ལྔ་ཤོག་ཤང་ནས་སྟོང་ལ་ཉེ་བའི་བྱ་རིགས་ཤིག་བརྙན་ཕབ་ཐུབ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་3ཚེས་7ཉིན་གྱི་ཞོགས་པར། གསར་འགོད་པས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྔ་ཤོག་ཤང་མཚམས་རྒྱབ་གྲོང་ཚོའི་ཐང་སྟོད་གྲོང་མི་ཚོགས་ཆུང་ནས་མཐོང་དཀོན་པའི་བྱ་རིགས་ཤིག་པར་ལེན་ཐུབ་ཅིང་། འདབ་ཆགས་ཆེད་མཁས་པས་གསལ་འབྱེད་བྱས་པ་བརྒྱུད་བྱ་རིགས་འདི་ནི་ཀྲུང་གོར་དམིགས་བསལ་དུ་ཡོད་པའི་སྲོག་ཆགས་ཤིག་ཡིན་པ་དང་། འཛམ་གླིང་ན་སྟོང་ལ་ཉེ་བའི་སྲོག་ཆགས་ཤིག་ཡིན་པར་བཤད། མིག་སྔར་ཡུན་ནན་ནུབ་བྱང་རྒྱུད་ཀྱི་ས་དམ་ས་ཁུལ་དང་དེ་མིན་སི་ཁྲོན་ལྷོ་ནུབ་རྒྱུད་དུ་མ་གཏོགས་མཐོང་རྒྱུ་མེད་པར་བཤད། 

        འཇོལ་ཁྲ་ནི་ཀྲུང་གོའི་སི་ཁྲོན་དང་ཡུན་ནན་དུ་ཤེས་རྟོགས་བྱུང་བའི་གཟུགས་པོ་ཡོངས་ཁྲ་ཐིག་དཀར་པོ་ཅན་གྱི་བྱ་རིགས་ཤིག་ཡིན་ཞིང་།སྔོན་ཆད་ལོ་མང་པོའི་རིང་ལ་འཚོ་གནས་ཀྱི་བརྙན་ཕབ་རྒྱུ་ཆའང་ཟིན་ཐོར་བཀོད་མེད། ཀྲུང་གོའི་གྲགས་ཅན་འདབ་ཆགས་ཆེད་མཁས་པ་ཧན་ལེན་ཤན་གྱིས་གསར་འགོད་པར་2021ལོའི་ཟླ་2ཚེས་5ཉིན་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་འདབ་ཆགས་རིགས་སུ་དངོས་སུ་རིམ་སྤོར་བྱས་ཤིང་། འདི་ནི་མིག་སྔར་སྟོང་ལ་ཉེ་བའི་བྱ་རིགས་ཤིག་རེད་ཅེས་བཤད།

        ས་གནས་དེ་གའི་མང་ཚོགས་ཅིན་ཧྲོའུ་དང་ཤའོ་པའོ་ཡི་མཛུབ་ཁྲིད་འོག་ཟླ་3ཚེས་7ཉིན་ཁྱོན་ས་གནས་དྲུག་ནས་འཇོལ་ཁྲ་ལྟ་ཞིབ་ཐུབ་པ་དེ་ནི་མིག་སྔར་ཐོ་འགོད་བྱས་པའི་གྲངས་འབོར་ཅུང་མང་བའི་ཟིན་ཐོ་ཞིག་ཡིན་ལ། སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་ལྔ་ཤོག་ཤང་མཚམས་རྒྱབ་གྲོང་ཚོའི་སྐྱེ་དངོས་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་ལ་ནགས་ཚལ་ཁྱབ་ཚད་90%ཡན་ཟིན་གྱི་ཡོད་པས། ལོ་མང་རིང་ལྔ་ཤོག་ཤང་གིས་ཐོག་མཐའ་བར་གསུམ་དུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དོ་སྙོམས་ལ་མཐོང་ཆེན་བྱས་པས། ཐེངས་འདིའི་འཇོལ་ཁྲ་བརྙན་ཕབ་ཐོ་འགོད་བྱས་ཐུབ་པ་ལས་ཤེས་རྟོགས་བྱུང་ཐུབ་པ་ལྟར། ལྔ་ཤོག་ཤང་གི་རང་བྱུང་ཐོན་ཁུངས་ཀྱི་ཕུན་སུམ་ཚོགས་པའི་རང་བཞིན་ར་སྤྲོད་ཐུབ་ལ། ཐང་སྟོད་གྲོང་ཚོའི་མང་ཚོགས་ཀྱིས་ལོ་མང་རིང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་ཡང་ཁེག་ཐག་བྱེད་ཐུབ།

        ལྔ་ཤོག་ཤང་ཏང་ཨུའི་ཧྲུའུ་ཅི་ཀའོ་ཀྲི་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མི་དང་རང་བྱུང་ཁམས་ནི་ཚེ་སྲོག་གི་ཐུན་མོང་མ་ཡིན་པའི་ཚོགས་པ་ཞིག་ཡིན་ཏེ། དེ་སྔོན་གྱི་རི་དེ་མཇུག་རིང་སྐེ་ནག་དང་། དུས་དེ་རིང་གི་འཇོལ་ཁྲ་སོགས་སྟོང་ལ་ཉེ་བའི་རྩ་ཆེན་སྲོགས་ཆགས་མང་བོ་སྔ་རྗེས་སུ་སྔ་ཤོག་ས་ཆ་ནས་བརྙན་ཕབ་བྱེད་ཐུབ་པ་འདིས། ལྔ་ཤོག་ཤང་གིས་“སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་ཏན་ཏིག་བྱས་པ་མཚོན་ཡོད་ལ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་བཟང་པོར་ཧུར་ཐག་བྱས་པའི་གྲུབ་འབྲས་མངོན་ཡོད་པ་རེད་ཅེས་བཤད།