སེམས་ཀྱི་ཉི་ཟླའི་ཞིང་ལས་དཔལ་འབྱོར་སྤུས་མཐོའི་ངང་འཕེལ་རྒྱས་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཞིང་ལས་དང་གྲོང་གསེབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དུས་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་དང་དེ་བཞིན་འཐབ་ཇུས་ལས་འགན་མངོན་འགྱུར་བྱས་ནས་ཞིང་དུད་བརྟན་འཇགས་དང་རྒྱུན་མཐུད་ངང་འབབ་འཕར་ཡོང་བ་བྱས་ཤིང་། འབྲུ་རིགས་ཕྱོགས་བསྡུས་ཀྱིས་ཐོན་སྐྱེད་བྱེད་ནུས་བརྟན་པོ་ཡོང་བར་བྱས་པ་རེད། ཞིང་ལས་སྐྱེ་དངོས་མུའུ་ཁྲི་160.68བཏབ་པ་དང་། འབྲུ་རིགས་སྤྱིའི་ཐོན་འབབ་ཏུན་ཁྲི་35.1ཟིན། མུའུ་ཁྲི་1.3ཟིན་པའི་ཞིང་ལས་སྐྱེ་དངོས་ཀྱི་ལྗང་མདོག་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ་བཙུགས་ལ། མུའུ་ཁྲི་4ཡི་མ་རྨོས་ལོ་ཏོག་གི་ཐོན་མཐོའི་དཔེ་སྟོན་ཁུལ་བསྐྲུན་ཏེ། ས་མཐོའི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

        ཕྱུགས་ལས་ཀྱི་ཐོན་ལས་ལེགས་སྒྲིག་ལེགས་འགྱུར་བྱས་པ། ཕག་ནད་དང་ཕག་གི་རྨིག་པ་ན་བ། ཕག་གི་རྣ་ན་བ་སོགས་ཀྱི་རིམས་ནད་སྔོན་འགོག་གི་སྨན་ཁབ་ཐེངས་ཁྲི་512.66བརྒྱབ་ནས་ཕྱུགས་རིགས་ཆེ་ཆུང་ཁྲི་19.62ལེགས་བཅོས་བྱས། ཕག་གསོའི(བོད་ཕག)གསོ་སྤེལ་མཉམ་ལས་ཁང་དང་། མཐུན་ཚོགས། གསོ་སྤེལ་ཀུང་སི། སྤེལ་རྟེན་གཞི་བཅས་59དང་། གསོ་སྤེལ་མཉམ་ལས་ཁང་464དང་སྨི་ངོས་གྲུ་ཁྲི་3.18གསར་འཛུགས་བྱས་ཤིང་། ཕྱུགས་རིགས་ཁྲི་29.53ཟིན་རྒྱུ་དང་། བཤའ་ཚད་ཁྲི་1.84ཟིན་རྒྱུ་སྔོན་དཔག་བྱས་པ་རེད།

        ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་སྤེལ་མགྱོགས་མྱུར་བཏང་བ་དང་། ཞིང་ལས་འཕྲུལ་ཆས་ཀྱི་སྒྲིག་ཆས་ཆུ་ཚད་མཐོ་རུ་བཏང་བ། ཚད་གཞི་མཐོ་བའི་ཞིང་མུའུ་ཁྲི་4.29བསྐྲུན་ལ། ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད་ཞིང་འཕྲུལ་སྒྲིག་ཆས་ཀྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ་དང་། གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་པ། ཞིང་ལས་འཕྲུལ་ཆས་ཀྱི་གྲངས་འབོར་རྒྱུན་མཐུད་ངང་འཕར་བ་བཅས་བྱས་པ་རེད། ཐོན་ལས་དབུལ་སྐྱོར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། ལོ་ལྔའི་ནང་ཁྱོན་ཐོན་ལས་འཕེལ་རྒྱས་ཀྱི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་9.47བཏང་ནས། དུད་ཚང་དབུལ་པོའི་ཐོན་ལས་འཕེལ་རྒྱས་ཀྱི་ཁ་གསབ་རྣམ་གྲངས་ཀྱི་འདེབས་འཛུགས་དང་གསོ་སྤེལ་གྱི་ཁ་གསབ་དང་ཐོན་ལས་རྟེན་གཞི་འཛུགས་སྐྲུན་སོགས་སུ་སྤྱད་པ་རེད།

        ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་བྱེད་ནུས་རྒྱུན་མཐུད་ངང་ཆེ་རུ་སོང་བ་དང་།ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་ཡོང་བའི་ཞིབ་བཤེར་ཚད་ལེན་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ཞིང་། གྲོང་ཁྱེར་ཡོངས་སུ་ཞིང་ཆེན་རིམ་པའི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་8དང་། ཁུལ་རིམ་པའི་ཁེ་ལས་24གྲོང་ཁྱེར་རིམ་པའི་30བཅས་ཡོད་པ་དང་། ཞིང་ལས་ཐོན་རྫས་ལས་སྣོན་གྱི་ད་ཡོད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་11.66ཟིན་ལ། ཞིང་ལས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་7.3ཟིན་པ་རེད།  གནོད་མེད་ཞིང་ལས་ཐོན་རྫས་ཁེ་ལས་16གི་ཐོན་རྫས་24ཁས་ལེན་དཔང་འདོན་བྱས་ཤིང་། ལྗང་མདོག་བཟའ་བཅའ་7སྐྱེ་ལྡན་ཐོན་རྫས་25འཐེན་བཤེར་བྱས། ཞིང་ལས་ཐོན་རྫས་ཁྲི་1.47འཐེན་བཤེར་བྱས། ཚད་ལོན་ཚད་ཆ་སྙོམས་99%ཟིན་ཡོད་པ་བཅས་རེད། གྲོང་གསེབ་ཀྱི་མིའི་འཚོ་གནས་ཁོར་ཡུག་ལེགས་བཅོས་མངོན་གསལ་བྱུང་ཡོད་ལ།གནོད་མེད་ཅན་གྱི་འཕྲོད་བསྟེན་དུད་ཚང་གི་གསང་སྤྱོད་ཁང་ཁྲི་2.15བསྐྱར་སྐྲུན་བྱས་ཤིང་། སྲིད་འཛིན་གྲོང་སྡེའི་སྤྱི་པའི་གསང་སྤྱོད་300བསྐྱར་སྐྲུན་བྱས་པ་རེད།