འཇོལ་གྱི་རྒུན་ཆང་ཐོན་ལས་ཀྱིས་དཔེ་སྟོན་རྫོང་གཏོད་པར་ཕན་འབྲས་ཐོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་བའི་ལོ་འགའི་རིང་།འཇོལ་རྫོང་གིས་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་གནམ་གཤིས་ཀྱི་ལེགས་ཆར་བརྟེན་ནས“གཙང་པོ་གཉིས”སྐམ་ཚའི་རོང་ཁུལ་དུ་སྤུས་ལེགས་ཨ་རག་སྙོལ་བའི་རྒུན་འབྲུམ་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད།

    མིག་སྔའི་བར་རྫོང་དེ་ཡོངས་ཀྱི་ཤང་གྲོང་6གི་རྒུན་འབྲུམ་འདེབས་འཛུགས་རྒྱ་ཁྱོན་མུའུ་13840ཟིན་པ་དང་།མུའུ་རེའི་ཆ་སྙོམས་ཡོང་འབབ་སྒོར་5200ཟིན་པ།མི་རེའི་ཆ་སྙོམས་ཡོང་འབབ་སྒོར་3500ཟིན་པ།དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.38ཟིན་པས།རྫོང་དེ་ཡོངས་ཀྱི་འདེབས་འཛུགས་དུད་ཚང་2800ཙམ་ལ་སྐུལ་ཁྲིད་ཐུབ་ཡོད།རྒུན་འབྲུམ་ཐོན་ལས་ཀྱིས་ཀྱང་དབུལ་སྒྲོལ་འགག་སྒྲོལ་དང་།ཐོན་ལས་འཕེལ་རྒྱས།སྤྱི་ཚོགས་བརྟན་ལྷིང་བཅས་ལ་ཁྲིད་སྟོན་དང་དཔེ་སྟོན་གྱི་ནུས་པ་གལ་ཆེན་ཐོན་པ་དང་།“རྫོང་གཅིག་ལ་ལས་རིགས་གཅིག”གི་ཁྱད་ལྡན་རྫོང་དཔེ་སྟོན་གཏོད་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་རེད།

    2013ལོར་འཇོལ་རྫོང་གིས་རྒུན་འབྲུམ་ཐོན་ལས་གླིང་ཁུལ་དོ་དམ་ཨུ་ལྷན་བཙུགས་པ་དང་2017ལོ་ནས་བཟུང་སྔ་རྗེས་སུ་གྲོང་ཚོ་དབུལ་པོ་18ལ་རྟེན་གཞིའི་སྦུ་གུར་བརྟེན་ནས་ཞིང་ཆུ་འདྲེན་པའི་ལས་གྲྭ་ལག་བསྟར་བྱས་ཏེ་ཆུ་འདྲེན་རྒྱ་ཁྱོན་མུའུ་7290ལེགས་སུ་བཏང་བ་དང་།རིམ་རྩིས་བྱས་ན་སྒོར་ཁྲི་4374བཏང་བས་ཆ་སྙོམས་གྲོང་ཚོ་རེར་སྒོར་ཁྲི་243བཏང་ཡོད་པ་རེད།རིམ་རྩིས་བྱས་ན་གྲོང་ཁྱེར་གྱི་གཞུང་ལམ་སྤྱི་ལེ་15གསར་སྐྲུན་བྱས་པར་མ་དངུལ་སྒོར་ཁྲི་3041བཏང་ཡོད།ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་གི་རྣམ་གྲངས་ལག་བསྟར་བྱས་ནས་ཆུ་ཡུར་སྤྱི་ལེ་11.5བསྐྲུན་པ་དང་།ཐོན་འབབ་དམའ་བའི་རྒུན་འབྲུམ་གླིང་མུའུ་540ལེགས་སུ་བཏང་བར་མ་དངུལ་སྒོར་ཁྲི་500བཏང་ཡོད།མིག་སྔའི་བར་རྫོང་དེའི་ཨ་རག་སྙོལ་བའི་རྒུན་འབྲུམ་གྱི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི་1.38ཟིན་པ་དང་།མུའུ་100ཡན་གཞི་ཁྱོན་ཅན་གྱི་རྟེན་གཞི་ཁྱོན་7ཡོད་པ།མུའུ་10ཡན་གྱི་ཐོན་སྐྱེད་དུད་ཆེན་50ལྷག་ཙམ་ཡོད་པ་རེད།

    སེམས་ཀྱི་ཉི་ཟླའི(འཇོལ་རྫོང་)རྒུན་ཆང་ཚད་ཡོད་ཀུང་སི་དང་འཇོལ་རྫོང་སྨན་རིའི་ཆང་ལས་ཚད་ཡོད་ཀུང་སི་བཅས་ཞིང་ཆེན་རིམ་པའི་སྣེ་འདྲེན་ཁེ་ལས་གཉིས་དང་།མིང་ཡུའེ་ཞོན་ཉི་ཧྲི་སེམས་ཀྱི་ཉི་ཟླ(འཇོལ་རྫོང་)ཆང་ལས་ཚད་ཡོད་ཀུང་སི།ཡུན་ནན་རུང་ཧྲེང་རྟག་བརྟན་ཆང་ཁང་ཚད་ཡོད་ཀུང་སི་བཅས་རྫོང་རིམ་པའི་སྣེ་འདྲེན་ཁེ་ལས་གཉིས།རྒུན་འབྲུམ་ཆེད་ལས་མཉམ་ལས་ཁང་14བཅས་ཡོད་པ་རེད།སེམས་ཀྱི་ཉི་ཟླའི་ཆང་ལས་མ་རྐང་ཚད་ཡོད་ཀུང་སིས་གཙོ་བོ་བྱས་པའི་རྒུན་ཆང་ཐོན་རྫས་ལ་རྒྱལ་སྤྱི་དང་རྒྱལ་ནང་གི་རྒུན་ཆང་གྲགས་ཅན་འགྲན་བསྡུར་ཆེ་མོའི་ཁྲོད་བྱ་དགའ་80ལྷག་ཙམ་ཐོབ་ཡོད་པ་རེད།“སེམས་ཀྱི་ཉི་ཟླར”“ཀྲུང་གོའི་གྲགས་ཅན་ཚོང་རྟགས”དང་“སེམས་ཀྱི་ཉི་ཟླའི”སྤུས་རྟགས་ལ“ཀྲུང་གོའི་བཟའ་བཅའི་ལས་རིགས་ཀྱི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་སྤུས་རྟགས”དང་།“ཨེ་ཤེ་ཡའི་རིན་ཐང་ཆེ་ཤོས་ཀྱི་སྤུས་རྟགས་500“ཀྲུང་གོའི་རྒུན་ཆང་ལས་རིགས་ཀྱི་ཤུགས་རྐྱེན་ཆེ་ཤོས་ཀྱི་སྤུས་རྟགས་བཅུ”སོགས་ཐོབ་པ་རེད།

    2013ལོའི་ཀྲུང་གོའི་སྤུས་ལེགས་རྒུན་ཆང་གི་འགྲན་བསྡུར་ཐོག་སྨན་རིའི་འཁྱག་ཆང་ལ་གསེར་གྱི་བྱ་དགའ་ཐོབ་པ་དང་ལོ་དེར“2013ལོའི་རྒྱལ་སྤྱིའི་གཙོ་འཛིན་ཐོན་ཁུལ་གྱི་རྒུན་ཆང་གི་ཀྲུང་གོའི་སྤུས་ཚད་འགྲན་བསྡུར་ཆེ་མོའི་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ་པ།གཞན་ཡང་།མིང་ཡུའེ་ཞོན་ཉི་ཧྲི་སེམས་ཀྱི་ཉི་ཟླ(འཇོལ་རྫོང་)ཆང་ལས་ཀྱི་2013ལོའི་ཨའོ་ཡུན་རྒུན་ཆང་དམར་པོ་དེ་འཇོལ་རྫོང་ལ་འཛམ་གླིང་ཐོག་གི་ཐུན་མོང་མ་ཡིན་པའི་ས་བབ་མཐོ་བའི་རླུང་སའི་ཁྱད་ཆོས་ལྡན་པ་ར་འཕྲོད་བྱུང་བ་མ་ཟད།ཨའོ་ཡུན་ཤེལ་དམ་གཅིག་གི་རིན་གོང་ཨ་སྒོར་300ཡིན་པ་དང་ཁྲོམ་རའི་ཐོག་དགོས་མཁོ་སྐོང་ཐུབ་ཀྱི་མེད་པ་རེད།