རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
1936ལོའི་ཟླ་4པའི་ཚེས་29ཉིན། དམར་དམག་དཔུང་ཚོགས་གཉིས་པའི་ཧྲི་བཞི་པ་རྒྱལ་ཐང་རྫོང་(དེང་གི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་)མཁར་དུ་སླེབས་པ་དང་། ཝང་ཞའེ་ཏིང་གིས་དམར་དམག་བཀག་པར་ཕམ་ནས་བྲོས་བྱོལ་བྱས་སོང་། མང་ཚོགས་མང་ཆེ་བར་ལོག་སྤྱོད་ཀྱི་དྲིལ་བསྒྲགས་ཐེབས་ནས་གཡོལ་བ་རེད། དེའི་རྗེས་དམར་དམག་དཔུང་ཚོགས་གཉིས་པ་དང་ཧྲི་ལྔ་པ། ཧྲི་དྲུག་པའང་བསྟུད་མར་རྫོང་མཁར་དང་དེའི་ཉེ་འགྲམ་དུ་སླེབས་པ་མ་ཟད།དམར་དམག་དཔུང་ཚོགས་གཉིས་པའི་བཀོད་འདོམས་པུའུ་རྡོ་མཁར་རྫོང་གི་སྤྱི་ཁང་དུ་བཙུགས་པ་རེད། ཟླ་5པའི་ཚེས་3ཉིན། དམར་དམག་དཔུང་ཚོགས་དྲུག་པ་དང་ཧྲི་བཅུ་དྲུག་པ། ཧྲི་བཅུ་བདུན་པ་ཡང་རྫོང་མཁར་དང་ལེ་དབར་50ཡོད་པའི་རྟ་རར་སླེབས་པ་རེད།
ཝང་ཞུའེ་ཏིང་གིས་ཡུལ་དམག་སྣེ་ཁྲིད་དེ་བྲག་ཁུག་རྩར་(干岩房)དམར་དམག་བཀག་པར་ཕམ་སྟེ་སུམ་རྩེན་གླིང་དུ་བྲོས་པ། དེ་ནས་སུམ་རྩེན་གླིང་ལ་གཡོ་འགུལ་ཐེབས་ནས་མྱུར་དུ་གྲོས་བྱས་རྗེས་བྲག་སྣ་འགོ་བ་(夏那古瓦)དགོན་པའི་འཚབ་བྱས་ཏེ་རྫོང་ཁུལ་དུ་དམར་དམག་དང་མཇལ་འཕྲད་བྱས་པར་མངགས་རྒྱུར་ཐག་གཅོད་བྱས། ཟླ་4པའི་ཚེས་29ཉིན་གྱི་ཕྱི་དྲོར། བྲག་སྣ་འགོ་བ་ཡིས་ཝུའུ་ཞུས་དམ་པ་དང་ཨ་ཁུ་ལིའུ་ཁྲིད་དེ་རྡོ་མཁར་རྫོང་སྤྱི་ཁང་དུ་སོང་། ཧོ་ལུང་གིས་སྤྲོ་སེམས་འཁོལ་བའི་ངང་འཐུས་མི་རྣམས་ལ་སྣེ་ལེན་བྱས་པ་དང་། བྲག་སྣ་འགོ་བ་དང་བཅས་པས་ཧོ་ལུང་ལ་ཁ་བཏགས་དང་ལག་རྟགས་འབུལ་ཏེ་ཡོང་དོན་གསལ་བཤད་བྱས་ཡོད། ཧོ་ལུང་གིས་ཁོ་ཚོ་ལ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་དེ་བཞིན་དམར་དམག་གི་དམིགས་ཡུལ་སྒྲོག་འགྲེལ་བྱས་པ་དང་། དམར་དམག་ནི་མི་རིགས་ཀྱི་ཁེ་ཕན་ཆེད་བྱང་དུ་སྐྱོད་ནས་རི་འགོག་བྱས་པ་ཡིན་ཞེས་གསལ་བཤད་བྱས་པ་དང་འབྲེལ། བྲག་སྣ་འགོ་བ་སོགས་ཀྱིས་རི་ནང་བྲོས་བྱོལ་བྱས་ཡོད་པའི་མང་ཚོགས་དག་ལ་དམར་དམག་གིས་བོད་ཀྱི་ཆོས་ལུགས་དད་མོས་ལ་བརྩི་འཇོག་བྱ་རྒྱུ་དང་གྲྭ་བ་དང་མང་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ། ས་གནས་དེ་གའི་མི་སེར་དང་དགོན་པ་ཡིས་དམར་དམག་ལ་རྒྱགས་དང་གཟན་ཆས་གྲ་སྒྲིག་བྱེད་པར་རོགས་རམ་བྱེད་པའི་རེ་བ་ཡོད་ཞེས་བརྒྱུད་བཤད་བྱེད་རོགས་ཟེར།བྲག་སྣ་འགོ་བ་དང་བཅས་པས་དམག་དཔོན་ཧོ་ལུང་གིས་ཁོ་ཚོ་ལ་གུས་ཞབས་ལྡན་པ་དང་སྐད་ཆ་བཤད་སྐབས་གཤིས་ཀ་འཇམ་པ་ཡིན་པས་དམར་དམག་ནི་དམག་དཔུང་ཡག་པོ་ཞིག་ཡིན་རྒྱུ་རེད་བསམ་ནས་དོགས་འཆར་མེད་པར་བཟོས་ཏེ་དེ་མ་ཐག་ཏུ་དགོན་པར་ལོག་རྗེས་བླ་རྒན་ཆེན་པོ་བརྒྱད་ལ་ཞུས་ནས་ལན་བསློགས་རྒྱུ་ཞེས་ཟེར།
ཧོ་ལུང་གིས་ཧ་ཅང་དགའ་པོ་བྱུང་ཏེ་ཁོ་ཚོ་ལ་ཅུང་ཙམ་སྒུག་རོགས་ཟེར་བ་དང་འཕྲལ་དུ་ཤོག་བུ་དང་སྨྱུ་གུ་བླངས་ནས་སུམ་རྩེན་གླིང་གི་གྲྭ་རྒན་ཆེན་པོ་བརྒྱད་ལ་འཕྲིན་ཡིག་ཅིག་བྲིས་པ་འདི་ལྟར་ཏེ།
བླ་རྒན་ཆེན་པོ་བརྒྱད་ལགས།
གཅིག་ནས་ཁྱེད་ཚོའི་འཐུས་མི་ཕེབས་པར་དགའ་སྤྲོ་ཆེན་པོ་བྱུང་།
གཉིས་ནས་དམར་དམག་གིས་མི་དམངས་ལ་ཆོས་ལུགས་དད་མོས་རང་དབང་བྱེད་དུ་བཅུག་པས་ཁྱེད་ཚོའི་དགོན་པའི་གྲྭ་བ་ཡོངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གཏན་ནས་གནོད་འཚེ་གཏོང་གི་མིན་པ་མ་ཟད་སྲུང་སྐྱོང་བྱེད་འགན་འཁུར་རྒྱུ།
གསུམ་ནས་ཁྱེད་ཚོས་འཕྲད་དུ་དགོན་པར་ལོག་ནས་རྒྱུན་ལྡན་ནང་བཞིན་འཚོ་བ་དང་ལས་བྱེད་ཆོག་པ་མ་ཟད།མང་ཚོགས་རྣམས་ཁྱིམ་ནང་ལོག་དགོས་པ་དང་རྫུན་གཏམ་ལ་ཡིད་ཆེས་བྱས་ནས་རང་ལ་འཇིགས་སྐྲག་བཟོས་མི་རུང་།
བཞི་ནས་ངེད་དམག་དཔུང་ལ་རྒྱགས་དང་གཟན་ཆས་བསྡུ་རོགས་བྱས་དང་ངེས་པར་དུ་རིན་གོང་ལྟར་སྒོར་མོ་སྤྲོད་རྒྱུ་ཡིན།
ལྔ་ནས་མྱུར་དུ་འཐུས་མི་མངགས་ནས་འབྲེལ་གཏུག་བྱེད་རོགས། ཧོ་ལུང་། ཟླ་4པའི་ཚེས་29ཉིན།
བྲག་སྣ་འགོ་བ་དང་བཅས་པས་སུམ་རྩེན་གླིང་དུ་ལོག་རྗེས་བླ་རྒན་ཆེན་པོ་བརྒྱད་ལ་ཧོ་ལུང་གི་འཕྲིན་ཡིག་འབུལ་བ་དང་ཁོ་ཚོའི་མཐོང་ཐོས་མྱོང་གསུམ་བཤད་པ། དེ་ནས་དམར་དམག་གི་སྲིད་ཇུས་བརྒྱུད་བཤད་བྱས་པ། དེའི་རྗེས་སུ་བྲག་སྣ་འགོ་བ་ཡིས་སུམ་རྩེན་གླིང་གིས་དམར་དམག་ལ་དོགས་པ་བྱེད་མི་དགོས་པ་དང་དམར་དམག་ནི་ཡིད་ཆེས་བྱེད་ཆོག་པ་དང་། སུམ་རྩེན་གླིང་གིས་རང་རྟོགས་ངང་དམར་དམག་ལ་གཞོགས་འདེགས་བྱེད་དེ་རྒྱགས་དང་གཟན་ཆས་བསྡུ་རོགས་བྱས་ནས་དམར་དམག་བདེ་པོའི་ངང་རྒྱལ་ཐང་ནས་ཕྱིར་བསྐྱལ་ན་ཕྱོགས་གཉིས་ཀ་ལ་ཕན་པ་ཡོད་རྒྱུ་རེད་ཞེས་བསམ་འཆར་བཏོན་པ་རེད།
ཟླ་4པའི་ཚེས་30ཉིན། བླ་རྒན་ཆེན་པོ་བརྒྱད་ཀྱིས་ཡང་བསྐྱར་བྲག་སྣ་འགོ་བ་རྡོ་མཁར་རྫོང་ནང་ཧོ་ལུང་མཇལ་ཏེ་སུམ་རྩེན་གླིང་གི་བསམ་ཚུལ་མཚོན་བར་མངགས།
ཟླ་5པའི་ཚེས་1ཉིན།བྲག་སྣ་འགོ་བ་དང་འཐུས་མི་བརྒྱད་ཀྱིས་ལག་ན་ཁ་བཏགས་བཟུང་བ་དང་། ནས་རག་དང་རྩམ་པ་ཁུར་བ།དེ་བཞིན་ལག་རྟགས་བཀལ་ཡོད་པའི་གཡག་16འདེད་ནས་དམར་དམག་ལ་འཚམས་འདྲི་ཞུས་བར་སོང་། དམར་དམག་གིས་ལག་རྟགས་ལེན་རྗེས་འཐུས་མི་བརྒྱད་ལ་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་བྱས་པ། དེ་ནས་བྲག་སྣ་འགོ་བ་ཡིས་སུམ་རྩེན་གླིང་གི་རྒྱགས་དང་གཟན་ཆས་བསྡུ་རྒྱུའི་བསམ་ཚུལ་གསལ་པོར་སྟོན་པ་དང་།དམག་དཔུང་གི་འགོ་འཛིན་སུམ་རྩེན་གླིང་དུ་ལྟ་སྐོར་ཕེབས་པར་གདན་དྲངས་པ་རེད། ཧོ་ལུང་གིས་ཁོས་ཕྱི་ཉིན་ནས་ཡོང་རྒྱུ་ཟེར་བ་དང་འབྲེལ་ཡང་བསྐྱར་བྲག་སྣ་འགོ་བ་ལ་སེར་སྐྱ་མང་ཚོགས་ལ་དམར་དམག་གི་སྲིད་ཇུས་དང་སྒྲིག་ལམ་དྲིལ་བསྒྲགས་བྱེད་རོགས་ཟེར།
བྲག་སྣ་འགོ་བ་ཡིས་སྤྱི་ཁང་ལ་ཐེངས་གསུམ་ཞུགས་པ་དང་ཧུར་ཐག་སྒོས་དམར་དམག་གི་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་། རྒྱགས་བསྡུ་བ། ཆ་འཕྲིན་བརྗེ་རེས་བྱས་ནས་དམར་དམག་དང་སུམ་རྩེན་གླིང་བར་གྱི་འབྲེལ་བ་ལེགས་བཅོས་བྱས་པས་དམག་དཔོན་ཧོ་ལུང་གིས་ཧ་ཅང་དགའ་པོ་བྱུང་། དེ་ནས་བྲག་སྣ་འགོ་བ་ཡིས་ལས་ཀ་སྤེལ་དུས་སྟབས་བདེ་བའི་ཆེད་ཁོ་ལ་འགྲོ་འོང་ལག་ཁྱེར་ཞིག་བྱིན་པ་དང་བསྐོ་གཞག་གི་བཀའ་རྒྱ་བཏང་བ་རེད།
དམར་དམག་དཔུང་ཚོགས་གཉིས་པ་ཡིས་རྫོང་ཁུལ་དང་རྒྱལ་ཐང་ས་ཆའི་གྲོང་པར་བཅའ་སྡོད་བྱས་རྗེས་མང་ཚོགས་ལ་འཚམས་འདྲི་ཞུས་པ་དང་སྦྱར་ཡིག་དང་འབོད་ཚིག་སྦྱར་བ་རེད། རྒྱ་ཆེའི་དྲིལ་བསྒྲགས་བརྒྱུད་བོད་རིགས་མང་ཚོགས་དག་གཅིག་རྗེས་གཉིས་མཐུད་ངང་ཁྱིམ་ལ་ལོག་པ་དང་། བུད་མེད་མི་ཉུང་བ་ཡིས་རང་རྟོགས་ངང་དམག་དཔུང་ལ་ཆུ་ལེན་པ་དང་གད་ཕྱིས་རྒྱག་པ། རྩམ་པ་ཐག་པ། གོས་འཚེམ་པ་སོགས་བྱས་སུ་ཡོང་། རྗེས་མཐུད་དམག་དཔུང་གིས་རྫོང་ཁུལ་དུ་སླེབས་དུས་མང་ཚོགས་ཀྱིས་རང་རྟོགས་ངང་ལྷོ་སྒོར་དགའ་བསུ་བྱས་ཡོང་བ། དམར་དམག་དཔུང་ཚོགས་གཉིས་པའི་བཀོད་འདོམས་པུའུ་རྡོ་མཁར་རྫོང་གི་སྤྱི་ཁང་དུ་བཙུགས་རྗེས་ཧོ་ལུང་དང་རེན་པི་ཧྲི་སོགས་དམག་དཔུང་གི་འགོ་འཛིན་གྱིས་སྔ་རྗེས་སུ་བོད་ཚོགས་དང་རྒྱ་ཚོགས། དེ་བཞིན་ཚོང་དོན་ལས་རིགས་བཅས་ཀྱི་འཐུས་མི་དང་མང་ཚོགས་ཀྱི་འཐུས་མི་ཁ་ཤས་ཐུག་འཕྲད་བྱས་པ་དང་། སྐད་སྒྱུར་བ་དང་སྣེ་ཁྲིད་པ་གདན་ཞུས་ནས་དམར་དམག་ལ་རྒྱགས་དང་གཟན་ཆས་བསྡུ་པ་རེད།
གོ་མིན་ཏང་གི་དྲིལ་བསྒྲགས་རྫུན་མའི་གཡོ་འོག་ཏུ་སུམ་རྩེན་གླིང་གི་གྲྭ་བཙུན་མང་ཆེ་བས་དགོན་པ་ནས་བྲོས་ཡོད་པ་དང་། དམག་དཔུང་གི་ངལ་གསོ་དང་སྦྱོང་སྒྲིག་ཡག་པོ་བྱས་པ་དང་ལམ་རྒྱུད་དུ་རྒྱ་སྐྱེད་བཏང་བའི་དམག་མི་གསར་པར་སྦྱོང་བརྡར་བྱས་པ། དེ་བཞིན་རྒྱགས་དང་གཟན་ཆས་བསྡུ་བ་དང་བདེ་བླག་ངང་བོད་འབྲེལ་ས་ཁུལ་བརྒྱུད་པའི་ཆེད་དུ། བཀོད་འདོམས་པུའུ་ཡིས་བྱ་སྤྱོད་ངོ་མ་ཡིས་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལག་ལེན་བསྟར་ཏེ། བོད་རིགས་མི་དམངས་ཀྱི་འཚོ་བའི་གོམས་གཤིས་ལ་བརྩི་སྲུང་ནན་པོ་བྱ་རྒྱུ་དང་བོད་མིའི་དད་མོས་ལ་བརྩི་འཇོག་བྱ་རྒྱུ།དགོན་སྡེ་ལ་སྲུང་སྐྱོང་བྱས་ནས་བོད་རིགས་མི་དམངས་ཀྱིས་དམར་དམག་ནི་མི་དམངས་ཀྱི་ཆེད་དུ་ཁེ་ཕན་གཉེར་བའི་དམག་དཔུང་ཡིན་པར་ཤེས་རྟོགས་བྱུང་དུ་བཅུག་སྟེ་བོད་རིགས་མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་རྒྱུར་ཐག་བཅད་བྱས།དམར་དམག་གི་འཐབ་འཛིན་པ་ཡིས་རྒྱ་ཆེའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་མ་ཟད་ས་གནས་དེ་གའི་མང་ཚོགས་ཆེད་བྱ་བ་བཟང་པོ་སྒྲུབ་སྟེ། བོད་སྐད་སྦྱངས་བ་དང་བོད་མིའི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱས་པ། དམར་དམག་གི་ལས་བྱེད་པ་དང་འཐབ་འཛིན་པ་ཡིས་མང་ཚོགས་ཀྱི་ཆུ་འཐུང་བ་དང་མང་ཚོགས་ཀྱི་ཟས་ཟོས་ནའང་རིན་སྤྲོད་དགོས་པས་བོད་རིགས་མང་ཚོགས་དག་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད།
ཟླ་5པའི་ཚེས་2ཉིན།ཧོ་ལུང་དང་བཅས་པས་མི་རྟ་40ལྷག་ཁྲིད་དེ་སུམ་རྩེན་གླིང་དུ་ཕེབས་པ་དང་དགའ་བསུ་ཆེན་པོ་ཐོབ་པ། གྲྭ་ཚང་དུ་ཕེབས་དུས་ཕྱོགས་གཉིས་ཀ་ཡིས་ཕན་ཚུན་ལག་རྟགས་ཕུལ་བ་དང་། ཧོ་ལུང་གིས་སུམ་རྩེན་གླིང་ལ་མི་རིགས་དར་རྒྱས་གཏོང་དགོས་ཞེས་བྲིས་ཡོད་པའི་གོས་ཆེན་དར་དམར་ཞིག་གནང་བ་དང་། དེ་མིན་མེ་ཏོག་བུམ་པ་ཆེན་པོ་ཆ་གཅིག་དང་ལག་རྟགས་འགའ་གནང་ཡོད། ཧོ་ལུང་གིས་དམར་དམག་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་གསར་བརྗེའི་དམག་དཔུང་ཡིན་ལ། མི་རིགས་ཁག་གི་བཅིངས་འགྲོལ་ཆེད་རྒྱལ་ཐང་ནས་བརྒྱུད་པ་ཡིན། ཡང་རྒྱལ་ཐང་དུ་དུས་ཡུན་ཐུང་ངུའི་གནས་སྡོད་བྱས་དགོས་ཏེ་རྒྱགས་དང་གཟན་ཆས་བསྡུ་ནས་མུ་མཐུད་དུ་བྱང་ལ་སྐྱོད་རྒྱུ་ཡིན། དམར་དམག་ནི་བོད་རིགས་མི་དམངས་ཀྱི་མཛའ་གྲོགས་ཡིན་ལ། དགོན་པ་ཡིས་དམར་དམག་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཡོད་དེ་དམར་དམག་གིས་འདི་ན་བཀའ་དྲིན་ཆེན་པོ་ཞུས་ཞེས་ཟེར།
གྲོས་མོལ་བྱས་རྗེས། གྲྭ་རྒན་ཆེན་པོ་བརྒྱད་ཀྱིས་དམར་དམག་ལ་བརྩི་བཀུར་ཞུ་རྒྱུ་ཡིན་པ་དང་ཧུར་ཐག་སྒོས་རྒྱགས་དང་གཟའ་ཆས་བསྡུ་རོགས་བྱ་རྒྱུ་ཡིན་པར་མཚོན། དུས་མཚུངས་སུ་དམག་དཔུང་བཀོད་འདོམས་པུའུ་ཡིས་སུམ་རྩེན་གླིང་གི་སྒོ་ཁར་སྲུང་བའི་དམག་དཔུང་མངགས་པ་དང་། དམག་དཔུང་གིས་གཏན་ནས་དགོན་པའི་ནང་འགྲོ་མི་ཆོག་པའི་བཀའ་བཏང་། སུམ་རྩེན་གླིང་ནས་ཁ་བྲལ་དུས་ཕྱག་ཕྲེང་ཁང་ཚན་གི་བླ་རྒན་འཕགས་མཆོག་གིས་ཧོ་ལུང་ལ་ཀོ་བའི་གལ་ཏ་ཆ་གཅིག་དང་ཤིང་ཕོར་ཆ་གཅིག་ཕུལ་བ་རེད།
ཟླ་5པའི་ཚེས་3ཉིན། སུམ་རྩེན་གླིང་གིས་གྲྭ་ཚང་གསུམ་སྒོ་ཕྱེ་སྟེ་ནས་འབོ་2000ལྷག་(རྒྱ་མ་ཁྲི་6ལྷག་)དང་གཡག་ཤ སྦྲང་དམར། ཕག་ཤ་སོགས་བཟའ་ཆས་དམར་དམག་ལ་བཙོང་པ་དང་དམག་དཔུང་གིས་རེ་རེ་བཞིན་རིན་སྤྲད་པ་རེད། དུས་མཚུངས་སུ་རྒྱལ་ཐང་གི་ཚོང་དཔོན་འགའ་ཡིས་དམར་དམག་གི་རྒྱགས་བསྡུ་བའི་ཆེད་དུ་རང་ཉིད་ཀྱི་ནུས་ཤུགས་གང་ཡོད་ཕུལ་བ་དང་།དམར་དམག་གིས་རྒྱལ་ཐང་ནས་སྔ་རྗེས་སུ་རྒྱགས་རྒྱ་མ་ཁྲི་10ལྷག་བསྡུས་ཐུབ་པ་དང་བྱང་དུ་བསྐྱོད་ནས་དམར་དམག་དཔུང་ཚོགས་བཞི་པ་དང་དཔུང་འཛོམས་བྱས་པ་ལ་འདང་ངེས་ཀྱི་དངོས་རྫས་གྲ་སྒྲིག་བྱས་ཐུབ་པ་རེད།