང་གྱི་ཚོང་ཡང་ཉིན་རེ་ལས་ཉིན་རེར་ཇེ་བཟང་རེད། དེ་སྔའི་ཞིང་པ་གཡང་འཛོམས་རྒྱས་སྤྲོས་ངང་སྦྱིན་བདག་ཏུ་གྱུར་ནས་ཡོང་འབབ་མང་དུ་ཕྱིན་ཡོད་ལ་ཁྱིམ་གྱི་འཚོ་བ་ཡང་སྐྱིད་ཐུབ་ཡོད།
ད་ཆ་འཇོལ་ཤོད་གླིང་དུ་སྙན་འཇེབས་ལྡན་པའི་གཞས་ཀྱི་འགྱུར་ཁུག་ཐོས་རྒྱུ་ཡོད། དེ་ནི་སྐུ་མགྲོན་ཚོས་ཇ་འཐུང་ཞོར་གཞས་དཀྲོལ་གཏོང་གི་ཡོད་པ་རེད། ཁོང་ཚོ་མང་ཆེ་བས་ཉིན་མོ་བསྲེགས་ཟས་ཟ་བ་དང་མཚན་མོར་འཇོལ་རྫོང་གི་ཞིང་ཁྱིམ་གྱི་ལྟོ་ཆས་ཟ་གི་ཡོད། སྐུ་མགྲོན་ཚོའི་དགའ་སྤྲོའི་འཛུམ་མདངས་ལ་ལྟ་བཞིན་དུ་གཡང་འཛོམས་ཀྱི་ངོ་གདོང་ལས་འཛུམ་མདངས་སྔར་བས་རབ་ཏུ་འཕྱུར།