2021ལོའི་ཁུལ་ཡོངས་ལོ་སྟོད་ཀྱི་དཔལ་འབྱོར་དུས་བབ་དབྱེ་ཞིབ་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་8པའི་ཚེས་6ཉིན་གྱི་སྔ་དྲོ་2021ལོའི་ཁུལ་ཡོངས་ལོ་སྟོད་ཀྱི་དཔལ་འབྱོར་དུས་བབ་དབྱེ་ཞིབ་ཚོགས་འདུ་དེ་ཁུལ་ཨུ་སྙན་ཞུ་ཚོམས་ཆེན་དུ་འཚོགས་པ་རེད།

    ཚོགས་འདུའི་ཐོག་བསམ་བློ་དང་བྱ་སྤྱོད་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མིག་སྔའི་དཔལ་འབྱོར་སྐོར་གྱི་དབྱེ་ཞིབ་བརྡར་གཅོད་དང་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་པ་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བདེ་ཆེན་ཡུལ་དངོས་གཞུང་སྒྲུབ་ཚོགས་འདུའི་བཀོད་སྒྲིག་ལ་དམ་པོར་དམིགས་པ། ཞིང་ཨུ་སྐབས་བཅུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་བཅུ་གཉིས་པ་དང་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་གྱི་དཔལ་འབྱོར་ལས་དོན་སྙན་ཞུའི་ཚོགས་འདུའི་བླང་བྱ་ལྟར། དམིགས་ཚད་དང་།གནད་དོན།འབྲས་བུ་བཅས་སྟོན་ཕྱོགས་སུ་བྱས་ཏེ་འབད་བརྩོན་རྒྱུན་གཏན་དང་དམིགས་ཚད་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ནས་ལོ་སྨད་ཀྱི་དམིགས་ཚད་ལས་འགན་ཁག་ཁྱོན་ཡོངས་ནས་ལེགས་སྒྲུབ་དང་།དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བ།དུས་རབས་གསར་པ་དང་བདེ་ཆེན་གསར་པ་བསྐྲུན་རྒྱུར་སྐུལ་འདེད།ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་དུས་རབས་གསར་པ་གཏོད་དགོས་ཞེས་ནན་གྱིས་བསྟན་པ་རེད།