མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཟབ་པའི་འཇོལ་ཚོ་དྲུག་གྲོང་ཚོ། ༼༢༽

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     ལོ་ངོ་བརྒྱ་ལྷག་རིང་གི་ཚོ་དྲུག་རྒུན་ཆང་་ལས་རིག་གནས་སྤེལ་རེས་དང་རྒྱུན་འཛིན་ནི་ལམ་ཐག་རིང་བ་དང་སྤྱི་ཚོགས་ཀྱི་ལམ་ཁག་པའི་དབང་གིས་གཏན་ནས་ཆད་མི་སྲིད་པ་མཚོན་ཡོད།དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས་ལོ་རྒྱུས་ཀྱི་བདེན་དཔང་ར་སྤྲོད་བྱས་ཡོད་ཅིང་མཚན་སྙན་རབ་དང་རིམ་པ་ཞིག་ཐོབ་ཡོད། ཚོ་དྲུག་གྲོང་ཚོའི་ལྷོ་ལམ་གྱི་མཐོ་གྲང་རི་ཁུལ་དུ་རྫོང་མཐུག་པའི་སྔོ་ལྗང་ནགས་ཚལ་གྱིས་ཡོངས་སུ་ཁེབས་པ་དང་།ཉི་འོད་འཕྲོ་བའི་དུས་ཡུན་རིང་ལ་རྒྱུན་གཏན་གྱི་དྲོད་ཚད་ཅུང་དམའ་ཞིང་མཁའ་རླུང་གི་གཤེར་ཚད་ཆེ་བས་མཁའ་དབུགས་ལ་བསིལ་བའི་རང་བཞིན་ལྡན།  རུ་རྟ། མུའུ་ཞང་།  རྩྭ་སེར་སོགས་སྨན་རྒྱུ་སྣ་ཚོགས་འདེབས་འཛུགས་བྱ་རྒྱུར་ཧ་ཅང་འཚམ་པོ་ཡོད་པ་རེད། 


   2018ལོ་ནས་བཟུང་ལྷོ་ལམ་གྱི་སྔར་ཡོད་སྨན་རྩྭའི་རྟེན་གཞིའི་རྨང་གཞིའི་ཐོག་འཇོལ་རྫོང་ཚོ་དྲུག་གྲོང་ཚོའི་ལྷོ་ལམ་ཁ་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་ཆེད་ལས་མཉམ་ལས་ཁང་གིས་སྣེ་ཁྲིད་ནས་ཞིང་དུད་ཀྱིས་ཀྲུང་ལུགས་སྨན་རྒྱུ་འདེབས་རྒྱུར་སྐུལ་ཁྲིད་བྱས་ཏེ་མུའུ་ཞང་མུའུ་170དང་། ཏང་ཀོས་མུའུ་100  འདམ་རྩྭ་མུའུ་10སོགས་འདེབས་འཛུགས་བྱས་ཡོད། 


      གཞས་དང་ཞབས་བྲོའི་ཐོག་ནས་བོད་རིགས་མི་དམངས་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བའི་རྣམ་པ་དེ་མཚོན་ཡོད་ཅིང་། དེ་ནི་འཚོ་བའི་ནང་མེད་དུ་མི་རུང་བའི་དགའ་སྤྲོའི་རང་བཞིན་གྱི་གླུ་གར་རྣམ་པ་ཞིག་ཡིན།དུས་ཆེན་དང་གཉེན་སྒྲིག    འདུ་ཚོགས་བཅས་ཀྱི་སྐབས་སུ་མི་རྣམས་ལྷན་དུ་འཛོམས་ནས་བྲོ་འཁྲབ་སྐབས་སྒོར་སྒོར་བྱས་ནས་གར་མགོ་འཁྲིད་མཁན་གྱིས་བྲོ་འཁྲབ་ཞོར་དང་པི་ཝང་རྡུང་ཞོར་བྱེད་ལ་གཞན་རྣམས་ཀྱང་གར་གྱི་སྟངས་སྟབས་དང་དབྱངས་ཀྱི་འགྱུར་ཁུགས་ལ་བསྟུན་ནས་སྐྱིད་པའི་གར་ལ་རོལ་བར་བྱེད།  


     ཚོ་དྲུག་གི་སྐྱེས་པ་མང་ཆེ་བས་པི་ཝང་དཀྲོལ་ཤེས་པ་དང་།  ངལ་གསོའི་དུས་ཚོད་དང་རྣང་ཞིང་གྲུ་བཞིའི་བར། ཡང་ན་སྟོད་ཀྱི་རྫ་ལུང་རི་ལུང་སོགས་གནས་གང་རང་དུ་དབྱངས་ཀྱི་འགྱུར་ཁུགས་འཐེན་པའི་གཞས་པ་མཐོང་ཐུབ།  དེ་ལྟ་བུའི་སྙན་ཞིང་འཇེབས་པའི་གླུ་སྐད་ལ་འཇོ་སྒེག་ཡིད་དུ་འོང་བའི་མཛེས་མ་ཞིག་གི་གར་གྱི་རམ་འདེགས་ནི་རྒྱན་གྱི་མཆོག་ཡིན་སྟེ།   གཞས་དང་གར་གྱི་འགྱུར་ཁུགས་ཁྲོད་ན་ན་ཆུང་བུ་དང་བུ་མོའི་བརྩེ་བའི་རང་མདངས་མངོན་ཡོད། 


    ཉེ་བའི་ལོ་ཤས་རིང་ལ་ཚོ་དྲུག་གྲོང་ཚོས་ཏང་གི་དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བའི་འོད་ཟེར་འོག་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་བརྒྱུད།རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་མང་ཚོགས་དབུལ་པོའི་ཐོན་སྐྱེད་དང་འཚོ་བ་དང་དེ་བཞིན་སྡོད་ཁང་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་བཏང་བས་མི་འབོར་དབུལ་པོ་དེ་བས་མང་བ་ཞིག་གིས་དབུལ་པོའི་ཞྭ་མོ་ཕུད་ནས་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཐུབ་པ་བྱུང་ཡོད།