རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
དམར་དམག་དཔུང་ཚོགས་གཉིས་པ་དང་དྲུག་པ་ཡིས་འབྲི་ཆུ་བརྒལ་རྗེས་གོ་མིན་ཏང་དང་ཅང་ཅེ་ཧྲིའི་གཡོ་ཐབས་རྩ་བ་ནས་མེད་པར་བཟོས་བ་རེད། ཁོ་ཚོས་ཡང་དམར་དམག་བཀག་པའི་རེ་བ་རྒྱལ་ཐང་གི་ཡུལ་དཔོན་གྱི་ཡུལ་དམག་ལ་བཅོལ་ཏེ། ཕྱོགས་གཅིག་ནས་དམར་དམག་ལ་དམའ་འབེབས་ཤུགས་ཆེན་བྱས་པ་དང་བོད་མི་ཚོས་དམར་དམག་ལ་དགྲ་ལྟ་བྱེད་པར་དཀྲུགས་པ། ཕྱོགས་གཞན་ཞིག་ནས་ཡུལ་དཔོན་དག་བསླུ་བྲིད་བྱས་ཏེ། བོད་ཀྱི་དགྲ་དཔོན་ཝང་ཞུའེ་ཏིང་(汪学鼎)ལ་འབྲི་ཆུ་བཀག་འགོག་སྲུང་དམག་གི་དམག་དཔོན་བསྐོས་པ་དང་ཁོ་ལ་དམར་དམག་དང་དགྲ་རུ་འཛིན་དུ་བཅུག་པ།
1936ལོའི་ཟླ་4པའི་ཚེས་27ཉིན་གྱི་ཞོགས་པར། དམར་དམག་དཔུང་ཚོགས་གཉིས་པའི་ཧྲི་བཞི་པ་གདོང་ལེན་དམག་དཔུང་བྱས་ནས་རྒྱལ་ཐང་(དེང་གི་སེམས་ཀྱི་ཉི་ཟླ་)ཕྱོགས་ལ་བསྐྱོད་པ་དང་། ཚན་མོའུ་ཀྲང་ཀའོ་ལི་གོ་(高利国)དང་ཐོན་ཆབ་སྲིད་ཨུ་ཡོན་ཀྲུའུ་ཧུའེ་ཀྲའོ་(朱辉照)གཉིས་ཀྱིས་དམར་དམག་ཐོན་བཅུ་གཉིས་པ་སྣེ་ཁྲིད་དེ་ཧྲང་ཅང་ལིའེ་མུའུ་ཆུ་(烈马河)བརྒྱུད་ནས་བྱང་ཕྱོགས་ཀྱི་ས་བབ་མཐོ་ཚད་སྨི་4200ལྷག་ཡོད་པའི་ཡར་ཁ་རིའི་(雅哈雪山)ཕྱོགས་སུ་བསྐྱོད་པ།
ཅིན་ཅང་གྲུ་གྲོང་(吾竹)གི་ལོག་སྤྱོད་ཡུལ་དགྲ་ཧོང་ཧྥེང་གང་(黄凤岗)གིས་ཚེས་25ཉིན་དམར་དམག་གི་གདོང་ལེན་དམག་མཐོང་རྗེས་འཕྲལ་དུ་རྒྱལ་ཐང་གི་ཡུལ་དམག་གི་སྤྱི་ཁྱབ་བཀོད་འདོམས་པ་ཝང་ཞུའེ་ཏིང་ལ་བྱ་འཁུར་མཁན་མངགས་པ། ཝང་ཞུའེ་ཏིང་གིས་ཆ་འཕྲིན་ཤེས་རྗེས་རྒྱལ་ཐང་དང་ཡང་ཐང་གི་ཡུལ་དམག སུམ་རྩེན་གླིང་གི་གྲྭ་དམག་ལ་བྲག་ཁུག་རྩར་དམར་དམག་བཀག་པའི་བཀའ་བཏང་། བྲག་ཁུག་རྩར་ས་བབ་ཧ་ཅང་ཉེན་ཁ་ཆེ་སྟེ་ཤར་ཕྱོགས་ནི་མཐོ་ཚད་བཅུ་ཕྲག་ཡོད་པའི་གཡང་གཟར་ཡིན་པ་དང་ནུབ་ཕྱོགས་ཀྱི་གཡང་གཟར་རི་རྡོའི་ཁྲོད་ཀྱག་ཀྱོག་གི་ལམ་ཕྲན་གཅིག་ལས་མེད། ལམ་ཕྲན་གྱི་གོང་འོག་ཚང་མ་གཡང་གཟར་ཡིན་པས་བྲག་འགག་ཞིག་མ་གཏོགས་འགྲོ་ས་མེད། དམར་དམག་ཧྲི་བཞི་པའི་གདོང་ལེན་དམག་དཔུང་ཐོན་བཅུ་གཉིས་པ་བྲག་ཁུག་ཏུ་སླེབས་དུས། ནགས་ཚལ་སྟུག་པོའི་ཁྲོད་སྦས་ཡོད་པའི་ཡུལ་དམག་གིས་གློ་བུར་མེ་མདའ་བརྒྱབ་ནས་དམར་དམག་གི་འཐབ་འཛིང་པ་གཉིས་ས་དེར་རང་སྲོག་བློས་བཏང་བ་དང་དམར་དམག་མདུན་དུ་བསྐྱོད་མཚམས་མ་བཞག་ཐབས་མེད་བྱུང་། ཚན་མོའུ་ཀྲང་ཀའོ་ལི་གོ་ཡིས་མྱུར་དུ་མདུན་ལ་སོང་ནས་དགྲ་བོའི་གནས་ཚུལ་ལ་བལྟས་པ་དང་། ཁོང་གིས་རྟ་ཐོག་ནས་རྒྱང་ཤེལ་ལ་བརྟེན་ནས་ལྟ་ཞིབ་བྱེད་སྐབས་དགྲ་བོའི་མདེའུ་ཕོ་བར་ཕོག་སྟེ་ཁྲག་མང་པོ་བཞུར་བས་རང་སྲོག་བློས་བཏང་པ་རེད། དེ་ནས་དམར་དམག་གིས་བཟོད་ཐབས་བྲལ་བས་དམར་དམག་ཕའེ་གཅིག་རབ་ནས་དགྲ་བོའི་རྒྱབ་ཕྱོགས་སུ་བསྐོར་ནས་དགྲ་བོ་བྲག་འགག་བར་ལ་བཀག་པ་དང་། ཝང་ཞུའེ་ཏིང་གི་ཡུལ་དམག་ནི་ས་གནས་དེ་གའི་བོད་པ་ཡིན་པར་བསམ་བློ་བཏང་ནས་དམར་དམག་གིས་སྐད་སྒྱུར་མཁན་སྐད་འབོད་བྱེད་པའི་ཞོར་དུ་བར་སྣང་ལ་མེ་མདའ་འཕེན་ཏེ་དགྲ་དམག་ཕར་སྐུལ་བཏང་བ་ལས་ཚར་གཅོད་རང་བཞིན་གྱི་རྡུང་རྡེག་བཏང་མེད་མོད། འོན་ཀྱང་ཝང་ཞུའེ་ཏིང་གིས་ཁ་ཏ་ལ་མི་ཉན་པར་ཡུལ་དམག་ལ་གཡང་གཟར་ནས་མར་རྡོ་འགྲིལ་དུ་བཅུག དམར་དམག་གི་འཐབ་འཛིང་པ་མི་ཉུང་བ་ལ་རྨས་སྐྱོན་ཕོག་པ་དང་འགའ་རེར་རྡོ་ཡིས་གཡང་གཟར་ལ་བརྡབས་ནས་རང་སྲོག་བློ་བཏང་བ་རེད། དེ་ནས་དམར་དམག་གིས་ཚུར་ཕར་མཐར་སྐྲོད་ཀྱི་བྱེད་ཐབས་སྤྱད་དེ་ཝང་ཞུའེ་ཏིང་གི་ཡུལ་དམག་བྲོས་བྱོལ་དུ་མི་འགྲོ་ཐབས་མེད་བྱུང་།
དམར་དམག་གིས་ཚན་མོའུ་ཀྲང་ཀའོ་ལི་གོ་དང་རང་སྲོག་བློས་བཏང་པའི་འཐབ་གྲོགས་དག་གིས་ཕུང་པོ་སྦས་རྗེས་མུ་མཐུད་དུ་ཡར་ཁ་རིའི་ཕྱོགས་སུ་བསྐྱོད་པ། ཡིན་ནའང་ས་བབ་མཐོ་བ་དང་གནམ་གཤིས་གྲང་བ། གསོ་རླུང་མི་འདང་བ་དང་འབྲེལ་བཀོད་འཐབ་པ་མང་ཆེ་བ་ནི་འབྲི་ཆུའི་ལྷོ་རྒྱུད་ནས་ཡོང་བ་ཡིན་པས་ས་ཆུ་མི་འཕྲོད་པ་དང་། རྒྱང་རིང་དཔུང་འཇུག་དམག་འཐབ་བྱས་པ་དང་ངལ་དུབ་སོགས་ཀྱི་རྐྱེན་གྱིས་སྔ་རྗེས་སུ་དམར་དམག་གི་བཀོད་འཐབ་པ་བཅུ་ཙམ་ཡར་ཁ་རིའི་སྟེང་ཚེ་སྲོག་ཕུལ་བ་རེད། དེ་ཡང་གངས་རིའི་གཡང་གཟར་གྱི་མདུན་དུ་དམར་དམག་བཀོད་འཐབ་པ་དག་གིས་ཞུམ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་མཐུན་སྒྲིལ་འབད་འཐབ་བྱས་ཏེ་བློ་ཡུལ་ལ་འཆར་དཀའ་བའི་དཀའ་ངལ་ཁྱད་བསད་བྱས་ནས་ཡར་ཁ་རི་བརྒལ་ཏེ། ཚེས་29ཉིན། དམར་དམག་དཔུང་ཚོགས་གཉིས་པའི་ཧྲི་བཞི་པ་རྒྱལ་ཐང་རྫོང་ཁུལ་དུ་སླེབས་པ་རེད།