རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཟླ་3པའི་ཚེས་15ཉིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་ལམ་ཨང་རྟགས5པར་གནས་པའི་བདེ་ཆེན་ཁུལ་བཟོ་པའི་རིག་གནས་ཁང་ངམ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལས་བཟོའི་ཞབས་ཞུ་ལྟེ་གནས་དངོས་སུ་སྒོ་ཕྱེ་བ་དང་འབྲེལ་རྒྱ་ཆེའི་ལས་བཟོ་བར་ཁ་ཕྱོགས་ནས་རིན་མེད་ངང་བེད་སྤྱོད་བྱས་ཆོག་གི་ཡོད།
ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་དབྱི་ཀྲི་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཆི་ཅན་ཞིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སེམས་ཀྱི་ཉི་ཟླ་གྲོང་ཨུའི་ཧྲུའུ་ཅི་ཡུས་ཧྲེང་ཞང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཁུང་ཝུའེ་ཧྭ་བཅས་སྒོ་དབྱེའི་མཛད་སྒོར་ཞུགས་པ་རེད།
ཝང་དབྱི་ཀྲིས་བདེ་ཆེན་ཁུལ་བཟོ་པའི་རིག་གནས་ཁང་ངམ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལས་བཟོའི་ཞབས་ཞུ་ལྟེ་གནས་དངོས་སུ་སྒོ་ཕྱེ་བའི་ཁྱབ་བསྒྲགས་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་དབྱི་ཀྲི་ལས་བཟོའི་ཞབས་ཞུའི་ལྟེ་གནས་དངོས་སུ་སྒོ་ཕྱེ་བར་རྟེན་འབྲེལ་ཡང་ཞུས་པ་རེད། ཁོང་གིས་རིམ་ཁག་བཟོ་ཚོགས་ཀྱིས་རང་འགུལ་ངང་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་དང་འཚམ་པ་བྱས་ཏེ་མང་ཚོགས་སྒྲིག་འཛུགས་དང་། མང་ཚོགས་ལ་དྲིལ་བསྒྲགས། མང་ཚོགས་ལ་སློབ་གསོ། མང་ཚོགས་ལ་ཁྲིད་སྟོན་བཅས་ཀྱི་ལས་དོན་མང་ཙམ་བསྒྲུབས་ནས་བསམ་བློ་གཅིག་གྱུར་དང་།མི་སེམས་གཅིག་སྒྲིལ། འགལ་ཟླ་སེལ་བ། བརྩེ་སེམས་ཟབ་ཏུ་གཏོང་བ། སྒུལ་ཤུགས་འཕེལ་བ་བཅས་ཀྱི་ལས་དོན་མང་ཙམ་སྒྲུབ་དགོས་ཞེས་གསུངས།
ཆི་ཅན་ཞིན་གྱིས་བཟོ་པའི་རིག་གནས་ཁང་དང་། ལས་བཟོའི་ཞབས་ཞུའི་ལྟེ་གནས། ལས་བཟོའི་ཁྱིམ་ཚང་།ལས་བཟོའི་དཔེ་དེབ་ཁང་། ཁང་ཕྱིའི་ལས་བཟོའི་ས་ཚིགས་སོགས་ཞབས་ཞུའི་གཡུལ་ས་བསྐྲུན་རྒྱུ་ཇེ་མགྱོགས་སུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་བཟོ་ཚོགས་ཀྱི་མདུན་གྲལ་དུ་བསྐྱོད་དེ་ཁུལ་ཡོངས་ཀྱི་བཟོ་པའི་ལས་འགུལ་བྱ་གཞག་དང་བཟོ་ཚོགས་ལས་དོན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་དགོས་ཞེས་གསུངས་བཤད་གནང་།
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་དབྱང་ཧྥེང་ཞི་ཡིས་ལྟེ་གནས་སྒོ་ཕྱེ་བའི་མཛད་སྒོར་འགོ་འཛིན་མཛད།
ཤེས་རྟོགས་བྱུང་བར་གཞིགས་ན།ཁུལ་བཟོ་པའི་རིག་གནས་ཁང་ངམ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ལས་བཟོའི་ཞབས་ཞུ་ལྟེ་གནས་དེ་རྒྱལ་ཐང་ལམ་ཨང་རྟགས5པར་གནས་ཡོད་ཅིང་ས་ཆ་བཟུང་ཚད་མུའུ་14.6ཟིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་8195ཟིན་ཡོད་པ་རེད། ལས་བཟོ་པའི་ལས་ཞོར་སློབ་སྦྱོང་དང་། སྤྲོ་གསེང་ལུས་སྦྱོང་། དཀའ་ངལ་ཡོད་པའི་ལས་བཟོ་པར་རོགས་སྐྱོར། ངལ་རྩོལ་རྩོད་གཞི་འདུམ་འགྲིག གླ་རྒྱག་ཞིང་པའི་ཁེ་དབང་སྲུང་སྐྱོང་ཞབས་ཞུ། ལས་བཟོ་པའི་བཅའ་ཁྲིམས་རོགས་སྐྱོར། ལས་བཟོ་པའི་སྨན་བཅོས་རོགས་རེས། ལས་བཟོ་པའི་གསོ་སྦྱོང་སོགས་གཞི་གཅིག་ཏུ་འདུས་པའི་སྤྱི་ཕན་འབུར་ཐོན་གྱི་བྱེད་སྒོ་སྤེལ་གནས་ཤིག་ཡིན་པ་དང་། ལྟེ་གནས་ནང་དུ་འགྲེམས་ཁང་དང་། ལུས་སྦྱོང་ཁང་།ཀློག་འདོན་ཚོགས་ཁང་། མིག་མངས་ལྟེ་གནས། མདའ་ལམ་ཁང་། གཟི་བརྗིད་མཚན་སྙན་འགྲེམས་ཁང་། སློབ་ཁང་། ལས་བཟོའི་སློབ་ཁང་སོགས་ཚུད་ཡོད་པ་དང་། ཁང་པའི་ཕྱི་རོལ་དུ་མི་ལྔ་ཡིས་རྐང་རྩེད་སྤོ་ལོ་རྩེད་ས་དང་། ཕའེ་ཆིའུ་སྤོ་ལོ་རྩེད་ས། དྲ་འཕེན་སྤོ་ལོ་རྩེད་ས་སོགས་བཙུགས་ཡོད། ཉིན་དེར་ཁུལ་རིམ་པའི་ལས་ཁུངས་ཀྱི་ལས་བཟོའི་སྤྲོ་སྣང་ལྡན་པའི་ལུས་རྩལ་འགྲན་ཚོགས་ཐེངས་དང་པོ་འགོ་ཚུགས་ཡོད།
ལྟེ་གནས་དེ་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བར་ཁ་ཕྱོགས་ནས་རིན་མེད་ངང་སྒོ་ཕྱེས་ཡོད་པ་དང་། ཉིན་ལྟར་སྒོ་ཕྱེ་བའི་དུས་ཚོད་ནི་ཞོགས་པའི་ཆུ་ཚོད་དགུ་པ་ནས་དགོང་མོའི་ཆུ་ཚོད་བཅུ་པ་བར་ཡིན། གཟའ་མཇུག་དང་དེ་བཞིན་དུས་ཆེན་དང་ངལ་གསོའི་དུས་ཚོད་ནང་རྒྱུན་གཏན་ལྟར་སྒོ་འབྱེད་རྒྱུ་རེད།