མདང་ནུབ་པེ་ཅིང་དུ་རིག་རྩལ་འཁྲབ་སྟོན་འདི་འདྲ་ཞིག་གཉེར་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-29   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་༼རླབས་ཆེའི་རྒྱང་སྐྱོད་༽ཅེས་པ་པེ་ཅིང་དུ་གཟབ་རྒྱས་ངང་ཚོགས་པ་དང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅེ། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ནས་འཁྲབ་སྟོན་ལ་གཟིགས་པ།

    དཀའ་སྤྱད་ལས་སྒྲུབ་བྱས་ཏེ་རླབས་ཆེའི་བྱ་གཞག་གཏོད། ཐོག་མའི་བསམ་འདུན་མི་བརྗེད་ཡང་བསྐྱར་རྡོག་ཐོན་བྱེད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་༼རླབས་ཆེའི་རྒྱང་སྐྱོད་༽ཅེས་པ་སྤྱི་ཚེས་28ཉིན་གྱི་དགོང་མོ་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་ཚོགས་པ་རེད། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅེ། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་གཟིགས་མོ་བ་ཁྲི་2ཙམ་དང་ལྷན་དུ་འཁྲབ་སྟོན་ལ་གཟིགས་ཏེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ཟིལ་རླབས་དགུང་འཕྱུར་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ཕྱིར་དྲན་ཞུས་གནང་བ་དང་། རླབས་ཆེའི་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱང་སྐྱོད་གསར་པའི་ཕྱོགས་སུ་མདུན་སྐྱོད་དང་དུས་རབས་གསར་པར་འབད་འབུངས་བྱེད་པར་ལྷན་དུ་སྨོན་འདུན་ཞུས་གནང་བ་རེད།

    མཚན་མོའི་གློག་སྒྲོན་འོག་གི་ཨའོ་ལིན་ཕིག་ལྟེ་གནས་སུ་གློག་མདངས་རྣམ་པར་བཀྲ་ཞིང་བརྗིད་ཆགས་ཉམས་དགའ་བ་ཞིག་ཡོད། རྟེན་འབྲེལ་མཚོན་པའི་ཀྲུང་གོའི་མཚོན་མདུད་གློག་སྒྲོན་དང་། མངོན་གསལ་དོད་པའི་རྟེན་འབྲེལ་བྱེད་སྒོའི་མཚོན་རྟགས། ཚོན་མདངས་རྣམ་པར་བཀྲ་བའི་འཁྱིལ་འབྲུག་རྣམ་པའི་ཟེའུ་བརྒྱན་ཀ་བ་བཅས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་འཁྲུངས་སྐར་ལ་བཀྲ་ཤིས་རྟེན་འབྲེལ་ཞུ་ལུགས་མཚོན་པར་བྱས་ཡོད། གསེར་མདངས་འཕྲོ་བའི་རྒྱལ་ཁབ་ལུས་རྩལ་ཐང་དང་། གཡུ་མདོག་གི་རྒྱལ་ཁབ་ཆུ་རྩལ་ལྟེ་གནས་གཉིས་ཕན་ཚུན་མཛེས་བརྒྱན་སྤྲོད་བཞིན་གནས།
    རྒྱལ་ཁབ་ལུས་རྩལ་ཐང་ནང་གློག་འོད་ཆེམ་ཆེམ་དུ་འཕྲོ་བཞིན་ཡོད། གར་སྟེགས་དཀྱིལ་དབུས་ཀྱི་བརྙན་ཤེལ་ཆེན་པོའི་ཐོག་གསེར་མདོག་གི་ཏང་རྟགས་དེ་འཁྲབ་ཡོལ་དམར་པོའི་རྒྱན་སྤྲོས་འོག་དེ་བས་འོད་མདངས་རབ་ཏུ་རྒྱས་པ་དང་། གཞོགས་གཉིས་སུ་ཁག་སོ་སོར་སྤྱི་ལོ་1921དང་སྤྱི་ལོ་2021ཞེས་པའི་གསེར་མདོག་གི་ཡི་གེ་བྲིས་ཡོད། གར་སྟེགས་ཀྱི་མཐོ་གནས་སུ་གུས་ལུགས་པ་100འགྱིངས་ངེར་ལངས་ཡོད་པ་དང་། གཞོགས་གཉིས་ཀྱི་འཁོར་སྐྱོད་འཁྲབ་ལྗོངས་ནང་འཐབ་འཛིང་པའི་གཟུགས་བརྙན་ཚོམ་བུ་འགྱིངས་ངེར་མངོན་བཞིན་ཡོད། དཔའ་ཉམས་རབ་ཏུ་རྒྱས་པའི་གཞོན་ནུ་ཚོས་ལག་ཏུ་མེ་ཏོག་དམར་པོ་བཟུང་ནས་གར་སྟེགས་དབུས་སུ་འཛོམས་ཡོད་པ་རེད།

    ཆུ་ཚོད་19དང་སྐར་མ་57ཙམ་ལ། སྤྲོ་སྣང་ལྡན་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་ཀྲུའུ་ཞི་སྟེགས་བུའི་ཐོག་ཕེབས་ནས། ཚང་མར་ཕྱག་གཡུག་གཡུག་གནང་སྟེ་གུས་འདུད་ཞུས་གནང་བ་དང་། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲས་ཁེངས་ཡོད།

    སྤྲོ་སྣང་རྒྱས་པའི་གླུ་གཞས་ཀྱི་སྒྲ་གྲགས་པ་དང་བསྟུན་ནས་ཨང་ཀི་100ཡི་ལོ་རྩིས་དེ་རྣམ་པར་བཀྲ་བའི་མེ་ལྕེས་རྒྱལ་ཁབ་ལུས་རྩལ་ཐང་གི་བར་སྣང་དུ་བསྐྱལ་ཡོད། གར་སྟེགས་ཐོག མེ་སྟག་ཆུང་ཆུང་མང་པོས་ཏང་རྟགས་ཀྱི་དཔེ་རིས་སུ་གྲུབ་པ་དང་བསྟུན་ནས་འཁྲབ་སྟོན་དངོས་སུ་འགོ་ཚུགས་ཡོད།

    འཁྲབ་སྟོན་དེ་དངོས་མཚོན་ལོ་རྒྱུས་མཚོན་པའི་རྣམ་པའི་ཐོག་ནས་མངོན་པ་དང་། དེ་ཡང་ལེའུ་ཁག་བཞི་ལ་དབྱེ་ཡོད་ཅིང་། སྒྱུ་རྩལ་གྱི་ཐབས་ལམ་སྣ་ཚོགས་གཅིག་བསྡུས་ཐོག་སྤྱད་དེ། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་བརྒྱའི་རིང་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་ནས་གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་ཀྱི་བརྗིད་ཆེའི་པར་རིས་གསོན་ཉམས་དོད་པོས་མངོན་པར་བྱས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་འཁྲིད་འོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། གོམ་ཞེང་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པར་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་པར་སྤྲོ་སེམས་འཁོལ་པོས་བསྟོད་གླུ་ཕུལ་ཡོད།

    སྲིད་ཏང་འདིས་ཀྲུང་གོ་འདི་ཉིད་འོད་སྣང་ཕྱོགས་སུ་ཁྲིད་སྟོན་བྱེད་ཐུབ་ངེས་ཡིན་པ་དང་། ཀྲུང་གོ་བ་རྣམས་བདེ་སྐྱིད་ལྡན་པའི་འཚོ་སྐྱེལ་རྒྱུ་ཡོང་ངེས་རེད་ཅེས་འཁོད་པའི་ཟློས་གར་དང་ཞབས་བྲོའི་ལེ་ཚན་༼སྐྱ་རེངས་འཆར་བ་༽ཞེས་པའི་ཐོག་ནས་ཉེ་རབས་ཀྱི་རྗེས་སུ་ཀྲུང་ཧྭ་མི་རིགས་ཀྱིས་དཀའ་སྡུག་ཚད་མེད་མྱངས་པ་དང་། སྤྱོད་བཟང་འདུན་ཆེའི་མི་སྣ་གྲངས་ལས་འདས་པས་སྔ་འཛིན་ཕྱོ་གཏོད་ཀྱིས་རྒྱལ་སྐྱོབ་དམངས་སྐྱོབ་གནང་བའི་བདེན་དོན་དང་། སྤྱི་ལོ་1921ལོར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་བར་གྱི་ཀྲུང་གོའི་གསར་བརྗེའི་རྣམ་པ་གསར་རྐྱང་དེ་སླར་ཡང་མངོན་པར་བྱས་ཡོད། ལེའུ་དང་པོ་༼མེ་ལྕེ་དྲག་པོའི་ཀློང་དུ་ཤོར་༽ཞེས་པ་ཡིན་ཞིང་། ལྗོངས་རྣམ་མཚོན་པའི་ཞབས་བྲོ་༼འོས་ལངས། འོས་ལངས་༽ཞེས་པ་དང་། གླུ་གར་ཞབས་བྲོ་༼ས་གཞི་༽ཞེས་པ། ཟློས་གར་དང་ཞབས་བྲོ་༼རྒྱང་སྐྱོད་༽ཅེས་པ། ལྗོངས་རྣམ་མཉམ་གཞས་ཆེན་པོ་༼ངར་སྒྲ་སྒྲོག རྨ་ཆུ་ལགས་༽ཞེས་པ། མཉམ་གཞས་དང་ཟློས་གསར་༼མདུན་སྐྱོད། མདུན་སྐྱོད། མདུན་སྐྱོད་༽ཅེས་པ་སོགས་ཀྱི་ལེ་ཚན་ཐོག་ནས་གསར་བརྗེ་ཆེན་མོའི་དུ་ཞག་ཀློང་དུ་དཀའ་ཚེགས་ཆེ་བའི་རྒྱང་སྐྱོད་ལམ་བུ་དང་། ལྗར་འགོག་དམག་འཁྲུག་དང་བཅིངས་འགྲོལ་དམག་འཁྲུག་གི་གཡུལ་སའི་ཐོག ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་རྣམས་ལ་མཐུན་སྒྲིལ་སྣེ་ཁྲིད་མཛད་ནས་དམག་འཐབ་དྲག་པོ་མཛད་ཅིང་དཀའ་ཚེགས་ཀྱི་ཁྲོད་དུ་རྒྱལ་ཁ་བླངས་པའི་རླབས་ཆེའི་བརྒྱུད་རིམ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།
    འཛམ་གླིང་རྙིང་པ་ཞིག་ལ་འགྱུར་བ་གཏོང་མཁན་གུང་ཁྲན་ཏང་མིས་འཛམ་གླིང་གསར་པ་ཞིག་བསྐྲུན་ཐུབ་བམ་ཞེ་ན། ལེའུ་གཉིས་པ། ༼དྲག་ཆར་རླུང་འཚུབ་ལ་མི་འཛེམས་༽ཞེས་པ་དེ་ཞབས་བྲོ་༼རྒྱལ་སྟོན་མཛད་སྒོ་༽ཞེས་པ་ནས་འགོ་བརྩམས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱེད་པའི་ཚ་ཚ་འུར་འུར་གྱི་ལོ་རབས་ལ་ཕྱིར་དྲན་ཞུས་ཡོད། འབྲུག་སྒྲ་ལྡིར་བ་ལྟར་གྱི་མེ་སྒྱོགས་ཀྱི་སྒྲའི་ཁྲོད། ལྗོངས་རྣམ་མཉམ་གཞས་དང་ཞབས་བྲོ་༼འཐབ་དར་ཇི་འདྲའི་མཛེས་སྡུག་ལྡན་༽ཞེས་པའི་ཐོག་ནས་ཨ་འགོག་ཁྲའོ་རོགས་ཀྱི་དམག་འཐབ་དྲག་པོའི་རྣམ་པ་མངོན་ཞིང་། དང་བླངས་དམག་འཐབ་པ་ཚོའི་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་ལྷད་མེད་བརྩེ་བ་ཟབ་མོར་བསྟོད་པའི་གླུ་དབྱངས་ཕུལ་ཡོད། བློ་སྟོབས་ཆེ་ཞིང་དཔའ་ངར་ལྡན་པའི་གཞས་གདངས་ཁྲོད་ཟློས་གར་དང་ཞབས་བྲོ་༼སྤྲོ་ངར་འཕེལ་བའི་ལོ་ཟླ་༽ཞེས་པས་ཝང་ཅིན་ཞི་དང་། ཧྲེ་ལའེ་ཧོ། ལེ་ཧྥེང་། ཆན་ཞུའེ་སེན། ཅའོ་ཡུས་ལུའུ་སོགས་གདོང་ལེན་དཔེ་བཟང་མི་སྣའི་འབད་འཐབ་ཀྱི་རྣམ་པ་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད།

    ཀྲུང་གོའི་མི་དམངས་ཡར་ལང་རྒྱུར་སྣེ་ཁྲིད་བྱེད་མཁན་གྱི་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཕྱུག་པོའི་ལམ་དུ་ཁྲིད་ཐུབ་བམ་ཞེ་ན། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱས་ནས་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་རང་བཞིན་གྱི་དྲི་བར་ལན་བཏབ་ཡོད། ལེའུ་གསུམ་པ་༼དཔའ་ངར་མདུན་སྐྱོད་༽ཅེས་པའི་ནང་། ཞབས་བྲོ་༼དཔྱིད་རླབས་དགུང་དུ་འཕྱུར་༽ཞེས་པའི་ཐོག་ནས་དཔྱིད་དུས་ཀྱི་གཏམ་རྒྱུད་དེ་རེ་བའི་ཞིང་ས་གཤིན་པོའི་ཐོག་འདེབས་པ་དང་། གླུ་གར་ཞབས་བྲོ་༼དམིགས་བསལ་ཁུལ་གྱི་ཀློང་ཡངས་གླུ་གཞས་༽ཞེས་པའི་ནང་དམིགས་བསལ་ཁུལ་དུ་སྔོན་སྐྱོད་དང་སྔོན་ལ་ཚོད་ལྟ་བྱེད་པའི་དུས་རབས་ཀྱི་ཁྲག་རྒྱུན་བཞུར་ཞིང་། ལྗོངས་རྣམ་མཉམ་གཞས་དང་ཞབས་བྲོ་༼པང་དུ་ལོག་པའི་དུས་ཚོད་༽ཅེས་པའི་ནང་ཤང་ཀང་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་པར་བཀྲིས་རྟེན་འབྲེལ་ཞུས་པ། སྙན་ངག་གྱེར་འདོན་དང་མཉམ་གཞས་༼མཆོངས་བརྒལ་༽ཞེས་པའི་ཐོག་ནས་ནུབ་རླངས་ཤར་འདྲེན་དང་། ནུབ་གློག་ཤར་སྐྱེལ། ལྷོ་ཆུ་བྱང་འདྲེན། བྱང་སོལ་ལྷོ་འདྲེན་སོགས་རྒྱལ་ཁབ་ཀྱི་ལས་གྲྭ་ཆེན་པོ་དག་ལ་བསྟོད་པའི་གླུ་དབྱངས་བླངས་ཡོད། ལྗོངས་རྣམ་ཞབས་བྲོ་༼ཏང་དར་ང་ཡི་སྙིང་དབུས་སུ་གནས་༽ཞེས་པའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག རྒྱལ་ཡོངས་མི་དམངས་ཀྱིས་བློ་སེམས་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་ཐོག་ནས། དམིགས་བསལ་གློ་ཚད་ལ་རྒྱལ་ཁ་བླངས་པ་དང་། ཡོམ་འགོག་གེགས་སེལ་ལ་རླབས་ཆེའི་རྒྱལ་ཁ་བླངས་པ་མཚོན་པར་བྱས་ཡོད། མཉམ་གཞས་དང་ཞབས་བྲོ་༼སྐྱོད་བཞིན་པའི་དཔལ་འབར་༽ཞེས་པའི་ཐོག་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་། ཧྲང་ཧའེ་འཛམ་གླིང་དངོས་མང་འགྲེམས་ཚོགས། ལྷ་གྲུ་ཨང་བདུན་པ་རྟགས་ཅན་གྱི་འཕུར་གྲུ་འཕེན་གཏོང་སོགས་མི་སེམས་འགུལ་བའི་ལོ་རྒྱུས་ཀྱི་རྣམ་པ་རེ་རེར་ཕྱིར་དྲན་ཞུས་ཡོད་པ་རེད།

    ལེའུ་བཞི་པ་༼མདུན་ལམ་བཟང་པོ་༽ཞེས་པས་དུས་རབས་གསར་པའི་བརྗིད་ཆེའི་རྣམ་པ་བཏོད་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རླབས་ཆེའི་འཐབ་རྩོད་དང་། རླབས་ཆེའི་ལས་གཞི། རླབས་ཆེའི་བྱ་གཞག རླབས་ཆེའི་ཕུགས་འདུན་བཅས་ལ་གཅིག་གྱུར་འཆར་འགོད་གནང་བས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་ཕྱིན་དྲན་བྱས་ཡོད། ཟློས་གར་དང་གླུ་གར་༼ཤར་ཕྱོགས་ཀྱི་ངོ་མཚར་༽ཞེས་པའི་ནང་། མིན་ཉིང་གྲོང་རྡལ་དང་ཧྲི་པ་ཏུང་གྲོང་ཚོའི་དབུལ་སྒྲོལ་འགག་གཏོར་གྱི་གཏམ་རྒྱུད་གླེང་ནས། ཀྲུང་གོ་གུང་ཁྲན་ཏང་མིས་ཀྲུང་ཧྭ་མི་རིགས་ཀྱི་སྣེ་ཁྲིད་དེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཚར་བ་བྱེད་པའི་རླབས་ཆེའི་རྒྱལ་ཁ་ཁྱབ་བསྒྲགས་ཀྱང་བྱས་ཡོད། ལྗོངས་རྣམ་རྣམ་པའི་མཉམ་སྒྲོག་རོལ་དབྱངས་༼མི་དམངས་རྩ་བའི་རྩེ་ལ་འཛིན་པ་༽ཞེས་པའི་ནང་། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རྗེས། རྒྱལ་ཡོངས་སྐུལ་སློང་དང་གོང་འོག་སེམས་པ་གཅིག་སྒྲིལ་གྱི་དམངས་ཡོངས་ཀྱི་རིམས་འགོག་གཡུལ་འགྱེད་དེ་བསྐྱར་དུ་མངོན་པ་བྱས་ཡོད། ལྗོངས་རྣམ་རྣམ་པའི་གླུ་གར་༼སྟོབས་ཆེའི་དམག་དཔུང་གི་དམག་གླུ་༽ཞེས་པ་དེ་དམག་རིགས་མང་པོ་གཞི་གཅིག་ཅན་གྱི་དམག་འཐབ་དངོས་ཀྱི་སྦྱོང་བརྡར་གྱི་གནས་ཚུལ་དངོས་མཚོན་པའི་འཁྲབ་སྟོན་བརྒྱུད་དེ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་མཛུབ་ཁྲིད་འོག མི་དམངས་དམག་དཔུང་གིས་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་པའི་དཔའ་ཉམས་མངོན་ཡོད། སྙན་ངག་གྱེར་འདོན་དང་མཉམ་གཞས་༼སྟོབས་ཆེའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་༽ཞེས་པའི་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག ཉིན་བཞིན་སྟོབས་ཆེར་འགྲོ་བའི་ཀྲུང་གོའི་སྟོབས་ཤུགས་མངོན་ཡོད། རྔ་དང་རོལ་ཆའི་གླུ་གར་༼གནམ་ས་གསར་པ་༽ཞེས་པའི་ནང་། ཚངས་ཐིག་ལ་སྨི་10ཡོད་པའི་རྔ་ཆེན་པོ་ཞིག་དང་ངོས་བརྒྱ་ཡོད་པའི་རྔ་ཆེན་པོ་ཞིག་མཁའ་དབྱིངས་སུ་འཆར་བ་དང་། རོལ་དབྱངས་དཀྲོལ་མཁན་མི་བརྒྱ་ཡིས་དུང་བརྡ་དཀྲོལ་བ། བརྗིད་རྔམ་ཆེ་ལ་རྣམ་པ་གསར་རྐྱང་གི་ཐོག་ནས་དུས་རབས་གསར་པའི་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་རྣམ་པ་མངོན་པ་དང་། ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་སོང་བའི་བར་གྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་མཚོན་པར་བྱས་ནས། ཀྲུང་ཧྭ་བུ་ཕྲུག་ཚོས་བློ་སྤོབས་ཆེན་པོས་མདུན་སྐྱོད་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། རོལ་དབྱངས་དང་བྱིས་པའི་མཉམ་གཞས་དང་ཞབས་བྲོ་༼ལས་དབང་གཅིག་མཐུན་མ་ལག་༽ཅེས་པའི་ཐོག་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་སྐྲུན་རྒྱུ་དེ་གོ་ལ་ཧྲིལ་པོར་བསྒྲགས་པའི་རེ་འབོད་མཚོན་པར་བྱས་ཡོད་པ་རེད།

    སྣེ་ཁྲིད་པ། རླབས་ཆེའི་ཀྲུང་གོ་གུང་ཁྲན་ཏང་། བརྗོད་དོན་གཙོ་བོའི་གླུ་གཞས་༼སྣེ་ཁྲིད་པ་༽ཞེས་པའི་འགྱུར་ཁུག་དང་བསྟུན་ནས། མཐོ་ཚད་ལ་སྨི་16ཟིན་པའི་གསེར་མདོག་གི་ཏང་རྟགས་བརྗིད་ཉམས་ལྡན་པའི་ངང་སྒྲེང་བས་འོད་སྟོང་ཕྱོགས་བཞིར་འཕྲོས་ཡོད། གླུ་སྒྲ་དང་ཐལ་མོའི་རྡེབ་སྒྲའི་ཁྲོད་དར་དམར་ཆེན་པོ་བཅུ་ལྷབ་ལྷུབ་ཏུ་གཡོས་ཡོད། བར་ཐག་ཇི་ཙམ་རིང་ཡང་ཁྱེད་ང་ཚོའི་འགྲམ་དུ་ཡོད། ཆོད་སེམས་ལ་འགྱུར་བ་མེད་ལ་ཐོག་མའི་བསམ་འདུན་བརྗེད་མི་སྲིད། མི་དམངས་ནི་རྒྱལ་སྲིད་ཡིན། འོས་འགན་དང་འགན་འཁྲི་འཁུར་བར་བྱེད། འོད་སྟོང་འཕྲོ་བའི་ཚོན་ཁྲ་ཅན་གྱི་ཤོག་སྦག་གིས་མཚན་ལྗོངས་སྔར་བས་མཛེས་སྡུག་ལྡན་པར་གྱུར་ནས་འཁྲབ་སྟོན་གྱི་མཐོ་རླབས་འཕྱུར་བ་བྱས་ཡོད། རིག་རྩལ་འཁྲབ་སྟོན་མཇུག་འགྲིལ་རྗེས། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་བཞེངས་ནས་ཐུན་མོང་ཐོག༼གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་༽ཅེས་པའི་གླུ་གཞས་སྐད་གསང་མཐོན་པོས་བླངས་པ་དང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་ཡོད་པ་རེད།

    ད་དུང་གཟིགས་མོ་གཟིགས་མཁན་གྲས་སུ་ཏིང་ཞུའེ་ཞང་དང་ཝང་ཁྲེན། ལིའུ་ཧོ། ཞུས་ཆི་ལེའང་། སུན་ཁྲུན་ལན། ཡང་ཅེ་ཁྲེ། ཡང་ཞའོ་ཏུའུ། ཀྲང་ཡིའུ་ཞ། ཁྲེན་ཞི། ཧུའུ་ཁྲུན་ཧྭ། ཀུའོ་ཧྲེང་ཁུན། ཧོང་ཁུན་མིང་། ཚའེ་ཆི། ལི་རུའེ་ཧོན། ཅ་ཆིང་ལིན། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ཙེང་ཆིང་ཧུང་། ཝུའུ་ཀོན་ཀྲེང་། ལི་ཁྲང་ཁྲུན། ཧོ་གོ་ཆང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི། ཡིའུ་ཆོན། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་ཡུའེ་ཡུའེ། ཅི་པིང་ཞོན། ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཝུའུ་ཝེ་ཧྭ། ཝེ་ཧྥེང་ཧོ། ཝང་ཡུང་། ཝང་དབྱི། ཞའོ་ཅེ། ཀྲའོ་ཁེ་ཀྲེ། ཀྲོའུ་ཆང་། ཀྲང་ཅུན། ཀྲང་ཆིང་ལི། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཝན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། མ་པིའོ། ཁྲེན་ཞའོ་ཀོང་། ལེའང་ཀྲེན་ཡིང་། ཞ་པའོ་ལུང་། ལི་པིན། པ་ཐེར། ཝང་ཡུང་ཆིན། ཧོ་ལི་ཧྥེང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཞིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། ཝང་ལེ་ཆོན། ཝང་ཀྲའོ་གོ ཧུའེ་ལེང་ཡུས། ལིའུ་ཆི། ཝུའུ་དབྱི། ཚའོ་ཀང་ཁྲོན། ལིའུ་ཡན་ཏུང་། ལི་ཡོན་ཁྲའོ། མ་ཁའེ། ལི་ཅན་གོ ཧྥན་ཁྲང་ལུང་། མེང་ཅན་ཀྲུའུ། ཀུའོ་ཅིན་ལུང་། ཧོ་ཡུང་། ཏུའུ་ཆིང་ལིན། ཀྲའོ་ཧུང་ཀྲུའུ། ཀུའུ་ཞིའུ་ལན། རག་སྡིས། ཝུའུ་ཡུན་ཆི་མུའུ་ཀེ། ཁྲེན་ཀྲི་ལི། ཀྲོའུ་ཐིའེ་ནུང་། ཝང་ཧྲེང་ཅུན། ཁྲེན་ཁྲང་ཀྲི། ཀྲང་ཕིང་། བྱམས་པ་ཕུན་ཚོགས། ཁྲང་ཝན་ཆོན། ཅ་ཁྲུན་ཝང་། ཝང་ཀྲུང་ཡུས། ཀྲང་ཧུའེ་ཤིས། ལི་མེང་། པའེ་ལི་ཁྲེན། ཁྲེན་ཁུའེ་ཡོན། ཨ་པུའུ་ལའེ་ཐི་ཨ་པུའུ་ཏུའུ་རེ་ཞི་ཐི། ལི་ཀྲའོ་ཀྲུའོ། ཧོང་མེང་ཧྥུ། ཀྲང་མེ་ཡིང་། ཀྲང་རུང་མིང་། ཆན་ཡུན་ལུའུ། སུན་ཅ་ཀྲེང་། ལི་ཅིན་ཧྭ། ཀྲེང་ཝན་ཐུང་། ཝང་ཀྲེ་ཀྲན། ཧན་ཇི་ཏེ། ལུའོ་ཕུའུ་ཧོ། ལི་ཧའེ་ཧྥེང་། ཁྲེན་ཡོན། ཀྲོའུ་ཞའོ་ཁྲོན། ཝང་ཅ་རུའེ། ཇི་ཞུས་ཁྲུན། ལིའུ་ཞའོ་ཧྥེང་། ཝང་ཇིན་རྨིན། དེ་བཞིན་ལི་ཙུའོ་ཁྲེང་དང་། མིའོ་ཧྭ། ཀྲང་ཧྲེང་རྨིན། ཁྲེན་པིན་ཏེ། ལི་ཅི་ནའེ། ཆའོ་ཆིང་ཁྲེན། ཅིང་ཀྲི་ཡོན། ཀྲའོ་ཁེ་ཧྲི། ཝུའུ་ཧྲེང་ལི། མ་ཞའོ་ཐེན། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་ཡུའེ་ཨེ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་བཅས་ཡོད་པ་རེད།

    པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་གི་ཏང་སྲིད་དམག་དམངས་ཀྱི་སྡེ་ཁག་ཁག་གི་འགན་འཁུར་བློ་མཐུན་དང་། བློ་མཐུན་རྒན་གྲས་ཀྱི་འཐུས་མི། པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་དོ་དམ་དངུལ་རྩའི་ལས་ཁུངས་དང་། ཁེ་ལས། མཐོ་རིམ་སློབ་གྲྭ། ཚན་རིག་ཞིབ་འཇུག་ལས་ཁུངས་སོགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ། པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་ཨུ་ཡོན་དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀང་ཨའོ་ཐའེ་ཡི་སྤུན་ཟླ། ཕྱིར་སྡོད་སྤུན་ཟླའི་འཐུས་མི། པེ་ཅིང་དུ་ཡོད་པའི་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་གི་ཨུ་ཡོན། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་པེ་ཅིང་དུ་ཡོད་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། པེ་ཅིང་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན། “མདེལ་གཉིས་སྐར་གཅིག་གི་མཛད་རྗེས་གཟེངས་རྟགས་”དང་། “རྒྱལ་ཡོངས་ཀྱི་དབུལ་གྲོལ་འགག་གཏོར་དཔེ་བཟང་”གི་གཟི་བརྗིད་མཚན་སྙན་ཐོབ་མཁན། “རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་ལག་རྩལ་གྱི་བྱ་དགའ།” “འཇིག་རྟེན་འཕུར་སྐྱོད་དཔའ་བོ།” “འཇིག་རྟེན་འཕུར་སྐྱོད་པའི་དཔའ་བོའི་མཚན་སྙན་”ཐོབ་མཁན། རྒྱལ་ཡོངས་ཀྱི་སྔོན་ཐོན་དཔེ་བཟང་མི་སྣའི་འཐུས་མི། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་བ་གཙོ་བོ། པེ་ཅིང་དུ་ཡོད་པའི་ཀྲུང་གོ་ཚན་རིག་ཁང་གི་ཡོའན་ཧྲི་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོའན་ཧྲི། ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་མེས་རྒྱལ་དུ་ཕྱིར་ལོག་པའི་ཕུལ་བྱུང་ཤེས་ལྡན་མི་སྣའི་འཐུས་མི། གཤེགས་ཟིན་པའི་བློ་མཐུན་རྒན་གྲས་ཁག་གཅིག་གི་གཉེན་ཉེ། སྔོན་གཤེགས་དཔའ་བོ་དང་གཞུང་དོན་དུ་སྐུ་གཤེགས་པའི་མི་སྣའི་ཁྱིམ་མི། “གཟི་བརྗིད་ལྡན་པའི་ངང་ཏང་ནང་ཞུགས་ནས་ལོ་50”ཕྱིན་པའི་དྲན་གསོའི་རྟགས་མ་ཐོབ་མཁན་གྱི་འཐུས་མི། སྤྱི་ལོ་2021ལོར་གསར་དུ་འཕེལ་རྒྱས་བཏང་བའི་ཏང་ཡོན་གྱི་འཐུས་མི། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་འཐུས་མི། རྒྱལ་ཡོངས་ཀྱི་གཙོ་གནད་གཟིགས་སྐྱོང་བྱ་ཡུལ། རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི། པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མི་སོགས་ཀྱིས་འཁྲབ་སྟོན་ལ་གཟིགས་ཡོད་པ་རེད།

    རྒྱལ་སྤྱིའི་གྲོགས་པོ་གལ་ཆེན་དང་། པེ་ཅིང་དུ་ཡོད་པའི་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་ཕོ་ཉ། ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འཐུས་མི། ཕྱི་རྒྱལ་གྱི་རིགས་གཅིག་མཁས་པ་བཅས་ཀྱིས་ཀྱང་གདན་ཞུས་ལྟར་འཁྲབ་སྟོན་ལ་གཟིགས་ཡོད་པ་རེད།