མེ་ཏོག་ལུག་མིག་གི་ངོ་སྤྲོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-30   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

        ལོ་མང་སྐྱེ་བའི་མེ་ཏོག་ཅིག་སྟེ། ལོ་མ་ཉག་ཅན་སྒོ་ངའི་དབྱིབས་ཡིན་པ། རྟིང་བ་སྙིང་དབྱིབས་ཡིན་ལ་སྨད་ཆར་སྤུ་འཇམ་དཀར་པོས་གཡོགས་ཡོད་པ། ལྕེ་དབྱིབས་ཅན་གྱི་མེ་ཏོག་ཁ་དོག་དཀར་པོ་དང་སེར་པོ། དམར་པོ། རྒྱ་སྨུག་བཅས་པ་ཡོད། སྦུག་དབྱིབས་མེ་ཏོག་སེར་པོར་ཟེ་སྤུ་མེད།

        རྒྱ་ཡིག་གི་མིང་། 菊花  ལ་ཏིང་གི་སྐད།   Dendranthemamorifolium (Ramat.) Tzvel.

        མིང་གཞན།   ཨུཏྤལ། བརྒྱད་པའི་མེ་ཏོག   ཁམས།  རྩི་ཤིང་ཁམས།  སྡེ།  ལུག་མིག་སྡེ།   རིགས།  མེ་ཏོག་ལུག་མིག 

        ༡ ངོ་སྤྲོད།

        འདི་ནི་ལོ་མང་སྐྱེ་བའི་མེ་ཏོག་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་།     རྩ་བ་སེར་ནག་ཆུང་ཞིང་ཨ་ར་འདྲ་བའི་རྩ་ཕྲན་མང་བ་དང་།     ལོ་མ་སྔོ་ལྗང་རལ་གྲིའི་དབྱིབས་འདྲ་བའི་རྒྱབ་ཅུང་སྐྱ་བ་ལོ་མའི་མཐའ་མཉམ་ཞིང་རྩ་རིས་ཕྲེད་དུ་རེས་མོས་སུ་སྐྱེས་ཡོད།      ངར་བ་ཐུང་ལ་གཞི་རྩ་ནས་པདྨའི་གདན་ལྟར་སྐྱེ་ཞིང་སྤུ་དཀར་འཇམ་མང་པོ་ཡོད།      སྡོང་པོ་སྨུག་ཅིང་འདྲོང་ལ་ཕྲ་བ་གསུམ་བཞི་ཙམ་རེ་གཞི་རྩའི་པད་གདན་གྱི་དབུས་ནས་སྐྱེས་པ་དང་སྡོང་པོར་སྐྱེས་པའི་ལོ་མ་རྣམས་ཆུང་ཞིང་དབྱིབས་གོང་འདྲ་རེས་མོས་སུ་སྐྱེས་ཡོད།       མེ་ཏོག་སྔོའམ་མུ་མེན་གྱི་མདོག་གེ་སར་སེར་པོ་ཡིན་པ་གདུགས་འཁྱིལ་མེ་ཏོག་རྐྱང་པར་སྡོང་པོའི་རྩེ་ཤར་བ་ཡིན།    

        《མཚོ་བོད་ས་མཐོའི་རྒྱུན་མཐོང་སྔོ་སྨན》གྱི་ནང་དུ་མེ་ཏོག་ལུག་མིག་གི་ཁྱད་ཆོས་ལ།      ལོ་མང་སྐྱེ་བའི་མེ་ཏོག་ཞིག་སྟེ།      ལོ་མ་ཉག་ཅན་སྒོ་ངའི་དབྱིབས།      རྟིང་བ་སྙིང་དབྱིབས་སྨད་ཆ་དེ།     སྤུ་འཇམ་དཀར་པོས་གཡོགས་ཡོད་པ།      ལྕེ་དབྱིབས་མེ་ཏོག་ཁ་དོག་དཀར།     སེར་དམར་རྒྱ་སྨུག་བཅས་པ་ཡོད།         སྦུག་དབྱིབས་མེ་ཏོག་སེར་པོར་ཟེ་སྤུ་མེད།

        ༢ སྐྱེ་གནས།

        པེ་ཅིང་དང་ནན་ཅིང་། ཐན་ཅིན། ཧྲང་ཧའེ། ཁྲང་ཧྲ། ཞི་ཨན། ཀོང་ཀྲོའུ། ཧྲེན་དབྱངས་སོགས་ལ་ཁྱབ་ཡོད། ཆུ་ཅུང་ཉུང་ས་དང་ཉི་མའི་འོད་རྒྱག་སར་སྐྱེས་ཡོད།

        ༣ རིག་གནས།

        མེ་ཏོག་ལུག་མིག་ནི་ཀྲུང་གོའི་མིང་གྲགས་ཅན་གྱི་མེ་ཏོག་བཅུའི་ནང་གི་གཅིག་ཡིན་དང་།      འཛམ་གླིང་སྟེང་གི་མེ་ཏོག་གཙོ་བོ་བཞིའི་གྲས་ཡང་ཡིན།     གནའ་བོའི་ལྷ་སྒྲུང་ཁྲོད་མེ་ཏོག་ལུག་མིག་ལ་བཀྲ་ཤིས་དང་ཚེ་རིང་གི་ནང་དོན་ཡང་ཡོད་པ་ཡིན།  

        ༤ འཐུ་བསྡུ་ལས་སྣོན།

        སྨན་དུ་མེ་ཏོག་དགོས་པས་བོད་ཟླ་དྲུག་པ་དང་བདུན་པར་མེ་ཏོག་འཆར་བའི་དུས་སུ་བཏུས་ཏེ་བསིལ་བར་སྐམ་ནས་སྤྱོད་རྒྱུ།

        ༥ རོ་ནུས།

        རོ་ཁ་བ། ངོ་བོ་བསིལ་བ།

        ༦ ཕན་ཡོན།

        ཕྱི་ཞུགས་རླུང་ཚའི་ཆམ་པ་དང་།   མིད་པ་སྐྲངས་དང་མིག་དམར་བ།   རྨ་ཁྲོས་སྐྲངས་དུག་ཁྲག་ཤེད་མཐོ།     བཅས་རྣམས་གསོ་བར་བྱེད་པའོ།།