རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་8པའི་ཚེས་13ཉིན་གསར་འགོད་པས《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》གྱི་དཔང་ཉན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར།བདེ་ཆེན་ཁུལ་གྱིས་ད་ལོའི་ཟླ་6པ་ནས་བཟུང《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ལ་བཟོ་བཅོས་བརྒྱབ་པ་དང་འབྲེལ།ཟླ་9པའི་ཟླ་སྨད་དུ་ཏང་ནང་ཆོག་མཆན་ཞུ་བའི་གོ་རིམ་ནང་ཞུགས་རྒྱུའི་འཆར་གཞི་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།《སྲོལ་ཡིག》ལ་བཟོ་བཅོས་རྒྱག་སྐབས་གཙོ་བོ་ཀྲུང་དབྱང་གི་དགོངས་དོན་མཚོན་པ་དང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་བདེ་ཆེན་གྱི་དོན་དངོས་ལ་གཞི་ཚུགས་པ་དང་ཁྱོན་ཡོངས་ལ་འགན་ལེན་བྱས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་གནད་སྨིན་ཇུས་འདོན་ལ་སྣང་ཆེན་བྱས་ནས་ཁྲིམས་ལྟར་ཁྲིམས་འཛུགས་དང་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་བའི་རྩ་དོན་བཞི་ཁོང་དུ་ཆུད་པ་བྱས་ཡོད།
དེ་སྔའི་《སྲོལ་ཡིག་》དང་བསྡུར་ན། 《སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ནང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཀྱི་གཙོ་རྐང་བརྟན་པོ་བཙུགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ལས་ཀའི་ནང་རྐྱེན་ཁ་གསལ་བཟོས་པ་དང་། རང་ཁུལ་གྱིས་ལོ་མང་པོའི་རིང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ལས་དོན་སྤེལ་བའི་ལག་ལེན་དེ་བྱེ་བྲག་གི་དོན་ཚན་དུ་བསྒྱུར་ནས། རྩ་དོན་གྱི་རང་བཞིན་དང་ལག་ལེན་གྱི་རང་བཞིན་ཟུང་འབྲེལ་བྱས་པ་མཚོན་པ་དང་། གཏན་འབེབས་གཅིག་དང་བསམ་འཆར་གཅིག་འབུར་དུ་ཐོན་པར་བྱས་ཡོད།(ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་བདེ་ཆེན་གྱི་གཞུང་སྒྲུབ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དུ་འགྱུར་བའི་ཚད་གཞི་དང་།འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”ཆོད་དོན།《མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཚད་གཞིའི་སྐོར་གྱི་བདེ་ཆེན་ཁུལ་གྱི་ལག་བསྟར་བསམ་འཆར།》)བཅས་ཕན་ཚུན་འབྲེལ་མཐུད་བྱས། དུས་མཚུངས་ཁེ་དབང་དང་འོས་འགན་གྱི་འབྲེལ་ཡོད་ནང་དོན་ཡང་མང་དུ་བཏང་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན།《སྲོལ་ཡིག(བཟོ་བཅོས་འཆར་ཟིན)》དེ་ད་ལོའི་ཟླ་6པའི་ཚེས་17ཉིན་ནས་བཟུང་ཆེད་དོན་ཚོགས་འདུ་དང་།གཅིག་སྡུད་ཞིབ་བསྡུར་གྲོས་མོལ།བསམ་འཆར་དང་གྲོས་འགོ་བསྡུ་ལེན་སོགས་ཀྱི་གོ་རིམ་བརྒྱུད་དེ་བཟོ་བཅོས་མ་ཟིན་ལ་ཉན་སྒྲུབ་ཀྱི་མ་ཟིན་འཐུས་ཚང་དུ་བཏང་བ་རེད།
ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཙའུ་ཆིང་ཧོ་ཡིས་དཔང་ཉན་ཚོགས་འདུ་མཇུག་བསྒྲིལ་རྗེས་འཆར་ཟིན་འགོད་པའི་བྱ་བའི་འགོ་ཁྲིད་ཚོ་ཆུང་གིས་སྲོལ་ཡིག་(བཟོ་བཅོས་མ་ཟིན་)》ལ་དག་བཅོས་བྱེད་ཐེངས་གསར་པ་བྱེད་རྒྱུ། གོམ་སྟབས་རྗེས་མར་ང་ཚོས་ཁུལ་ཨུ་དང་།ཁུལ་སྲིད་གཞུང་།འབྲེལ་ཡོད་སྡེ་ཚན་བཅས་དང་དེ་བཞིན་རིགས་གཅིག་མཁས་ཅན་དང་།མཁས་དབང་།གཞི་རིམ་མང་ཚོགས་སོགས་སྤྱི་ཚོགས་ལས་རིགས་ཁག་ལ་རེས་སྐོར་ཁ་ཤས་ཀྱི་བསམ་འཆར་དང་གྲོས་འགོ་བསྐྱར་དུ་བསྡུ་ལེན་བྱས་ནས། བཟོ་བཅོས་འཐུས་ཚང་དུ་བཏང་རྗེས་ཞིབ་བཤེར་བྱ་རྒྱུར་ཕུལ་བའི་མ་ཟིན་གྲུབ་ནས་ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་གྲོས་ཞིབ་བྱ་རྒྱུར་ཕུལ་རྗེས་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།