རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།སྟག་མཆོང་གྲོག་རོང་ནས་སེམས་ཀྱི་ཉི་ཟླ་བར་གྱི་གཞུང་ལམ་ནི་ཞིང་ཆེན་ལམ་ཐིགS209སེམས་ཀྱི་ཉི་ཟླའི་སྟག་མཆོང་གྲོག་རོང་ནས་དམག་རྟའི་ར་བ་བར་གྱི་གཞུང་ལམ་ཞིག་ཡིན་པ་དང་ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྟོང་སྨི་170.613ཡོད་པ་དེ་བདེ་ཆེན་ཁུལ་གྱི་བྱང་ཤར་རྒྱུད་ས་ཁུལ་དུ་ཁྱབ་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན།དཔྱིད་གསར་དུས་ཆེན་གྱི་གུང་གསེང་མཇུག་འགྲིལ་རྗེས་ཟླ་2པའི་ཚེས་18ཉིན་ནས་བཟུང་རྣམ་གྲངས་ལག་བསྟར་བྱེད་མཁན་ཕྱོགས་ཀྱིས་ཁྱོན་ཡོངས་ནས་ཐོན་སྐྱེད་བསྐྱར་མའི་ལས་དོན་བཀོད་སྒྲིག་བྱས་ཏེ་ཨར་ལས་ཀྱི་དུས་ཚོད་ཡག་ཤོས་དམ་འཛིན་གྱིས་ལས་གྲྭའི་འཕེལ་རིམ་ལ་དམ་འཛིན་བྱས་ནས་ལོ་མཇུག་ཏུ་པོ་ཏ་མཚོ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལམ་དུམ་བུ་ཤར་གཏོང་ཐུབ་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད།
ལམ་ཐིག་ཧྲིལ་པོའི་ཨར་ལས་བྱ་ཡུལ་12ལས་འགོ་ཚུགས་པ་དང་། སྟག་མཆོང་གྲོག་རོང་སྟོད་མའི་ཕུག་ལམ་གྱི་ནང་དུ་འགྲོ་ས་དང་ཐོན་སྒོ། སྟག་མཆོང་གྲོག་རོང་སྨད་མའི་ནང་དུ་འགྲོ་ས་སོགས་རྣམ་གྲངས་ཀྱི་བླང་བྱ་ལྟར། སྟག་མཆོང་གྲོག་རོང་ནས་སེམས་ཀྱི་ཉི་ཟླ་བར་གྱི་གཞུང་ལམ་དེ་ཟླ་གསུམ་པའི་ཟླ་དཀྱིལ་དུ་ལམ་གཞི་རིམ་པ་སྟེ་ལམ་གཞིའི་ལས་གྲྭ་ཧྲིལ་པོའི་བཟོ་སྐྲུན་རྩིས་སྤྲོད་དང་ཞིབ་བཤེར་རྩིས་ལེན། སྤུས་ཚད་ཞིབ་དཔྱད་གཏན་འཁེལ། ཚད་གཞི་ལོན་རྗེས་ལམ་ངོས་ལས་གྲྭ་འཛུགས་སྐྲུན་ནང་ཞུགས་པ་བཅས་ཀྱི་ལས་དོན་ལ་རིམ་བཞིན་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། ཟླ་4པའི་ཚེས་30ཉིན་གྱི་གོང་དུ་རིམ་པ་དང་པོའི་ལམ་དུམ་གྱི་རིམ་སྐོར་ལེགས་འགྲུབ་བྱུང་དུ་འཇུག་རྒྱུ་ཡིན་པ་དང་། ལམ་དུམ་གཞན་དག་ནི་ཟླ་6པའི་ཚེས་30ཉིན་གྱི་གོང་དུ་རིམ་སྐོར་ལེགས་འགྲུབ་བྱུང་དུ་འཇུག་རྒྱུ་རེད།
ཤེས་གསལ་བྱུང་དོན། གཞུང་ལམ་དེ་ཡུལ་སྐོར་སྐོར་ལམ་ཤར་མ་བྱས་ནས་སྟག་མཆོང་གྲོག་རོང་དང་ཧ་པ་རི་བོ། ཆུ་དཀར་ཆུ་ནག པོ་ཏ་མཚོ་སོགས་ལྗོངས་ཁུལ་བརྒྱུད་པས་ཡུལ་སྐོར་ལམ་ཐིག་སྤུས་དག་ཅིག་ཡིན་ལ།རྣམ་གྲངས་ཀྱི་བསྐྱར་སྐྲུན་རྒྱས་སྐྲུན་དང་རིམ་སྤོར་འཛུགས་སྐྲུན་བྱས་ན་ནུས་ལྡན་སྒོས་ལམ་རྒྱུད་ཀྱི་མང་ཚོགས་དབུལ་ཐར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་ཐུབ་པ་དང་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་སྤུས་རྟགས་ཀྱི་གཟུགས་བརྙན་ལེགས་སུ་གཏོང་ཐུབ། ཡུལ་སྐོར་ཕྱོགས་ཡོངས་ནས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་ཐུབ་སྟེ། ཡུལ་སྐོར་དང་རིག་གནས། ཚན་རྩལ། དབུལ་སྐྱོར་སོགས་བྱེད་ནུས་སྣ་མང་རྩེག་སྣོན་བྱས་ནས་ཁྱབ་འགྱེད་ཀྱིས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་ནུས་སྣང་ཕྱིར་གཏོང་ཐུབ།དེ་བཞིན་ཤིན་ཏུ་དབུལ་ཕོངས་ས་ཆའི་དབུལ་ཐར་དང་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་དང་བདེ་ཆེན་ཁུལ་གྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་གཏོང་བ་སོགས་ལ་དོན་སྙིང་གལ་ཆེན་ལྡན་པ་རེད།