རྒྱལ་ཐང་སྒོར་བྲོ༼ སྨད ༽

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-26   རྩོམ་ཁུངས།    迪庆非遗

        རྒྱལ་ཐང་སྐོར་བྲོ་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཐུན་མོང་མ་ཡིན་པའི་དམངས་ཁྲོད་ཀྱི་གླུ་གར་ཞིག་ཡིན་ཞིང་། གླུ་ཚིག་ཕུན་སུམ་ཚོགས་པ་དང་།འགྱུར་ཁུག་སྙན་པ། བྲོ་འཁྲབ་སྟངས་སྙན་ཞིང་འཇེབས་པ། གླུ་དབྱངས་འཆམ་མཐུན་བཅས་ཡོད་པས། རྒྱ་ཆེ་བའི་མང་ཚོགས་ཀྱི་རྨང་གཞི་དེ་ལ་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་ཡོད།

སྐོར་བྲོའི་རྒྱུན་འཛིན་དང་འཕེལ་རྒྱས།

        དབྱང་ཆིང་ཁོ། བོད་རིགས། བོད་མིང་ལ་ཚེ་རིང་དབང་འདུས་ཟེར། རྒྱལ་ཐང་སྐོར་བྲོའི་ཞབས་བྲོའི་སྟངས་སྟབས་དང་གཞས་ཚིག་ལེན་སྟངས་ཁོང་དུ་ཆུད་པ་དང་། བོད་ཀྱི་ཇ་སྟོན་གླུ་གཞས་དང་། བོད་ཀྱི་གོམས་སྲོལ་དང་གུས་སྲོལ་གྱི་གོ་རིམ། སྨོན་ཚིག་བཅས་སྣ་ཚོགས་ཁོང་དུ་ཆུད་པ་བྱས་ཡོད།

        2002ལོར་དབྱང་ཆིང་ཁོ་ཡུན་ནན་ཞིང་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་གཉིས་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་གྲས་སུ་བཞུགས།

བོད་ཀྱི་སྐོར་བྲོ་རྒྱུན་འཛིན་མཁན་དབྱང་ཆིང་ཁོ།

        ཚེ་རིང་དོན་འགྲུབ། བོད་རིགས། བོད་ཀྱི་གཉེན་སྒྲིག་རིག་གནས་དང་། ལ་གཞས། སྐོར་བྲོ་སོགས་ཀྱི་ཤེས་བྱ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཡོད། 2005ལོའི་ཟླ་9པར་ཚེ་རིང་དོན་འགྲུབ་བདེ་ཆེན་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཁག་དང་པོའི་ནང་བཞུགས་ཡོད།

ཚེ་རིང་དོན་འགྲུབ། 

        2014ལོའི་ཟླ་9པའི་ཚེས་12ཉིན། ཡུན་ནན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པ་བདེ་ཆེན་དུ་གཉེར་བ་དང་སེམས་ཀྱི་ཉི་ཟླ་རྫོང་གིས་རྒྱལ་ཐང་གྲོང་རྡལ་གྱི་མི་སྟོང་གི་སྐོར་བྲོ་འཁྲབ་པའི་སྒྲིག་འཛུགས་བྱས་པ་རེད། ད་དུང་སྔ་རྗེས་སུ《ས་མཐོའི་སྟག་མའི་མེ་ཏོག》དང་།《ཞིང་མཆོག་རྒྱལ་ཐང་།》 《བཀྲ་ཤིས་ནོར་བུའི་ས་ཆ། བདེ་ཆེན》སོགས་ཀྲུང་དབྱང་དང་ཞིང་ཆེན་བརྙན་འཕྲིན་ལས་ཁུངས་ཀྱིས་པར་བླངས་པའི་ཆེད་དོན་པར་གཞི་དྲིལ་བསྒྲགས་བྱས་ནས་ངོ་སྤྲོད་བྱས་པ་རེད།