རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་གྱི་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-01   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

        རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ“ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན”དང“རྒྱལ་སྤྱིའི་འཇིགས་སྐུལ་ཁྲོམ་སྐོར་ཉིན་མོ”ཞེས་ཀྱང་ཟེར། འཛམ་གླིང་གི་རྒྱལ་ཁབ80ལྷག་གི་རྒྱལ་ཡོངས་རང་བཞིན་གྱི་དུས་ཆེན་ཞིག་ཡིན་ལ། ལོ་རེའི་ཟླ་ལྔ་བའི་ཚེས་གཅིག་ལ་གཏན་འཁེལ་བྱས་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་ངལ་རྩོལ་མི་དམངས་སྤྱི་ལ་དབང་བའི་དུས་ཆེན་ཞིག་ཡིན།

    1889ལོའི་ཟླ7པར། ཨེན་ཁི་སིས་མགོ་ཁྲིད་པའི་སྐབས་གཉིས་པའི་རྒྱལ་སྤྱིའི་འཐུས་མི་ཚོགས་ཆེན་པཱ་ལི་རུ་འཚོགས་པ་དང་། ཚོགས་འདུའི་སྟེང་དུ1890ལོའི་ཟླ5པའི་ཚེས1ཉིན་རྒྱལ་སྤྱིའི་ངལ་རྩོལ་པའི་ཁྲོམ་སྐོར་ཉིན་མོ་དང་། ཟླ5པའི་ཚེས1ཉིན་དེ་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་དུ་གཏན་འཁེལ་བྱས། རྗེས་སུ་ཀྲུང་དབྱང་མི་དམངས་སྲིད་གཞུང་སྲིད་དོན་སྤྱི་ཁྱབ་ཁང་གིས1949ལོའི་ཟླ12པར་ཟླ5པའི་ཚེས1ཉིན་ངལ་རྩོལ་དུས་ཆེན་དུ་གཏན་འཁེལ་བྱས། 1989ལོའི་རྗེས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱིར་བཏང་ལོ་ལྔ་རེའི་ནང་དུ་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་དང་སྔོན་ཐོན་མི་སྒེར་གྱིས་སྤྱིར་བཏང་ལོ་ལྔ་རེའི་ནང་དུ་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཚོགས་ཆེན་ཐེངས་རེ་བསྡུ་བཞིན་ཡོད་ལ། ཐེངས་རེར་མི3000ཡས་མས་ལ་གཟེངས་བསྟོད་བྱེད་བཞིན་ཡོད།

    2019ལོའི་ཟླ11པའི་ཚེས21ཉིན། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས2020 ལོའི་དུས་ཆེན་ངལ་གསོ་བཀོད་སྒྲིག་བྱས་པའི་བརྡ་ཁྱབ》ཁྱབ་སྒྲོག་བྱས་ཤིང་།2020ལོའི་ཟླ5པའི་ཚེས1ཉིན་ནས་ཚེས5བར་གྱི་ཉིན་ལྔའི་རིང་ལ་གུང་གསེང་དུས་ཚོད་དུ་གཏན་འཁེལ་བྱས།

    1920ལོའི་ཟླ5པའི་ཚེས1ཉིན། 《ན་གཞོན་གསར་པར》《ངལ་རྩོལ་དུས་ཆེན་གྱི་རྗེས་དྲན》པར་སྐྲུན་བྱས་པ་དང་། ཚའེ་ཡོན་ཕེ་ཡི《བླ་ན་མེད་པའི་ངལ་རྩོལ་པ》ཞེས་པ་ཕྱག་བྲིས་གནང་ཞིང་།སུང་ཀྲུང་ཧྲན་གྱིས《གནམ་འོག་སྤྱི་ལ་དབང》ཞེས་པ་ཕྱག་བྲིས་གནང་། ལིས་ཏ་ཀྲའོ་ཡི《ལྔ་གཅིག་ལས་འགུལ་ལོ་རྒྱུས》ཁྲེན་ཏུའུ་ཞི་ཡི《ཧྲང་ཧེ་ཧོའུ་ཧྲེང་འཁེལ་འཐག་བཟོ་གྲྭའི་ཧུའུ་ནན་བུད་མེད་བཟོ་བའི་གནད་དོན》སོགས་བརྩམས་ཆོས་སྤེལ།ད་དུང《ཧྥ་འགྲིམ་ཀྲུང་གོའི་བཟོ་བའི་བཟོ་ཚོགས་ཀྱི་སྒྲིག་ཡིག་བསྡུས་པ》ཞེས་པ་དང་ཐང་ཧྲན་དང་ཧྲན་ཞི། ཁྲང་ཅང་སོགས་ཀྱི་ངལ་རྩོལ་གནས་ཚུལ་ལ་བརྟག་དཔྱད་བྱས།