བདེ་ཆེན་གྱི་གཞུང་ལམ་ཤར་གཏོང་ཐུབ་ཚད་100%ཟིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་གྱིས་ཁུལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་དང་། གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ། གཞུང་ལམ་དྲ་བའི་གྲུབ་ཆ་སྔར་བས་འཐུས་ཚང་དུ་བཏང་ནས།  མི་དམངས་མང་ཚོགས་ཀྱི་འགྲོ་སྐྱོད་ཆ་རྐྱེན་ལེགས་གཏོང་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད། 

        བདེ་ཆེན་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཀྲུང་མིང་གིས་རང་རྒྱལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས་རྒྱལ་ཁབ་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་བས་གྲོང་གསེབ་ཀྱི་གཞུང་ལམ་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཆེས་ཆེར་ཕྱིན་པ་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་བར་བདེ་ཆེན་ཁུལ་གྱིས་ཁུལ་ཡོངས་ཀྱི་ཤང་གྲོང་29དང་སྒྲིག་ཚུད་གྲོང་ཚོ་196གི་ཨར་འདམ་ལམ་100%སྐྲུན་པ་དང་། འགྲུལ་སྐྱེལ་རླངས་འཁོར་100%ཤར་གཏོང་ཐུབ་པ། ཡིག་ཟམ་100%སྐུར་གཏོང་ཐུབ་པ་བཅས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ནས། ཁུལ་ཡོངས་ཀྱི་གྲོང་མིའི་ཚོགས་ཆུང་2252ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་དང་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་5108ཟིན་ནས་ཤར་གཏོང་ཐུབ་ཚད་100%ཟིན་པ། ཁུལ་ཡོངས་ཀྱི་གྲོང་མི་ཚོགས་ཆུང་ཡོངས་སུ་ཨར་འདམ་ལམ་ཤར་གཏོང་ཐུབ་ཚད་ནི་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། 

    2019ལོར་ཡང་ཐང་གྲོང་རྡལ་གྱི་མཉམ་འབྲེལ་གྲོང་ཚོའི་གཞུང་ལམ་བསྐྲུན་རྒྱུ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་གསེབ་གཞུང་ལམ་གྱི་ཨར་འདམ་ལས་གྲྭའི་ཆ་ཤས་ཤིག་ཡིན་པའི་ངོས་ནས་བརྗོད་ན། འཕེལ་རྒྱས་ཀྱི་ནུས་པ་ཆེན་པོ་ལྡན་པའི་གྲོང་ཚོ་དང་གྲོང་མིར་འཕེལ་རྒྱས་ཀྱི་མཁྲེགས་ཆས་ཆ་རྐྱེན་བཏོད་ཡོད།ད་ལྟ་གྲོང་ཚོའི་གཞུང་ལམ་དེ་གྲོང་རྡལ་དུ་ཤར་གཏོང་བྱས་ཡོད་པ་མ་ཟད། གྲོང་མིའི་ཚོ་ཆུང་དུའང་ཐོན་ཡོད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོ་ཨུ་ལྷན་ཀྲུའུ་ཀུང་གྲོང་མིའི་ཚོགས་ཆུང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཆི་ཝུའུ་ཡིས་དེ་རིང་གི་གྲོང་མིས་དེ་སྔོན་དང་འདྲ་བར་སྲོལ་རྒྱུན་གྱི་གསོ་ཚགས་ལས་རིགས་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་གྱི་མེད་པར། འདེབས་འཛུགས་ལས་རིགས་འཕེལ་རྒྱས་གང་ལེགས་བཏང་ནས་ཤིང་འབྲས་དང་སྔོ་ཚལ། ཀྲུང་ལུགས་སྨན་རྩྭ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་བས་འཚོ་བ་ཉིན་རེ་ལས་མ་འདས་པར་བདེ་སྐྱིད་ལྡན་པ་དང་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།