རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-07-23   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།
“གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་ཡག་པོ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ”བྱེད་པ་བཅས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བསྐྲུན་པའི་རྨང་གཞིའི་ཐོག་གསར་བརྗེའི་རིག་དངོས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། ས་ཚིགས་སྦྲེལ་ནས་ལམ་ཐིག་གྲུབ་པར་བྱེད་པ་དང་། མཛེས་ལྗོངས་ཁུལ་ཁག་གི་སྤྱི་པའི་སྒྲིག་ཆས་ཚང་བའི་ཞབས་ཞུ་འཐུས་ཚང་དུ་གཏོང་བ། བོད་ལྗོངས་ཀྱི་གསར་བརྗེའི་ཡུལ་སྐོར་ཉམས་ལེན་གྱི་མྱོང་ཚོར་སྔར་བས་ཆེ་རུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་བོད་ལྗོངས་ཀྱི་གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ(ས་ཚིགས)21བཏོན་པ་རེད།
ཐེངས་འདིར་ཁྱབ་བསྒྲགས་བྱས་པའི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ(ས་ཚིགས)ནང་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་རྗེས་དྲན་ཁང་དང་། ཆབ་མདོ་གྲོང་ཁྱེར་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་། འཇོ་མདའ་རྫོང་སྐམ་ཐོག་དམག་སྡེ་བཅོ་བརྒྱད་པའི་རུ་ཤོག་གི་གནའ་ཤུལ། རྒྱལ་ཡོངས་བོད་སྐྱོར་འགྲེམས་སྟོན་ཁང་། ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གནའ་ཤུལ་འགྲེམས་སྟོན་ཁང་། བོད་ལྗོངས་ཀྱི་བཅིངས་འགྲོལ་གྲོང་ཚོ་དང་པོ་སྟེ། སྐམ་ཐོག་གྲོང་ཚོ། ཉིང་ཁྲི་སྤོ་མེས་རྫོང་ཡིད་འོང་ཤང་གི་དམག་དཔོན་ཐོག་ཁང་། ཐང་སྨད་ཁྲོན་བོད་ལམ་ཐིག་གི་དཔའ་བོ་བཅུའི་རྗེས་དྲན་རྡོ་རིང་། ཁྲབ་རྨོག་རྫོང་ཨུའི་ལྟེ་གནས་ཐོག་ཁང་དམར་པོ། རྒྱལ་རྩེའི་ཙོང་རིའི་དབྱིན་འགོག་རྗེས་ཤུལ། “ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ”མཐའ་སྲུང་ཞིང་སྡེ་དང་། བོད་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འཐུས་མིའི་གཞུང་ལས་ཁྲུའུ་ཡི་གནའ་ཤུལ། ལྷ་སའི“མཚོ་བོད་ཁྲོན་བོད་གཞུང་ལམ་གྱི་རྗེས་དྲན་རྡོ་རིང་”། ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོ། ལྷ་སའི་ལྷུན་གྲུབ་ཞིང་ར། གྲོ་མོ་འགག་སྒོའི་མཛེས་ལྗོངས་ཁུལ། ཁང་དམར་གནས་རྙིང་ཆོས་སྡེ་དགོན། མཚོ་སྣ་ལེགས་པོའི་ཀྲང་གོ་ཧྭ་མདུན་ཕྱོགས་བཀོད་འདོམས་པུའུ་ཡི་གནའ་ཤུལ། “བོད་ལྗོངས་ལ་དམངས་གཙོའི་བཅོས་སྒྱུར་བྱས་པའི་གྲོང་ཚོ་དང་པོ”ཁྲ་འབྲུག་གྲོང་རྡལ་གྱི་ཁེ་གསུམ་གྲོང་ལྷན། སྐྱིད་གྲོང་འགག་སྒོའི་མཛེས་ལྗོངས་ཁུལ། གདང་ལ། མངའ་རིས་ཀྱི་སྔོན་གཤེགས་དཔའ་བོའི་བང་སོ། བོད་དུ་བསྐྱོད་པའི་སྔོན་སྐྱོད་ལྡིང་ཤོག་གི་རྗེས་དྲན་ཁང་བཅས་འདུས་ཡོད།
ཐེངས་འདིའི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ(ས་ཚིགས)ཀྱི་མིང་ཐོ་ཁྱབ་གདལ་བཏང་བ་དེས་བོད་ལྗོངས་ཀྱི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ(ས་ཚིགས)དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་དང་། ཡུལ་སྐོར་ཁེ་ལས་ཀྱིས་འགྲུལ་པ་སྐྱེལ་འདྲེན་བྱ་རྒྱུར་སྐུལ་ལྕག་སོགས་ཀྱི་བྱ་ཐབས་བརྒྱུད། བོད་ལྗོངས་ཀྱི་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ(ས་ཚིགས)གྱི་སློབ་གསོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པས་གྲོང་མི་དང་ཡུལ་སྐོར་བ་སྔར་བས་མང་བོས་བོད་ལྗོངས་ཀྱི་གསར་བརྗེའི་ལོ་རྒྱུས་ལ་རྒྱུས་ལོན་གཏིང་ཟབ་ཐུབ་ཡོད། །