རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-25   རྩོམ་ཁུངས།    རྔ་བའི་བརྙན་འཕྲིན་ཁང་བོད་ཡིག་སྨྱན་སྦྱོར།
1.མེའི་རིགས་གཏན་འགོག་བྱ་དགོས།
སྣུམ་སྣོན་ས་ཚིགས་ནས་མེའི་རིགས་གཏན་འགོག་དང་། མངོན་གསལ་དོད་པའི་དྲིལ་བསྒྲགས་བྱང་བུ་འཛུགས་པ། མེ་སྟག་ཐོན་སྲིད་པའི་ལས་ཀ་གཏན་འགོག་བྱ་དགོས། དཔེར་ན། རླངས་འཁོར་ཞིབ་བཤེར་དང་ལྕགས་རིགས་ལ་ཚ་ལ་རྒྱག་པ་སོགས་ཀྱི་ལས་ཀ་བྱེད་མི་རུང་།
2.ཁ་པར་བེད་སྤྱོད་གཏོང་མི་རུང་།
སྣུམ་མདའ་དང་བར་ཐག་སྨི་4.5ཡོད་པའི་མཚམས་སུ་ཁ་པར་གཏོང་མི་ཆོག་པ་མ་ཟད། བརྡ་འཕྲིན་ཡང་བསྐུར་མི་རུང་། ནན་གྱིས་བཤད་ན། སྣུམ་སྣོན་ས་ཚིགས་སུ་འགྲོ་དུས་རབ་ཡིན་ན་ཁ་པར་ཁ་བརྒྱབ་སྟེ་བདེ་འཇགས་ལ་ཁག་ཐེག་བྱེད་དགོས།
3.ཉེན་མེད་བཀོལ་སྤྱོད།
ལས་བཟོ་བས་མེ་འགོག་བདེ་འཇགས་སྐོར་གྱི་གཏན་འབེབས་ཁོང་དུ་ཆུད་པར་བྱས་ཏེ། ལག་ལེན་ཞིབ་མོ་བྱས་ནས་སྣུམ་ཕྱིར་མི་དོན་པར་བྱ་དགོས། སྣུམ་སྣོན་ས་ཚིགས་ནས་ཚོང་གཉེར་བྱེད་མཚམས་འཇོག་སྐབས་སྣུམ་བླུགས་འཕྲུལ་ཆས་ཀྱི་གློག་སྒོ་རྒྱག་དགོས་པ་དང་། སྣུམ་འདྲེན་གློག་སྐུད་དང་ལྕགས་མདོང་གི་སྒོ་རྒྱག་དགོས་པ། སྒོ་དང་སྒེའུ་ཁུང་ལ་ཟྭ་རྒྱག་དགོས།
4.གློག་འཁྱུག་པའི་གནམ་གཤིས་ལ་དོ་སྣང་བྱེད་དགོས།
གློག་འཁྱུག་པའི་སྐབས་སུ་སྣུམ་སྣོན་དང་སྣུམ་འབེབས་ལས་ཀ་ངེས་པར་དུ་མཚམས་འཇོག་དགོས།
5.ཉེན་ཆེའི་དངོས་རྫས་འཁྱེར་མི་རུང་།
ཉེན་ཆེའི་དངོས་རྫས་ཡོད་ཚད་སྣུམ་སྣོན་ས་ཚིགས་སུ་འཁྱེར་མི་ཆོག་ལ། སྣུམ་སྣོན་ས་ཚིགས་སུ་གང་འདོད་དུ་སོང་མི་ཆོག་པ་དང་། སྣུམ་མ་བླུགས་སྔོན་ལ་འགྲུལ་པ་རྣམས་ངེས་པར་དུ་རླངས་འཁོར་ལས་འབབ་དགོས་པ་དང་། སྣུམ་བླུགས་ཚར་བ་དང་རླངས་འཁོར་གཞི་ནས་ཕྱིར་བུད་རྗེས་འགྲུལ་པ་རྣམས་ཕྱིར་བསྡད་ཆོག
6.སྐྱོན་བྱུང་དུས་སྣུམ་སྣོན་མཚམས་འཇོག་དགོས།
སྣུམ་སྣོན་ས་ཚིགས་ལ་ཆག་སྐྱོན་བྱུང་བ་དང་སྣུམ་སྣོན་ས་ཚིགས་ཀྱི་བདེ་འཇགས་ལ་གནོད་པའི་གནས་ཚུལ་བྱུང་ཚེ། མྱུར་དུ་སྣུམ་སྣོན་མཚམས་འཇོག་དགོས། སྣུམ་འཕྱུར་བ་སོགས་ཀྱི་གནས་ཚུལ་བྱུང་ཚེ། ངེས་པར་དུ་ཡུལ་དངོས་ལ་གཙང་སྦྲ་བྱས་ཚར་རྗེས་ད་གཟོད་སྣུམ་སྣོན་རླངས་འཁོར་གྱིས་གློག་སྒོ་ཕྱེ་ནས་འགྲོ་ཆོག
7.རྒྱུན་དུ་ཞིབ་བཤེར་བྱེད་དགོས།
བདེ་འཇགས་དྲ་བ་དང་། འབྱིན་རྔུབ་སྟེམ་སྒོ། སར་སྦྲེལ་སྐུད་པ་སོགས་ལ་དུས་རྒྱུན་དུ་ཞིབ་བཤེར་དང་། ཚད་ལེན་ཚོད་ལྟ་བྱས་ནས་བདེ་འཇགས་འགན་ལེན་བྱེད་དགོས།
8.ལས་གཉེར་བྱེད་མཚམས་འཇོག་སྐབས་ཕྱི་བཀག་ནང་སྡོམ་བྱེད་དགོས།
སྣུམ་སྣོན་ས་ཚིགས་ནས་ཚོང་གཉེར་བྱེད་མཚམས་འཇོག་སྐབས་སྣུམ་བླུགས་འཕྲུལ་ཆས་ཀྱི་སྒོ་རྒྱག་དགོས་པ་དང་། གློག་ཁུངས་གཅོད་དགོས། སྣུམ་འདྲེན་གློག་སྐུད་དང་ལྕགས་མདོང་གི་སྒོ་རྒྱག་དགོས་ལ། སྒོ་དང་སྒེའུ་ཁུང་ལ་ཟྭ་རྒྱག་དགོས།
9.རྫས་འགྱུར་ཚི་སྣའི་ལྭ་བ་གོན་དུས་སྣུམ་སྒམ་དང་རིང་དུ་བྲལ་དགོས།
གལ་ཏེ་ཁ་ལོ་བས་རྫས་འགྱུར་ཚི་སྣའི་ལྭ་བ་གོན་ཡོད་ཚེ་ལག་པས་གཙུབ་བརྡར་བྱས་ན་མོ་གློག་འབྱུང་སླ་བས། ངེས་པར་དུ་སྣུམ་མདའ་དང་བར་ཐག་རིང་བོ་བཞག་སྟེ་ཉེན་ཁ་འབྱུང་བར་སྔོན་འགོག་བྱ་དགོས།