པུས་མོའི་སྐོར་གྱི་ཤེས་བྱ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-13   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

༡ ངོ་སྤྲོད།


    པུས་མོ་ནི་བརླ་དང་བྱིན་པ་གཉིས་སྦྲེལ་མཐུད་ཀྱི་གནས་དེ་ཡིན།   པུས་མོ་ཡིས་ཆེས་གཙོ་བོའི་ནང་གི་གྲུབ་ཚུལ་ནི་ཚིགས་རྒྱུས་ཡིན།  པུས་མོ་ཆེས་གཙོ་བོ་ཡིན་པའི་ཚིགས་རྒྱུས་བཞི་ཡིས་འདེགས་སྐྱོར་བྱེད་པ་ཡིན།  དེ་ལས་ཚིགས་རྒྱུས་གཉིས་ནི་པུས་མོའི་གཞོགས་གཉིས་སུ་ཡོད་པ་དང་།  དེས་ནུས་བ་ནི་པུས་མོ་འཁོར་རྟེན་ལ་ཁ་བྲལ་བར་བཀག་འགོག་བྱེད་པ་དེ་ཡིན།  དེ་ལས་གཞན་པའི་ཚིགས་རྒྱུས་གཉིས་ནི་པུས་མོའི་མདུན་ཕྱོགས་དང་རྒྱབ་ཕྱོགས་གཉིས་སུ་ཡོད།  ནུས་བ་ནི་པུས་མོའི་རྒྱབ་མདུན་དུ་གནས་མི་སྤོར་བར་བཀག་འགོག་བྱེད་པ་དེ་ཡིན། 

༢ པུས་མོས་རུས་ཚིགས་ན་བ།

    རང་ཉིད་ཀྱིས་རང་ཉིད་ལ་སྨན་བཅོས་བྱེད་ཐབས།  མལ་དུ་ཉལ་ནས་རྐང་པ་གཉིས་དྲང་མོར་རྐྱོང་བ་དང་།  སྨན་བཅོས་བྱེད་པའི་མི་གམ་དུ་བསྡད་ནས་མཐེ་བོང་གིས་པུས་མོའི་དཀྱིལ་སྙིང་དུ་འཕུར་གནོན་བྱེད་པ། གལ་ཏེ་རྐང་པ་གཡས་ཕྱོགས་ཡིན་ན་ལག་གཡོན་པས་འཕུར་གནོན་བྱེད་པ་དང་རྐང་པ་གཡོན་ཕྱོགས་ཡིན་ན་ལག་གཡས་བས་འཕུར་གནོན་བྱེད་པ་ཡིན།  ཉིན་རེར་ཐེངས་གཅིག་དང་ཐེངས་གཅིག་ལ་སྐར་མ་བཅུ་ལྷག་གི་རིང་ལ་འཕུར་གནོན་བྱེད་དགོས།  པུས་མོའི་རུས་ཚིགས་ནི་མིའི་ལུས་སྟེང་གི་ཅུང་ཆེ་བ་དང་རྙོག་འཛིང་ཆེ་བའི་རུས་ཚིགས་ཡིན།  དེས་འཁེལ་བའི་ཐེག་ཤུགས་ཆེ་ལ་གྲུབ་ཚུལ་བརྟན་པོ་དང་བདེ་ལྕག་འཁྱུག་པོ་ཡིན་པ།  པུས་མོའི་རུས་ཚིགས་ན་བ་དེ་མི་རྣམས་ཀྱིས་སྣང་མེད་དུ་འཇོག་པའམ་ཡང་ན་གྲུམ་ནད་ཡིན་པར་ཐག་གཅོད་བྱས་པ་རེད།  སྤྱིར་བཤད་ན།  པུས་མོའི་རུས་ཚིགས་ན་བའི་རྒྱུ་རྐྱེན་གང་མང་མང་ཡོད་ལ།  རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ།  རུས་ཚིགས་ན་བ་མང་ཆེ་བ་ནི་རྨས་སྐྱོན་ཕོག་པ་མ་ཡིན་པར།  རུས་ཚིགས་དུས་ཡུན་རིང་བོར་གྲང་པ་དང་དྲོད་ཚད་ཀྱི་ཧེ་བག་ནི་རུས་ཚིགས་ན་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།   ལྷག་པར་དུ་སྟོན་ཀ་ཡིན་དུས་སུ།  དྲོད་གྲང་བརྗེ་སྤོར་བྱེད་པའི་དུས་སུ།  དྲོད་ཚད་དམའ་བ་དང་དྲོད་ཚད་ཀྱི་ཧེ་བག་གིས་ཤ་ཤེད་དང་ཁྲག་སྦུག་བསྐུམས་པར་བྱས་ནས་པུས་མོའི་རུས་ཚིགས་ན་བ་ཡིན་ནོ། །གལ་ཏེ་གནས་ཚུལ་འདི་དག་དང་འཕྲད་ཚེ་ཐོག་མར་བར་འཚང་ཅན་གྱི་ལྭ་བ་སོགས་གོན་ན་ལེགས།  རྗེས་སུ་འགུལ་སྐྱོད་བྱེད་པར་ཇེ་ཉུང་དུ་བཏང་ནས་རུས་ཚིགས་ངལ་གསོ་བར་བྱེད་དགོས།  ལོ་ན་རྒས་བ་དང་བསྟུན་ནས་པུས་མོའི་རུས་ཚིགས་ལོ་མང་བོར་བརྡར་ནས་དེའི་ཉེ་འཁོར་གྱི་ཚིགས་རྒྱུས་ཞི་ལྷོད་དུ་སོང་ན་རུས་ཚིགས་བརྟན་པོ་མིན་པས།  རུས་ལྷག་སྐྱེ་པ་ཡིན།  རུས་ལྷག་སྐྱེ་པ་དེ་ནི་མི་རྒས་པའི་རྟགས་རེད།  ལོ་བཞི་བཅུ་སོན་རྗེས་སུ་མི་མང་ཤོས་ཤིག་ལ་རུས་ལྷག་སྐྱེ་པ་ཡིན།