ཉེ་བའི་ལོ་འགའི་རིང་བདེ་ཆེན་གྱི་མཁའ་རླུང་གཙང་ཚད་ཉིན་གྲངས་100%ཟིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉེ་བའི་ལོ་འགའི་རིང་།  རང་ཁུལ་གྱིས་ནན་ཏན་སྒོས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་ལེན་བསྟར་བ་དང་གནམ་སྔོན་པོ་སྲུང་བའི་དམག་འཐབ་ཡག་པོ་རྒྱབ་པ།  ལྟ་ཞིབ་ཚད་ལེན་གྲངས་གཞི་ལས་མངོན་པར་ལོ་ལྔ་ཚན་བཅུ་གསུམ་པའི་རིང་།   ཁུལ་ཡོངས་གྲོང་ཁྱེར་གྱི་མཁའ་རླུང་གཙང་ཚད་100%རྒྱུན་འཁྱོངས་བྱས་ཡོད་པ་དང་།  མཁའ་རླུང་ཆེན་པོའི་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུན་ངང་ལེགས་སུ་ཕྱིན་ཡོད།

ཉེ་བའི་ལོ་འགའི་རིང་།  རང་ཁུལ་གྱིས་གནམ་སྔོན་པོ་སྲུང་བའི་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱབ་པ་དང་།   མཁའ་རླུང་ཆེན་པོའི་བཙོག་འགྱུར་འགོག་སེལ་བྱེད་པའི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་།  《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་གནམ་སྔོན་པོའི་ཆེད་དོན་བྱ་སྤྱོད་འཆར་གཞི།》གཏན་འབེབས་བྱས་ཏེ།  ཁུལ་ཡོངས་ཀྱི་མཁའ་རླུང་ཆེན་པོའི་བཙོག་འགྱུར་འགོག་སེལ་ལས་ཀའི་སྤྱིའི་བསམ་ཕྱོགས་དང་རྨང་གཞིའི་དམིགས་འབེན།  འགན་འཁྲི་གཙོ་བོ་དང་འགན་ལེན་བྱེད་ཐབས་བཅས་ཁ་གསལ་བཟོ་བ་དང་།  དུས་ཚོད་རེའུ་མིག་དང་ལམ་ཐིག་རི་མོ་བཏོན་པ།   གཅིག་ནི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་ལེཊ་སུ་གཏོང་བ་དང་ཐོན་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།   གཉིས་ནི་ཧུར་ཐག་སྒོས་སྐྱེལ་འདྲེན་གྱི་གྲུབ་ཆ་ལེགས་སྒྲིག་བྱས་པ་དང་ལྗང་མདོག་གི་འགྲིམ་འགྲུལ་མ་ལག་འཕེལ་རྒྱས་གཏོང་བ།   གསུམ་ནི་ས་སྤྱོད་གྲུབ་ཚུལ་ལེགས་སྒྲིག་དང་ལེགས་སུ་གཏོང་བ་དང་ཧུར་ཐག་སྒོས་ཤིང་འཛུཊ་སྔོ་འགྱུར་བྱེད་སྒོ་སྤེལ་ཏེ་གྲོང་ཁྱེར་གྱི་སྔོན་ལྗང་ཅན་དུ་འགྱུར་ཚད་མཐོ་རུ་བཏང་ཡོད།

    2020ལོའི་ལོ་མཇུག་བར།  རང་ཁུལ་གྱིས་གནམ་སྔོན་པོ་སྲུང་བའི་དམག་འཐབ་ཀྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིའི་དུས་མཇུག་གི་དམིགས་འབེན་མངོན་འགྱུར་བྱུང་ཡོད་དེ།  ཁུལ་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ཀྱི་གནས་ཚུལ་ལེགས་པོ་རྒྱུན་མཁྱོངས་བྱས་ཡོད་པ་དང་།   ནུས་ལྡན་སྒོས་ཐོན་ལས་དང་ཐོན་ཁུངས་བེད་སྤྱོད།འགྲིམ་འགྲུལ་སྐྱེལ་འདྲེན་སོཊ་གཙོ་གནད་ཁྱབ་ཁོངས་ཀྱི་གྲུབ་ཚུལ་ལེགས་སུ་གཏོང་བར་སྐུལ་འདེད་བཏང་ཡོད་པ་དང་འབྲེལ་མཁའ་རླུང་ཆེན་པོའི་བཙོག་འགྱུར་འགོག་སེལ་གྱི་ནང་རྐྱེན་གསར་པ་རིམ་བཞིན་ཆཊ་ཡོད་པ་རེད།

    ལོ་ལྔ་ཚན་བཅུ་བཞི་པའི་དུས་སྐབས་སུ།  བདེ་ཆེན་ཁུལ་གྱིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་མཛུབ་སྟོན་དུ་བྱས་པ་དང་།  གནམ་སྔོན་པོ་དང་ཆུ་དྭངས་པོ།  མཁའ་རླུང་གཙང་མ་དམིགས་འབེན་དུ་བྱས་ནས་《མཁའ་རླུང་བཙོག་འགྱུར་འགོག་སེལ་འཆར་འགོད།》ཡག་པོ་བཟོ་རྒྱུ་དང་།  མཁའ་རླུང་ཆེན་པོའི་བཙོག་འགྱུར་གྱི་འབྱུང་ཁུངས་དོ་དམ་བྱེད་ཤུགས་ཆེར་གཏོང་བ་དང་ཁོར་ཡུག་ཁྲིམས་འཛིན་བྱེད་ཤུགས་ཆེར་གཏོང་བ།  དྲིལ་བསྒྲགས་སློབ་གསོ་བྱེད་ཤུགས་ཆེར་གཏོང་བ་བཅས་བྱ་རྒྱུ་ལ།  སྔར་ལས་ལྷག་པར་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེར་གཏོང་རྒྱུ་སྟེ་ཆེས་གཟབ་ནན་གྱི་བྱེད་ཐབས་དང་གཅིག་གྱུར་འཆར་འགོད།  བརྒྱུད་རིམ་ལྡན་པའི་ཇུས་འགོད།  གནད་འཁེལ་ཇུས་འདོན།  འགག་སྒྲོལ་དཀའ་སེལ་བཅས་བྱེད་དེ་རྒྱུན་མཐུད་དུ་གནམ་སྔོན་པོའི་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ཚོར་སེམས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།