སེམས་ཀྱི་ཉི་ཟླའི་བེ་ཤར་འཛད་སྤྱོད་པའི་དགའ་བསུ་ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-07-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་7པ་ནས་བཟུང་བདེ་ཆེན་གྱི་བེ་ཤ་གཅིག་རྗེས་གཉིས་མཐུད་ངང་ཁྲོམ་རར་བཏོན་ཞིང་།རང་བྱུང་བདེ་ཐང་གི་ཟས་མཆོག་འདི་གནས་འདིའི་ཡུལ་མི་རྣམས་ཀྱི་དགའ་བསུ་ཐོབ་པ་མ་ཟད།རྒྱལ་ཕྱི་ནང་གི་འཛད་སྤྱོད་པའི་དགའ་བསུ་ཡང་ཐོབ་བཞིན་ཡོད།

“ངའི་བེ་ཤ་འདི་ག་དུས་ཁྲང་ཀྲོའུ་རུ་འབྱོར་གྱི་རེད་དམ” “ཀོང་ཀྲོའུ་དང་ཁྲེང་ཏུའུ་སོགས་གྲོང་ཁྱེར་དུ་ཐད་འཕུར་དུས་གཏན་གནམ་གྲུ་ཡོད་པས་ཉིན་དེར་འབྱོར་ཐུབ།  ཟླ་7པའི་ཚེས་20ཉིན་འཛད་སྤྱོད་པ་ཞིག་གིས་སེམས་ཀྱི་ཉི་ཟླའི་བེ་ཤ་ཉོ་ཚོང་ཁྲོམ་རར་བེ་ཤ་སྤྱི་རྒྱ་2ཉོས་ཏེ་འཕྲལ་མར་ཁྲོམ་རའི་ནང་གི་སྦྲག་སྲིད་བེ་ཤ་བསྡུ་ཡུལ་དུ་ཐུམ་བརྒྱབ་ནས་སྦྲག་ཐོག་བསྐུར་བ་རེད།

    སེམས་ཀྱི་ཉི་ཟླའི་གྲོང་མི་ཞིག་གིས་ད་ལོའི་ལོ་སྟོད་དུ་ཐན་པ་བྱུང་པ་དང་ཆར་ཆུ་བབས་ཚད་ཕྱི་ཙམ་ཡོད་པས་བེ་ཤ་སྐྱེ་འཚར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།མིག་སྔར་བེ་ཤ་ཁྲོམ་རར་བཏོན་མ་ཐག་ཡིན་པས་རྒྱ་མ་རེར་སྒོར་400ནས་800བར་དང་།ཐོན་འབབ་ཉུང་བས་རིན་གོང་ཡང་མཐོ་བ།ཟླ་8པ་ནས་བཟུང་ཐོན་ཚད་མང་བས་རིན་གོང་ཡང་ཅུང་ཆག་པ་རེད་ཅེས་བཤད།

    བདེ་ཆེན་སེམས་ཀྱི་ཉི་ཟླའི་འཛད་སྤྱོད་དབུལ་སྐྱོར་སྒོ་རྩིས་ཚོང་ཁང་གི་འགན་འཁུར་བ་ཅང་ལན་གྱིས་ང་ཚོས་ཧུར་ཐག་སྒོས་སེམས་ཀྱི་ཉི་ཟླའི་ཐོན་ཡུལ་གྱི་བེ་ཤ་ཁྱབ་གདལ་བཏང་བ་ཡིན། ཉིན་འདི་དག་བསྐུར་བའི་བེ་ཤ་ཚང་མ་ནི་ཉིན་དེར་འཐུ་བའི་བེ་ཤ་ཡིན། གྲོང་མི་རྣམས་ཉིན་ལྟར་ཞོགས་པ་སྔ་མོ་ནས་བེ་ཤ་འཐུ་ཚར་རྗེས་མགྱོགས་མྱུར་ངང་དབུལ་སྐྱོར་སྒོ་རྩིས་ཚོང་ཁང་དུ་བསྐྱལ་རྗེས། ང་ཚོས་ཐུམ་སྒྲིལ་བརྒྱབ་ནས་དབོར་གྱི་ཡོད།མ་གཞི་ཉིན་འདི་དག་རིང་རིན་གོང་མཐོ་པོ་ཡོད་མོད།འོན་ཀྱང་སྤུས་ཀ་ལེགས་པས་དངོས་ནས་བྲོ་བ་མྱོང་བ་དང་ཉམས་ལེན་བྱེད་རིན་འདུག་ཅེས་བཤད།

    བེ་ཤ་དུས་ཐོག་ཏུ་རྒྱལ་ཁབ་ཕྱི་ནང་གི་འཛད་སྤྱོད་པའི་ལག་ཏུ་དབོར་རྒྱུ་འགན་ལེན་བྱ་ཆེད།ཀྲུང་གོ་སྦྲག་སྲིད་དང་།ཧྲུན་ཧྥེང་མྱུར་སྐྱེལ། ཏེ་པང་མྱུར་སྐྱེལ། དྲ་ཐོག་ཚོང་དོན་སོགས་ཚན་པས་བེ་ཤའི་ཁྲོམ་རར་བསྡུ་ཡུལ་བཙུགས་ནས“འབྱུང་རྩ་ནས་ཐད་ཀར་མཁོ་འདོན་དང་ཚབ་གཏོང་བྱེད་པའི”ཞབས་ཞུ་ཁྱབ་གདལ་བཏང་སྟེ་བེ་ཤ་སོས་པ་དུད་ཚང་ཁྲི་སྟོང་མང་པོར་དབོར་རྒྱུའི་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག་བདེ་ཆེན་གྱི་འབྲེལ་ཡོད་སྡེ་ཚན་གྱིས་བྱ་ཐབས་སྣ་མང་སྤྱད་དེ་ཚན་རིག་དང་མཐུན་པའི་སྒོ་ནས་སྔོག་འཐུ་བྱ་རྒྱུ་དར་སྤེལ་བཏང་སྟེ་རི་སྔོ་ཆུ་དྭངས་སྲུང་སྐྱོང་དང་བེ་ཤའི་ཐོན་ཁུངས་སྲུང་སྐྱོང་བྱས་ནས་ནགས་ཁྲོད་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་བྱས་པ་རེད།