རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སྤྲོ་སྣང་འཕེལ་བའི་ཨ་ཅག་ཞིའུ་དབྱིང་ནི་འཇོལ་ཡན་མོན་ཤང་ཡུས་ཀུང་གྲོང་ཚོའིབོད་རིགས་བུད་མེད་ཅིག་ཡིན་ལ། གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡིན་ཏེ། གྲོང་ཚོའི་བུད་མེད་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་ཧུར་ཐག་བྱེད་བཞིན་པ་མ་ཟད། གཞན་རྫོང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་ལ། རྫོང་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུའི་ཐོག་གྲོང་ཚོ་དང་ཐ་ན་རྫོང་ཡོངས་ཀྱི་འཕེལ་རྒྱས་ལ་ཐབས་ཇུས་བཏོན་པ་མྱངས་པ་རེད།
ཞིའུ་དབྱིང་1965ལོར་འཇོལ་ཡན་མོན་ཤང་ཡུས་ཀུང་གྲོང་ཚོའི་ཚོགས་ཆུང་དང་པོ་དང་གྲོང་གསེབ་ཀྱི་ཞིང་བ་ཕལ་བ་ཞིག་གི་ཁྱིམ་དུ་སྐྱེས་པའི་བོད་རིགས་བུད་མེད་དཀྱུས་མ་ཞིག་ཡིན་ལ། འཇིག་རྟེན་གྱི་རླབས་ཆེན་ཨ་མ་མང་པོའི་ཁྲོད་ཀྱི་གཅིག་ཡིན་པ་རེད། ཞིའུ་དབྱིང་ནི་ཁྱིམ་གྱི་བུ་ཕྲུག་ཆེས་ཆེ་བ་ཡིན་ལ། ཨ་མ་ནད་ཀྱིས་མནར་ནས་ལོ་མང་བོ་འགོར་ཞིང་། ཨ་ཕ་ནི་ལས་བྱེད་པ་ཡིན་མོད། འོན་ཀྱང་བཟའ་མི་མང་བས་ཕ་གཅིག་གི་གླ་ཕོགས་ཀྱིས་ཁྱིམ་ཚང་གི་འགྲོ་སོང་ཡོད་ཚད་གཏོང་ཐབས་མེད་པས། སྐབས་དེར་དམའ་རིམ་འགྲིམ་མཁན་བཞིན་པའི་ཞིའུ་དབྱིང་སློབ་མཚམས་བཞག་ནས་ཁོར་བ་སྐྱོང་རོགས་མི་བྱེད་ཐབས་མེད་བྱུང་བ་རེད། འདི་ལྟར་ཁོ་མོས་དབུལ་ཕོངས་ཀྱི་གྲོང་གསེབ་ཏུ་ཞིང་བའི་དཀའ་སྡུག་གི་འཚོ་བ་འགོ་བརྩམས་པ་རེད།
ཞིའུ་དབྱིང་ཁྱིམ་བདག་མ་བཟང་བོ་ཞིག་དང་རླབས་ཆེན་གྱི་ཨ་མ་ཞིག་བྱེད་པའི་ཞོར་དུ་ལོ་སུམ་ཅུ་ལྷག་ཙམ་ནས་བཟུང་གྲོང་མིའི་ཚོགས་ཆུང་གི་བུད་མེད་ཨུ་ཡོན་གྱི་འགན་འཁུར་ཞིང་། ད་བར་ལོ་ཉི་ཤུ་ལྷག་ཙམ་སོང་།2013ལོར་ཁོང་གིས་གྲོང་ཚོའི་བུད་མེད་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་རེན་ལ་བདམས་པ་དང་། གྲོང་ཚོ་དེ་གའི་བུད་མེད་སྒྲིག་འཛུགས་དང་།སྣེ་ཁྲིད།སློབ་གསོ་བཅས་ཀྱི་འགན་འཁུར་ནས་དོན་སྙིང་ལྡན་པའི་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་གྲོང་ཚོ་དེ་གའི་ཁྱིམ་ཚང་གི་མི་འབོར་ཆ་འཕྲིན་ཐོ་འགོད་བྱས་པར་ནོར་འཁྲུལ་གཏན་ནས་ཐོན་མྱོང་མེད།2017ལོའི“ཚོགས་སྤྱིའི་སྒྱུར་བཅོས་མཐུན་ཚོགས”ཁྲོད་བདེ་བླག་ངང་གྲོང་སྡེའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིར་བདམས་པ་དང་།ཤང་ཡོངས་ཀྱི“ཕུལ་བྱུང་ཆ་འཕྲིན་པ”དང“བུད་མེད་རྩལ་ནུས”ཀྱི་གཟེངས་བསྟོད་ཐོབ་པ་མ་ཟད།སྐབས་གཉིས་བསྟུད་མར་རྫོང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་པ་རེད།གྲོང་ཚོའི་ནང་གི་བུད་མེད་ཚོས་ཁོང་ལ་ཡིད་ཆེས་བྱེད་ལ།ཁོང་གི་འགོ་ཁྲིད་འོག་ལས་ཀ་ལ་འབད་བརྩོན་ཧུར་ཐག་བྱེད་པ་རེད། ལོ་ལྟར་ཁོ་མོས་བུད་མེད་དུས་ཆེན་ཐེངས་རེ་སྒྲིག་འཛུགས་ཡག་པོ་བྱས་ནས་གྲོང་ཚོ་དེ་ཡོངས་ཀྱི་བུད་མེད་གཅིག་སྡུད་བྱས་ཏེ་བུད་མེད་སྤུན་ཟླ་ཚོར་བུད་མེད་དུས་ཆེན་ཐེངས་རེ་གཏོང་དུ་བཅུག་པ་ཡིན་ལ། ཚང་མའི་ཐུན་མོང་གི་གཟི་བརྗིད་སྣང་བ་ཆེ་རུ་གཏོང་བ་དང་མཐུན་སྒྲིལ་ཟབ་ཏུ་བཏང་བ་རེད། ཟླ་དང་པོར་བུད་མེད་ཚོས་གྲོང་ཚོའི་ཚོགས་ཆུང་གི་འགྲོ་ལམ་གཙང་ཕྱགས་བྱེད་པ་དང་ཁང་པའི་རྒྱབ་མདུན་གྱི་གད་སྙིགས་ནི་ཡུས་ཀུང་གྲོང་ཚོའི་བུད་མེད་མཉམ་སྡེབ་ཀྱི་ལམ་ལུགས་ཤིག་ཏུ་གྱུར་ཡོད། ཞིའུ་དབྱིང་གིས་ད་དུང་བུད་མེད་འཕྲོད་བསྟེན་ལྟ་ཞིབ་ཚོགས་ཆུང་བཙུགས་ནས་ཁྱིམ་ཚང་གི་འཕྲོད་བསྟེན་ལས་དོན་སྤེལ་ཚུལ་ལ་ཞིབ་བཤེར་བྱེད་འགན་ཁུར་ཏེ་ཚང་མའི་འཚོ་བའི་སྤུས་ཚད་སྔར་བས་ལེགས་སུ་བཏང་ཡོད། ཞིའུ་དབྱིང་གྱིས་རྒྱུན་དུ་བུད་མེད་རྣམས་རྩ་འཛུགས་བྱས་ནས་རོགས་སྐྱོར་བྱེད་དགོས་པའི་བུད་མེད་དང་ལྷག་པར་དུ་སྡེ་བའི་ནང་དུ་རྒན་མོ་མི་ཧྲེང་ཞིག་ཡོད།ཁོ་མོས་རྒྱུན་དུ་བུད་མེད་རྣམས་རྩ་འཛུགས་བྱས་ཏེ་ཁོ་ཚོར་བལྟ་རུ་འགྲོ་བ་དང་ཨ་ཕྱིས་ཁྱིམ་ལས་ལས་རོགས་བྱེད་དུ་འཇུག་གི་ཡོད།གྲོང་གསེབ་ཀྱི་བུད་མེད་རྣམས་རང་ཁྱིམ་དུ་ཡུན་རིང་སྡོད་པ་མཐོང་སྐབས་ཆ་འཕྲིན་སྟབས་བདེ་མེད་པ་དང་། ཞིའུ་དབྱིང་གིས་བུད་མེད་རྣམས་སྒྲིག་འཛུགས་བྱས་ཏེ་ལས་གྲྭ་ཆུང་གྲས་འགན་གཙང་ལེན་དུ་བཅུག་ནས་གྲོན་དངུལ་བསགས་ཏེ་བུད་མེད་རྣམས་རི་ཆེན་པོ་ནས་ཕྱིར་ཁྲིད་དེ་ཁོང་གིས་བུད་མེད་ཨུ་ཡོན་གྱི་འགན་འཁུར་རིང་གྲོང་ཚོ་དེ་ཡོངས་ཀྱི་བུད་མེད་རྣམས་ཁྲིད་དེ་ཏ་ལི་ཁུལ་གཞན་གྱི་སྔོན་ཐོན་ཉམས་མྱོང་ལ་རྟོག་ཞིབ་དང་སློབ་སྦྱོང་བྱེད་དུ་བཅུག་པ་དེ་ནི་བུད་མེད་ཚང་མ་རི་ཆེན་པོ་ནས་ཕྱིར་བསྐྱོད་དེ་ཕྱི་རོལ་གྱི་འཇིག་རྟེན་ལ་ལྟ་རུ་འཇུག་ཐེངས་དང་པོ་རེད་ཅེས་བརྗོད་ཆོག 2014ལོར་ཁོང་གིས་ད་དུང་བུད་མེད་སྒྲིག་འཛུགས་བྱས་ནས་བོད་དུ་བསྐྱོད་དེ་བོད་རིགས་ས་ཁུལ་གྱི་རིག་གནས་མྱོང་རོལ་བྱས་པ་དང་ཆབས་ཅིག་གྲོང་ཚོའི་བུད་མེད་ཀྱི་མཐོང་རྒྱ་ཡང་ཆེ་རུ་བཏང་ཡོད། 2018ལོའི་ཟླ་བཞི་པའི་ཟླ་འགོའི་དུས་འགོར་ཁོང་གིས་ད་དུང་གྲོང་ཚོའི་ནང་གི་བུད་མེད་ཚོའི་སྣེ་ཁྲིད་དེ་པེ་ཅིང་དུ་བསྐྱོད་ནས་རྒྱལ་དར་སྒྲེང་བའི་མཛད་སྒོ་དང་བར་ཐག་མེད་པར་མཇལ་བར་བསྐྱོད་པ་རེད།
2018ལོའི་ཟླ་11པར།འབྲི་ཆུ་འབྲི་ཆུའི་བཀག་ཆུའི་ཆུ་ལོག་གིས་འཇོལ་རྫོང་གི་འབྲི་ཆུའི་རྒྱུད་དུ་གནོད་འཚེ་ཚབས་ཆེན་བཟོས་ཤིང་། ཁོ་གིས་གྲོང་ཚོའི་བུད་མེད་དང་བླངས་པ་སྒྲིག་འཛུགས་ཧུར་ཐག་བྱས་ནས་ཞལ་འདེབས་བསྡོམས་འབོར་སྒོར་9025ཕུལ། དེ་ཕྱིར་ཁོ་མོའི་བྱེད་ཐབས་སྣ་ཚོགས་ལ་མི་རྣམས་ཀྱི་ཁས་ལེན་ཐོབ་པ་མ་ཟད།ཚང་མས་ཁོང་ལ་མུ་མཐུད་ཚང་མའི་སྣེ་ཁྲིད་དེ་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
ཐབས་ཤེས་གཉིས་འཛོམས་ཀྱི་ཞིའུ་དབྱིང་ལ2018ལོར་ཁུལ་ཡོངས་ཀྱི་རླབས་ཆེན་ཨ་མའི་མཚན་སྙན་ཐོབ་ལ། 2019ལོར་རྒྱལ་ཡོངས་ཀྱི“ཁྱིམ་ཚང་ཡག་ཤོས”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།
ཞིའུ་དབྱིང་གི་ཕ་མར་བསྙེན་བཀུར་ཆེ་བའི་བུ་མོ་ཞིག་དང་། རླབས་ཆེན་གྱི་ཨ་མ་ཞིག བྱམས་ལྡན་གྱི་རྨོ་བོ་ཞིག ལས་གོ་འཕེར་བའི་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཞིག་བཅས་ཡིན་པའི་ངོས་ནས་བརྗོད་ན་ཁོང་གིས་རང་ཉིད་ཀྱི་ནུས་པ་ཚང་མ་ཡག་པོ་འདོན་གྱི་ཡོད་ལ།ཁོང་གི་གུས་བཀུར་ཞུ་འོས་པའི་བྱ་སྤྱོད་དེ་དག་གིས་ཁོང་གི་བུ་ཕྲུག་ལ་ཤུགས་རྐྱེན་བཟང་བོ་ཐེབས་ཡོད་ལ་གྲོང་ཚོ་ཡོངས་ཀྱི་བུད་མེད་ལ་ཤུགས་རྐྱེན་ཐེབས་ཡོད།ད་ཆ་ཞིའུ་དབྱིང་གི་བུ་ཕྲུག་ཚོ་བློ་བདེ་པོའི་ངང་ལས་ཀར་འགྲོ་བ་དང་ཁོང་གིས་ཚ་བོ་དང་ཚ་མོ་དང་དེ་བཞིན་བགྲེས་སོང་གི་ཕ་མར་ལྟ་རྟོག་བྱས་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།