མཐོ་སྒང་གི་དབྱུག་རྩེད་སྤོ་ལོའི་རུ་མི་ཆུང་ཆུང་ཚོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-08   རྩོམ་ཁུངས།    ཞིན་ཧ་དྲ་བ།

2.jpg  འདི་ནི་དབྱུག་རྩེད་སྤོ་ལོ་རུ་ཁག་དགེ་རྒན་དང་མཉམ་དུ་ཡོད་པ།

3.jpg

འདི་ནི་རུ་མི་སྙིང་བྱམས་རྒྱལ་སྦྱོང་བརྡར་ནང་ཞུགས་བཞིན་པའི་ཚུལ་རེད།

2.jpg

འདི་ནི་རུ་མི་སྙིང་བྱམས་རྒྱལ་གྱིས་སྤོ་ལོ་འཕེན་བཞིན་པའི་ཚུལ་རེད། 

5.jpg

འདི་ནི་རུ་མི་སྙིང་བྱམས་རྒྱལ་སྦྱོང་བརྡར་ར་བ་དང་ཁ་བྲལ་བཞིན་པའི་ཚུལ་རེད། 

2.jpg

འདི་ནི་རུ་མི་སྙིང་བྱམས་རྒྱལ་སྦྱོང་བརྡར་ནང་ཞུགས་བཞིན་པའི་ཚུལ་རེད། 

3.jpg

འདི་ནི་རུ་མི་སྙིང་བྱམས་རྒྱལ་སྦྱོང་བརྡར་ནང་ཞུགས་བཞིན་པའི་ཚུལ་རེད། 

4.jpg

འདི་ནི་རུ་མི་རིན་ཆེན་རྒྱལ་སྦྱོང་བརྡར་ནང་ཞུགས་ཡོད་པའི་ཚུལ་རེད། 

5.jpg

འདི་ནི་རུ་མི་ཆུང་ཆུང་ཚོས་སློབ་སྦྱོང་བྱེད་བཞིན་པའི་ཚུལ་རེད། 

2.jpg

འདི་ནི་དབྱུག་རྩེད་སྤོ་ལོ་རུ་ཁག་གིས་སྔོན་གྱི་སྦྱོང་བརྡར་བྱེད་བཞིན་པའི་ཚུལ་རེད།

2.jpg

འདི་ནི་དབྱུག་རྩེད་སྤོ་ལོ་རུ་ཁག་གིས་སྦྱོང་བརྡར་བྱེད་བཞིན་པའི་ཚུལ་རེད། 

2.jpg

འདི་ནི་དགེ་རྒན་གྱིས་རུ་མི་དག་ལ་སློབ་ཁྲིད་བྱེད་བཞིན་པའི་ཚུལ་རེད། 

5.jpg

འདི་ནི་དགེ་རྒན་གྱིས་རུ་མི་ཞིག་ལ་སློབ་ཁྲིད་བྱེད་བཞིན་པའི་ཚུལ་ཡིན། 

    སློབ་སྐབས་གསར་བ་འགོ་ཚུགས་པ་དང་བསྟུན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་གི་མི་རིགས་བཅའ་སྡོད་ཆ་ཚང་སློབ་གྲྭའི་དབྱུག་རྩེད་སྤོ་ལོ་རུ་ཁག་གི་སློབ་མ་ཚོ་ཡང་བསྐྱར་སྦྱོང་བརྡར་ར་བར་སླེབས་ཏེ། ས་བབ་མཐོ་ཚད་སྨི3300ཡིན་པའི་མཐོ་སྒང་དུ་མུ་མཐུད་དུ་རང་ཉིད་ཀྱི་དབྱུག་རྩེད་སྤོ་ལོའི་ཕུགས་འདུན་བསྙེགས་བཞིན་ཡོད།

    2017ལོར་བྲག་དཀར་རྫོང་མི་རིགས་བཅའ་སྡོད་ཆ་ཚང་སློབ་གྲྭས་སློབ་རའི་དབྱུག་རྩེད་སྤོ་ལོ་རུ་ཁག་བཙུགས་ནས། སྤོ་ལོ་རྒྱག་མཁན་ཆུང་ཆུང་ཚོར་ཆེད་ལས་དགེ་རྒན་གདན་དྲངས་ལ། ལོ4ཡི་སྦྱོང་བརྡར་བརྒྱུད་དབྱུག་རྩེད་སྤོ་ལོ་རུ་ཁག་གིས་རུ་མི50ལྷག་གསོ་སྐྱོང་བྱས་པ་དང་། མིག་སྔར་བོད་རིགས་བྱིས་པ་ཚོས་གྲུབ་པའི་རུ་ཁག་དེ་ལ་ཀུན་གྱིས་ཐུགས་ཁུར་ཐོབ་པ་ལས་གཞན། རུ་མི་རིན་ཆེན་རྒྱལ་དང་དབང་ཆེན་སྐྱབས་གཉིས་ཆེད་ལས་རུ་ཁག་གི་རྟོག་ཞིབ་ཐོབ་པ་རེད།

    ལོ13ལོན་པའི་རུ་མི་ཆུང་ཆུང་སྙིང་བྱམས་རྒྱལ་གྱིས་བཤད་རྒྱུར། ཁོའི་ཕུགས་འདུན་ནི་ཧུར་བརྩོན་གྱིས་དབྱུག་རྩེད་སྤོ་ལོ་བརྒྱབ་ནས་ཆེད་ལས་དབྱུག་རྩེད་སྤོ་ལོའི་ལུས་རྩལ་པ་ཞིག་བྱེད་པ་དང་རྒྱལ་ཁབ་རུ་ཁག་གི་རུ་མི་ཞིག་ཏུ་འགྱུར་བར་ནུས་ཤུགས་འདོན་རྒྱུ་ཡིན་ཞེས་བསྟན། །