རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-13   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།
ཟླ8པའི་ཚེས12ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ཏེ། བོད་ལྗོངས་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ངོ70ལོན་པའི་རིང་གི་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཕྱིར་དྲན་བྱས།
པར་འདི་ནི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་རེད།
སྡོད་ཁང་ནི་གལ་ཆེའི་དམངས་འཚོ་ཡིན་པས་སྡོད་ཁང་གི་གནད་དོན་དམངས་འཚོའི་བདེ་རྩ་དང་འབྲེལ་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། 1952ལོའི་གོང་དུ་བོད་ལྗོངས་མཁར་གྲོང་གི་སྡོད་ཁང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི30ཙམ་ཡང་མེད་པ་དང་། མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་གྲུ་བཞི་མ3ལས་མེད་ལ། 90%ཡན་གྱི་མང་ཚོགས་ལ་རང་ཉིད་ཀྱི་སྡོད་ཁང་མེད། 2020ལོའི་ལོ་མཇུག་ཏུ་སླེབས་སྐབས་མཁར་གྲོང་གི་མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ32.37ཟིན་པ་དང་། ལྡབ11ལྷག་འཕར་སྣོན་བྱུང་ཡོད་ལ། རོང་འབྲོག་པ་མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ41.15ལ་སླེབས།
པར་འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་རི་གསུམ་ཤང་ལྕགས་སྒང་གྲོང་ཚོའི་རྣམ་པ་རེད།
བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་རྗེས་བོད་ལྗོངས་ཀྱིས་མཁར་གྲོང་འཛུགས་སྐྲུན་བྱེད་མགོ་ཚུགས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་དང་རྨང་གཞིའི་སྒྲིག་བཀོད་སྐོར་གཅིག་བསྐྲུན་པ་རེད། བཅོས་སྒྱུར་སྒོ་དབྱེ་བྱས་རྗེས་བོད་ལྗོངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་བྱ་གཞག་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་པ་དང་། མཁར་གྲོང་གི་བགྲོད་ལམ་དང་ཆུ་འདོན་ཆུ་འབུད་སོགས་རྨང་གཞིའི་སྒྲིག་བཀོད་ཞབས་ཞུའི་འགན་ལེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ལ། བྱེད་ནུས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ་གྲོང་ཁྱེར་དང་གྲོང་རྡལ་གྱི་རྣམ་པ་གསར་རྐྱང་དུ་གྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་བོད་ལྗོངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་གྱི་གོམ་སྟབས་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་ཕྱིན་པ་དང་། གྲོང་ཁྱེར་དབར་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ་རེད། 2020ལོའི་ལོ་མཇུག་བར་བོད་རང་སྐྱོང་ལྗོངས་སུ་ས་ཁུལ་རིམ་པའི་གྲོང་ཁྱེར6ཡོད་པ་དང་། གྲོང་རྡལ་གྱི་གྲངས་འབོར146ཟིན་པ། མཁར་གྲོང་འཛུགས་སྐྲུན་ས་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ326ལ་སླེབས་ཤིང་། གྲོང་རྡལ་ཅན་དུ་འགྱུར་ཚད35.73%ཟིན་པ། ལྷ་ས་དང་། ནག་ཆུ། མངའ་རིས་སེང་གེ་ཁ་འབབ་གྲོང་རྡལ། རྫོང་གྲོང14བཅས་ལ་གཅིག་བསྡུས་དྲོད་རླངས་མཁོ་འདོན་བྱས་ཡོད།
པར་འདི་ནི་ལྷ་ས་གྲོང་ཁྱེར་གྲོང་ཁུལ་རྙིང་པའི་ད་ལྟའི་རྣམ་པ་རེད།
རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན། 2020ལོའི་ལོ་མཇུག་བར་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་རིམ་པའི་བཙོག་ཆུ་གཙང་སེལ་བྱེད་ཚད96.28%ཟིན་པ་དང་། རྫོང་རིམ་པ་ཡན་གྱི་མཁར་གྲོང་གི་བཙོག་ཆུ་གཙང་སེལ་བྱེད་ཚད78.06%ཟིན་པ། གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་གཏོང་ཚད99.63%ཟིན་པ། རྫོང་རིམ་པ་ཡན་གྱི་མཁར་གྲོང་གི་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་གཏོང་ཚད97.34%ཟིན་པ་རེད། གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་སྔོ་ལྗང་རྒྱ་ཁྱོན་སྤྱི་ཆིང6431.26ཡོད་པ་དང་། སྔོ་ལྗང་ཁྱབ་ཚད35.33%ཟིན་པ། ཞིང་སྡེའི་འཚོ་བའི་གད་སྙིགས་བསྡུ་སྐྱེལ་ཐག་གཅོད་མ་ལག་ཁྱབ་པའི་སྲིད་འཛིན་གྲོང་ཚོའི་བསྡུར་ཚད92.1%ལ་སླེབས།
པར་འདི་ནི་ཆབ་མདོའི་མཚན་ལྗོངས་ཀྱི་རྣམ་པ་རེད།
རྒྱུས་ལོན་བྱུང་བར་གཞིགས་ན། 2016ལོ་ནས2019ལོའི་བར་བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ལས་རིགས་ཀྱིས་ཀྲུང་དབྱང་དང་། རང་སྐྱོང་ལྗོངས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར10.35བརྩོན་ལེན་དང་དོན་འཁྱོལ་ཧུར་ཐག་བྱས་པ་དང་། ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ་སོགས་གཙོ་གནད་ཀྱི་ཉེན་ཡོད་སྡོད་ཁང་ཁྲི4.36སྒྱུར་བཀོད་བྱས་པ། བོད་ལྗོངས་ཀྱི་གཙོ་གནད་མི་སྣ་རིགས4ཡི་དུད་ཚང་དབུལ་པོའི་སྡོད་ཁང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་མེད་པ་བཟོས་པ་རེད། 2020ལོ་ནས2021ལོའི་བར་ཀྲུང་དབྱང་གིས་བསྡོམས་པས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར6.3འགྲེམ་གཏོང་བྱས་ཏེ། ཉིང་སྡེའི་འགུལ་རྣམ་གྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་དང་ཡོམ་འགོག་སྒྱུར་བཀོད་ལས་དོན་ལག་བསྟར་དང་། དབུལ་ཐར་འགག་སྒྲོལ་གྱི“མི་དོར་བ་བཞིའི”ལས་དོན་གྱི་བླང་བྱ་དོན་འཁྱོལ། ཞིང་སྡེའི་ཡོང་འབབ་དམའ་བའི་མི་འབོར་ལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལམ་སྲོལ་འཛུགས་པ། “སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་ལེན་གསུམ”གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་གཏོང་རྒྱུ་བཅས་འབྲེལ་མཐུད་ནུས་ལྡན་བྱ་རྒྱུ་རེད།
2020ལོའི་ལོ་མཇུག་བར་བོད་ལྗོངས་སུ་ཨར་སྐྲུན་ལས་རིགས་ཀྱི་ཁེ་ལས2468ཡོད་པ་དང་། རོང་འབྲོག་པའི་བཟོ་སྐྲུན་ཨར་ལས་དཔུང་ཁག2004བར་འཕེལ་རྒྱས་ཕྱིན་ཏེ། ཨར་སྐྲུན་ལས་རིགས་ཀྱི་ལས་ཞུགས་མི་གྲངས་ཁྲི43.3ཟིན་པ་དེས་ལྗོངས་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་སྤྱིའི་མི་འབོར་གྱི18%བཟུང་ཡོད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་བོད་རང་སྐྱོང་ལྗོངས་ཀྱི་ཨར་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་པས་སྒོར་དུང་ཕྱུར947.18ལ་སླེབས་པ་དང་། རིམ་རྩིས་བྱས་ན་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར2271.08ལེགས་འགྲུབ་བྱུང་ལ། ལོ་འཁོར་ཁག་གི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་གིས་ལྗོངས་ཡོངས་ཀྱིGDPབསྡུར་ཚད་ཟིན་ཚད25%ཡན་དུ་ཡོད་པས། རོང་འབྲོག་མང་ཚོགས་ལས་ཞུགས་སྤོ་སྒྱུར་དང་མཐོ་སློབ་མཐར་ཕྱིན་སློབ་མ་ལས་ཞུགས་ལ་སྣེ་ཁྲིད་དང་། སྤྱི་ཚོགས་དཔལ་འབྱོར་རྒྱུན་མཐུད་བདེ་འཇགས་ངང་འཕེལ་རྒྱས་འགྲོ་བ་བཅས་ལ་བྱེད་ནུས་གལ་ཆེན་ཐོན། །