རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སྤྱི་ལོ་1935ལོའི་ཟླ་11པའི་ཚེས་19ཉིན། ཧོ་ལུང་དང་རེན་པི་ཧྲི་སོགས་ཀྱིས་དམར་དམག་དཔུང་ཚོགས་གཉིས་པ་དང་དྲུག་པའི་མི་ཁྲི་1.8འགོ་ཁྲིད་དེ་ཧུའུ་ནན་ནས་རྒྱང་བསྐྱོད་བྱེད་འགོ་ཚུགས། 1936ལོའི་ཟླ་3པའི་ཟླ་མཇུག་ཏུ་དམར་དམག་སྤྱི་ཁྱབ་པུའུ་ཡིས་དཔུང་ཚོགས་གཉིས་པ་དང་དྲུག་པ་ལ་འབྲི་ཆུ་བརྒལ་ཏེ་དཀར་མཛེས་ཕྱོགས་སུ་སོང་ནས་དམར་དམག་དཔུང་ཚོགས་བཞི་པ་དང་དཔུང་འཛོམས་བྱེད་དགོས་ཞེས་བཀའ་བརྡ་བཏང་། དམར་དམག་དཔུང་ཚོགས་གཉིས་པ་དང་དྲུག་པ་ཡིས་དུས་ཐུང་གི་ངལ་གསོ་དང་རྒྱ་བསྐྱེད་བྱས་རྗེས་འབྲི་ཆུ་བརྒལ་རྒྱུ་དམིགས་ཡུལ་དུ་བཟུང་བའི་འཐབ་ཇུས་སྤོ་སྒྱུར་བྱེད་འགོ་བརྩམས་པ་རེད།
དེ་ཡང་དམར་དམག་དཔུང་ཚོགས་གཉིས་པ་དང་དྲུག་པ་ཡིས་ཉིན་རེར་ལེ་དབར་སྟོང་ཕྲག་ཙམ་བསྐྱོད་པ་དང་ཤར་དཀྲོག་ནུབ་རྡེག་བྱས་ནས་གོ་མིན་ཏང་དམག་དཔུང་གི་མཐའ་བསྐོར་དང་རྗེས་འདེད་བཀག་འགོག་སྣ་ཚོགས་ལས་སྐྱུར་བ་དང་། ཟླ་4པའི་ཚེས་24ཉིན་གྱི་སྔ་དྲོར་དམར་དམག་ཧྲི་བཞི་པ་གློ་བུར་ས་དམ་དུ་སླེབས་པ།
ཐང་ལེབ་སྟེང་གྲུ་ཁ།
ཟླ་4པའི་ཚེས་25ཉིན་གྱི་སྔ་དྲོར། དམར་དམག་དཔུང་ཚོགས་གཉིས་པ་དང་དམར་དམག་ཧྲི་བཞི་པའི་ཐོན་བཅུ་གཉིས་པ་ཡིས་ས་དམ་རྡོ་རྔ་རུང་(石鼓)དུ་སླེབས་ནས་འབྲི་ཆུ་བརྒལ་འགོ་ཚུགས།དམར་དམག་ཧྲི་བཞི་པ་རྡོ་རྔ་རུང་དུ་སླེབས་དུས་ས་གནས་དེ་གའི་ཤང་སྲིད་གཞུང་གི་དཔོན་པོ་དང་ཤང་གི་དམག་མི་སོགས་སྐྲག་ནས་བྲོལ་བྱོལ་བྱས་པ་མ་ཟད་ཆུ་རྒྱུད་གྱི་གྲུ་ཡང་སྦས་འདུག་པས། ཧའེ་ལུའོ་ཐང་(海洛塘)དུ་སྦས་ཁོམ་མི་བྱུང་བའི་ཤིང་གྲུ་ཞིག་རྙེད། དམར་དམག་ཧྲི་བཞི་པའི་གདོང་ལེན་དམག་དཔུང་གིས་མྱུར་དུ་འབྲི་ཆུ་རྒལ་ས་རྩད་ཞིབ་དང་གདམ་གསེས་བྱས་ཏེ་ཤིང་བཟོ་དང་མགར་བ་20ལྷག་རྩ་འཛུགས་བྱས་ནས་གྲུ་བཟོ་བཅོས་དང་གཟིངས་བཟོས་སུ་བཅུག་སྟེ་འབྲི་ཆུའི་སྟོད་རྒྱུད་ཀྱི་གྲུ་ཁ་དང་འབྲི་ཆུ་བརྒལ་ས་འགའ་ཚོད་འཛིན་བྱ་ཆེད་ཛ་དྲག་གི་གྲ་སྒྲིག་ལས་ཀ་བྱས་པ་རེད། ཉིན་དེའི་ཕྱི་དྲོར། ཤིང་གྲུ་དེ་སྤྱད་ནས་རྡོ་རྔ་རུང་གི་ཧའེ་ལུའོ་ཐང་(海洛塘)དུ་ཕར་འགྲོ་ཚུང་འོང་བྱས་ཏེ་ཐོན་བཅུ་གཉིས་པའི་གདོང་ལེན་དམག་དཔུང་ཚང་མ་འབྲི་ཆུ་བརྒལ་ཐུབ་པ་དང་རྒྱལ་ཐང་རྫོང་(དེང་གི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་)གི་མངའ་ཁོངས་སུ་སླེབས། ཡིན་ནའང་ཧའེ་ལུའོ་ཐང་(海洛塘)ནི་འབྲི་ཆུའི་མཚོ་ཁུག་དང་པོའི་ཆུ་འཁོར་སར་གནས་པས་གྲུ་ཕར་འགྲོ་ཚུར་འོང་བྱས་དཀའ་བའི་རྐྱེན་གྱིས་ཐོན་བཅུ་གཉིས་པ་ཡིས་གྲུ་ཁ་དེ་དོར་ནས་ཆུ་བོའི་གྱེན་ལྡོག་ཏུ་ཡར་ལེ་དབར་3ཙམ་འཐེན་ཏེ་མུའུ་ཀྭ་གྲོང་(木瓜寨)ནས་སཱ་སུའུ་པི་(撒苏碧)གྲུ་ཁར་སླེབས་ནས་མུ་མཐུད་དུ་ཆུ་བརྒལ། ཐོན་བཅུ་གཉིས་པ་ཉིན་དེའི་མཚན་མོར་ཚང་མ་ཆུ་ལ་བརྒལ་ཐུབ་མོད། འོན་ཀྱང་གྲུ་དེ་ཁོ་ན་ཡིས་མྱུར་དུ་དམར་དམག་གི་དམག་རྟ་ཁྲི་སྟོང་མང་པོ་བརྒལ་ཐབས་མེད་པས་དམར་དམག་ཧྲི་བཞི་པའི་ཐོན་བཅུ་གཉིས་པ་ཡིས་མཚན་མོ་དེ་རང་འབྲི་ཆུ་དེད་ནས་ཡར་ལ་སོང་སྟེ་གྲུ་གཟིངས་དང་གྲུ་ཁ་འཚོལ། ཚེས་26ཉིན་གྱི་ཐོ་རེངས་སྐབས་མུའུ་ཀྭ་གྲོང་(木瓜寨)དང་ལེ་དབར་10ཙམ་ཡོད་པའི་མུའུ་ཆུས་ཏུའུ་(木取独)གྲུ་ཁར་གྲུ་གཟིངས་གཅིག་རྙེད་པ། དེ་ནས་དམར་དམག་ཧྲི་བཞི་པས་གྲུ་གཉིས་དང་གཟིངས་འགའ་ལ་བརྟེན་ནས་མུའུ་ཀྭ་གྲོང་(木瓜寨)དང་མུའུ་ཆུས་ཏུའུ་(木取独)གྲུ་ཁ་གཉིས་སུ་འབྲི་ཆུ་བརྒལ་བ་དང་། ཚེས་27ཉིན་གྱི་ཕྱི་དྲོར།དམར་དམག་ཧྲི་བཞི་པ་ཚང་མ་འབྲི་ཆུ་ལ་བརྒལ་ཐུབ་ནས་རྒྱལ་ཐང་ཕྱོགས་ཀྱི་སཱ་སུའུ་པི་(撒苏碧)དང་ཐང་ལེབ་སྟེང་(松坪子)དུ་སླེབས་པ་རེད།
དེ་ཡང་དམར་དམག་ཧྲི་བཞི་པས་རྡོ་རྔ་རུང་དུ་གྲུ་ཁ་འཕྲོག་པ་དང་འབྲི་ཆུ་བརྒལ་བའི་དུས་སུ།དམར་དམག་དཔུང་ཚོགས་གཉིས་པ་དང་དྲུག་པའི་བཀོད་འདོམས་པུའུ་ཡིས་དམག་དཔུང་ཁག་མྱུར་དུ་རྡོ་རྔ་རུང་གི་ཕྱོགས་སུ་འབྲི་ཆུ་བརྒལ་བར་སོང་དགོས་པའི་བཀའ་བཏང་། ཚེས་26ཉིན་དམར་དམག་དཔུང་ཚོགས་གཉིས་པ་དང་དྲུག་པ་ཡིས་ས་དམ་དང་ཧོ་ཆིང་ནས་ལམ་ལ་ཆས་རེ་རྡོ་རྔ་རུང་གི་ཕྱོགས་སུ་མྱུར་བསྐྱོད་བྱས།དམར་དམག་དཔུང་ཚོགས་གཉིས་པ་དང་ཧྲི་ལྔ་པ་དང་དྲུག་པ་ཡིས་ཧྲི་བཞི་པའི་སྐྱོད་ལམ་དེད་དེ་ས་དམ་ནས་ལེ་དབར་40ལྷག་བསྐྱོད་ནས་རྡོ་རྔ་རུང་དུ་སླེབས་པ། དམར་དམག་དཔུང་ཚོགས་དྲུག་པ་ཡིས་ཁག་གཉིས་བགོས་ཏེ་ཧོ་ཆིང་ནས་ལེ་དབར་60ལྷག་བསྐྱོད་ནས་རྡོ་རྔ་རུང་དུ་སླེབས་པ་རེད། དགྲ་དམག་མ་ཡོང་གོང་དམག་དཔུང་ཡོངས་རྫོགས་འབྲི་ཆུ་བརྒལ་ཐུབ་པའི་ཆེད་དུ་དམག་དཔུང་གིས་འབྲི་ཆུ་རྒྱུད་ནས་གྲུ་ཁ་དང་གྲུ་གཟིངས་འཚོལ་ཏེ་སྔ་རྗེས་སུ་འབྲི་ཆུའི་འགྲམ་གཉིས་ནས་གྲུ་གཟིངས་ཆེ་ཆུང་7དང་གྲུ་པ་28རྙེད་པ་དང་། ས་ཆ་དེའི་འབྲི་ཆུའི་འགྲམ་གཉིས་ཀྱི་གྲུ་ཁ་ཚོད་འཛིན་བྱས། དེ་ནས་དམར་དམག་གིས་མུའུ་ཀྭ་གྲོང་ནས་སཱ་སུའུ་པི་དང་མུའུ་ཆུས་ཏུའུ་ནས་ཐང་ལེབ་སྟེང་སོགས་གྲུ་ཁ་7འབྲི་ཆུ་བརྒལ་སར་གདམ་པ་དང་དམག་ཁག་མང་པོ་བགོས་ནས་འབྲི་ཆུ་མགྱོགས་བརྒལ་བཏང་སྟེ། དུས་ཡུན་ཉིན་4དང་མཚན་3གྱི་རིང་ལ་མི་རྟ་ཁྲི་1.8ལྷག་འབྲི་ཆུའི་ཤར་ངོས་ཀྱི་རྒྱལ་ཐང་རྫོང་གི་མངའ་ཁོངས་སུ་བསྐྱེལ་བ་རེད།