གྲོགས་པོའི་རིན་ཐང་སྐོར་གྱི་འཛམ་གླིང་མཁས་པའི་ལེགས་བཤད་བཅུ་དྲུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-04   རྩོམ་ཁུངས།    གླིང་སྲས་དྲ་བ།

 གཅིག གྲོགས་པོ་བཟང་པོ་ཞིག་འཚོལ་ཕྱིར་ལམ་ཐག་རིང་པོ་ཅི་ཙམ་ལ་བསྐྱོད་དགོས་ཀྱང་ཤིན་ཏུ་འོས།   ཐའོ་ཨུར་སུ་ཐེ།

     གཉིས། གཡོ་ལྷད་མེད་པའི་གྲོགས་དང་བྲལ་བའི་མི་དེ་ནི་དངོས་གནས་ཁེར་རྐྱང་གི་མི་དེ་རེད། ཕེ་ཀིན།

    གསུམ། སྤུན་ཟླ་གྲོགས་པོ་ཡིན་པའི་ངེས་པ་མེད་མོད། འོན་ཀྱང་གྲོགས་པོ་ནི་རྟག་པར་སྤུན་ཟླ་ཡིན། ཧྥོའུ་ལན་ཁུ་ལེན།

    བཞི། གྲོགས་པོ་ནི་འཚོ་བའི་ཁྲོད་ཀྱི་ཉི་འོད་ཡིན། ཡས་པོའུ་ཧྲིན།

    ལྔ། རང་གིས་གྲོགས་པོ་བཟང་པོ་ཞིག་རྙེད་པའི་ཐབས་ཤེས་ཉག་གཅིག་ནི་རང་ཉིད་གཞན་གྱི་གྲོགས་སུ་འགྱུར་རྒྱུ་དེའོ། ། ཨེ་མོ་ཧྲིན།

     དྲུག གྲོགས་པོ་ནི་ཁྱོད་རང་ཕྱི་གསལ་ནང་གསལ་གྱིས་རྟོགས་ཀྱང་། ད་དུང་ཁྱོད་ལ་གློ་བ་ཉེ་མཁན་དེའོ། །  ཡས་ཀྲུང་ཐེན།

    བདུན། གང་ནས་གྲོགས་ཤིག་རྙེད་ཚེ། དེ་ནས་ང་རང་བསྐྱར་གསོན་བྱེད་སྲིད། ཐེ་ཀོར།

     བརྒྱད། གྲོགས་པོའི་བར་གྱི་འགལ་བ་ནི་དགྲ་བོའི་དཔུང་འཇུག་བྱེད་པའི་གོ་སྐབས་ཡིན་ནོ།།  ཡས་ཟོ།


    དགུ། ལྭ་བ་སོ་ན་བཟང་ཞིང་། གྲོགས་པོ་རྙིང་ན་དགའ། ཧྲ་ཧྲི་པས་ཡཱ།

     བཅུ། གྲོགས་པོ་བཟང་པོས་བདེ་སྐྱིད་སྣོན་ལ་སྐྱོ་སྡུག་ཕྲི་བར་བྱེད།  མ་ཁོས་ཟི་ཞས་ཟེ་ལོ།

      བཅུ་གཅིག  གྲོགས་པོ་རྙིང་པ་ནི། ཆེས་བཟང་བའི་མེ་ལོང་ཡིན། ཧི་པོ་ཐུ།

     བཅུ་གཉིས། ཆེས་ཉེན་ཁ་ཆེ་བ་ནི་ཅི་ཡང་མི་ཤེས་པའི་གྲོགས་པོའོ།། ལྭ་ཧྥུང་ཏན།

      བཅུ་གསུམ། མི་ལ་ལས་ཁྱོད་ལ་བསྟོད་བསྔགས་བྱེད་ཅིང་། ཡང་ལ་ལས་ཁྱོད་ལ་དམོད་པ་བྱེད་པས་དམོད་པ་བྱེད་མཁན་ནི་གྲོགས་སུ་བརྩི་དགོས་ཀྱི་བསྟོད་པ་བྱེད་མཁན་ནི་དེ་ལྟར་མ་ཡིན་ནོ།། ཡ་ཧུ་དཱ་པའི་གསུང་རབ་ལས།

     བཅུ་བཞི།   གྲོགས་བཟང་གིས་ཕ་རོལ་པོའི་སྐྱོན་ཆ་མཐོང་ཚེ་དྲང་མོར་བརྗོད་ཅིང་། གྲོགས་པོ་དོན་བཟང་དང་འཕྲད་ཚེ་སེམས་སུ་དགའ་སྤྲོ་སྐྱེ་ལ། གྲོགས་པོ་དཀའ་སྡུག་གིས་མནར་ཚེ་གམ་དུ་བཅར་ཏེ་སེམས་གསོ་དང་གཟེངས་བསྟོད་བྱེད་དོ།།     བཅོ་ལྔ། གྲོགས་པོ་ངོ་མ་དེ། ཁྱེད་ཀྱིས་བསམ་དོན་འགྲུབ་བཞིན་པའི་སྐབས་གདན་འདྲེན་བྱས་ན་གཟོད་འོང་ཞིང་།  བསམ་དོན་མི་འགྲུབ་པའི་སྐབས་སུ་མ་བོས་ཀྱང་བསླེབས་འོང་མཁན་དག་ཡིན། པོ་ན་ཨུར།     བཅུ་དྲུག ཁྱོད་ཀྱི་གྲོགས་པོ་མཐོང་བས་ཁྱོད་རང་མི་བཟང་ངན་ཅི་འདྲ་ཞིག་ཡིན་པ་རྟོགས་ནུས། ཟེ་བན་ཐིས་ཟི།