བདེ་ཆེན་གྱི་གཞས་པ་༢མི་རིགས་ཁག་གིས་ལོ་གསར་བསུ་བའི་འཁྲབ་སྟོན་ནང་ཞུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་2པའི་ཚེས་11ཉིན་ནས་བཟུང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ།   སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་ཅེས་པའི་2021ལོའི་རྒྱལ་ཡོངས་མི་རིགས་ཁག་གིས་དཔྱིད་གསར་དུས་ཆེན་བསུ་བའི་མཉམ་སྤྲོའི་དགོང་ཚོགས་ཆེ་མོ་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་སོའི་བརྙན་འཕྲིན་ལས་ཁུངས་30ལྷག་ཙམ་ནས་དུས་གཅིག་ཏུ་བསྟན་པ་རེད།  བདེ་ཆེན་ཁུལ་གྱི་གཞས་པ་གཙང་གསུམ་གཅེན་གཅུང་ཨ་ཉི་དང་བཀྲ་ཤིས་དོན་གྲུབ་གཉིས་གདན་ཞུས་ལྟར་འཁྲབ་སྟོན་ལ་ཞུགས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན།  རྒྱལ་ཡོངས་མི་རིགས་ཁག་གིས་དཔྱིད་གསར་དུས་ཆེན་བསུ་བའི་མཉམ་སྤྲོའི་དགོང་ཚོགས་ནི་དབྱིན་ཁྲོན་གྲོང་ཁྱེར་གསར་འགྱུར་སྨྱན་སྦྱོར་ཚོགས་པས་གཉེར་བ་དང་2008ལོ་ནས་བཟུང་དབྱིན་ཁྲོན་གྲོང་ཁྱེར་དུ་ཐེངས་བརྒྱད་ལ་བསྡུས་ཡོད། དགོང་ཚོགས་དེ་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་གླུ་གར་གྱིས་བརྗོད་བྱ་གཙོ་བོ་བྱེད་པ་དང་།  མི་རིགས་མང་པོའི་སྒྱུ་རྩལ་མཚོན་ཚུལ་དུ་བྱེད་པ། རྒྱལ་ཡོངས་ཀྱི་ཞིང་ཆེན་ལྟེ་གནས་ཀྱི་བརྙན་འཕྲིན་ལས་ཁུངས་ནི་བརྒྱུད་བསྒྲགས་ལས་སྟེགས་སུ་བྱས་ནས་རྒྱལ་ཡོངས་ཀྱི་ཤུགས་རྐྱེན་ནུས་པ་ལྡན་པའི་གྲངས་ཉུང་མི་རིགས་ཀྱི་རིག་གནས་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད་པ་རེད།    2021ལོར་རྒྱལ་ཡོངས་མི་རིགས་ཁག་གིས་དཔྱིད་གསར་དུས་ཆེན་བསུ་བའི་མཉམ་སྤྲོའི་དགོང་ཚོགས་ཐོག་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་རིང་མི་རིགས་ཁག་གིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་དེ་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་དར་སྤེལ་དང་།མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད།  དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མངོན་པ།  རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་ཐུན་མོང་ཐོག་གཉེར་བ་བཅས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་གང་ལེགས་ཀྱིས་མངོན་ཡོད། 

    2020ལོའི་མཉམ་སྤྲོའི་དགོང་ཚོགས་ཀྱི་རྣམ་པ་རྒྱ་ཆེ་ཞིང་།  《བསྟོད་གླུ་ཏང་ལ་འབུལ་བ》ཞེས་པའི་གླུ་གར་ལས་འཁྲབ་འགོ་དངོས་སུ་ཚུགས།   ཀྲོང་རིགས་ཀྱི་གླུ་གར《གདང་བུའི་གླུ་དབྱངས》དང་ཉིང་ཞའི་གཞས་ཆུང་《གཞས་དཀྲོལ་ནས་ལོ་ལེགས་ལེན》ཞེས་པ་སོགས་འཁྲབ་ཚན་ཧ་ཅང་ཡག་པོ་ཡོད་པ་རེད།འདི་ལོ་ཡུན་ནན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་བརྒྱུད་ནས་སྒྲིག་འཛུགས་ཨུ་ལྷན་གྱིས་རང་ཁུལ་གྱི་གཞས་པ་གཉིས་གདན་འདྲེན་ཞུས་ཡོད།  གཙང་གསུམ་གཅེན་གཅུང་ཨ་ཉི་ཡིས《ལི་སུའུ་ཉམས་འགྱུར》ཞེས་པའི་གླུ་གཞས་འཁྲབ་སྟོན་བྱས་ཡོད།  བཀྲ་ཤིས་དོན་གྲུབ་ཀྱིས《ཁ་བའི་མེ་ཏོག》ཅེས་པ་བླངས་ཡོད་པ་མ་ཟད།    གཞས་མ་གྲགས་ཅན་ཝུའུ་ལན་ཐུའུ་ཡ་དང་མཉམ་དུ་གླུ་གཞས《ཕྱོགས་བཞི་མཚམས་བརྒྱད་ནས་ཀྲུང་གོར་བསྟོད་གླུ་ལེན》ཞེས་པའི་གླུ་གཞས་བཏང་ཡོད།