བོད་ཀྱི་གཏམ་དཔེ་ཁག་གཅིག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-11   རྩོམ་ཁུངས།    བོད་རྒྱ་གཏམ་དཔེ་རྣམ་དབྱེའི་མདོར་འགྲེལ་རྣ་བའི་བདུད་རྩི།

1、འབྲས་བུ་བཏབ་ནས་སྐྱེས།  ཡོན་ཏན་སྦྱངས་ནས་ཤེས།

播种才能生长,学习才能进步。

2、སྐྱིད་ཀྱི་རྟ་པོ་མཉམ་ཞོན། སྡུག་གི་ཁུར་པོ་མཉམ་འཁུར།

有福同享,有难同担。

3、ཁ་དང་ཁོག་པ་དྲང་མོ་གྱིས། ལུས་དང་ལག་པ་གཙང་མ་གྱིས།

心口要诚实,身手要干净。

4、ཁ་ཡག་བཤད་ན་གོ་མི་ཆོད། ཚྭ་ཆུ་འཐུང་ན་སྐོམ་མི་སོས།

花言巧语不顶用,盐水喝了不解渴。

5、གནམ་གྱི་གཤིས་ལ་འགྱུར་ལྡོག་མང་། མི་ཡི་སྐྱེ་འཆིར་ངེས་གཏན་མེད།

天气时令多变化,人世生死无定期。

6、རི་མགོར་མ་སླེབས་མཐོ་དམའ་ག་ནས་ཤེས། ཆུ་ནང་མ་བརྒལ་གཏིང་ཚད་ཇི་ལྟར་ལོན།

不登山顶难辨地势高低,不涉水流岂知江河深浅。

7、སེམས་ངན་གྱིས་མ་ཎི་འདོན་པ་ལས། སེམས་བཟང་གིས་ཉི་མ་ལྡེ་ན་དགའ།

与其心怀诡计念玛尼,不如一片好意晒太阳。

8、བསམ་བློ་སྔོན་ལ་བཏང་ན་མཁས་པ་དང་། འགྱོད་པ་རྗེས་ལ་སྐྱེ་བ་གླེན་པ་ཡིན།

事前考虑是智者,事过后悔是愚者。