ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་གྲ་སྒྲིག་ཚོཊ་འདུ་འཚོགས།

རྩོམ་པ་པོ།   དབྱངས་ཅན་ལྷ་མོ།  ཡིག་བསྒྱུར།       དུས་ཚོད།   2021-09-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཚོགས་རའི་ཡུལ་དངོས།

     ཟླ་9ཚེས་22ཉིན་གྱི་ཕྱི་དྲོ།   བློ་མཐུན་ཝང་དབྱི་ཀྲི་ཡིས་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་གྲ་སྒྲིག་ཚོགས་འདུ་དང་། སྐབས་བརྗེའི་དར་སྲོལ་ལྟ་སྐུལ་གྱི་ཆེད་དོན་གསོ་སྦྱོང་ཚོགས་འདུ་འཚོགས་པར་གཙོ་སྐྱོང་གནང་བ་རེད། 

     ཚོགས་འདུར་ཕེབས་འོས་པའི་འཐུས་མི་337ཡོད་པ་དང་། ཚོགས་འདུར་དངོས་སུ་ཕེབས་པའི་འཐུས་མི་326ཡོད་པ་དེ་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན་ཡོད་པ་རེད། 

    ཞིང་ཨུའི་སྐབས་བརྗེའི་འདེམས་བསྐོའི་མཛུབ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་ཀྲའོ་ཀྲེང་ཧྥུའུ་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ་རེད། 

བློ་མཐུན་ཝང་དབྱི་ཀྲིས་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཚོགས་འདུའི་ཐོག་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་གྲོས་རིམ(འཆར་ཟིན)དང་།   འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲོས་འགོའི་མིང་ཐོ།   ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་གྲོས་འགོའི་མིང་ཐོ།   ཚོགས་ཆེན་གྱི་དྲུང་ཆེའི་གྲོས་འགོའི་མིང་ཐོ་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། 

    ཝང་དབྱི་ཀྲི་ཡིས་སྐབས་བརྗེའི་འདེམས་བསྐོའི་སྒྲིག་ཁྲིམས་གསོ་སྦྱོང་བྱེད་སྐབས་ཏང་གི་འཐུས་མི་དང་ཁུལ་ཡོངས་ཀྱི་རིམ་ཁག་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས།  ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་མཐོ་རུ་བཏང་སྟེ་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་།   གདེང་ཚོད་བཞི་ཇེ་བརྟན་དུ་བཏང་ནས་སྲུང་སྐྱོང་གཉིས་བྱེད་ཐུབ་པ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་དང་ཞིང་ཨུའི་བཀོད་སྒྲིག་གི་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ནས་སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་སྐབས་བརྗེའི་སྤྱོད་གཙང་གཞུང་དྲང་གི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་འགན་ལེན་བྱེད་དགོས།བསླབ་བྱ་དང་ལེན་གཏིང་ཟབ་བྱས་ཏེ་བློ་རྩ་བརྟན་ཤོས་དང་ཆོད་སེམས་བརྟན་ཤོས་ཀྱི་སྒོ་ནས་སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུའི་གཏན་འབེབས་ཁག་དོན་འཁྱོལ་བྱེད་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་རྟག་ཏུ་དམ་པོར་བཟུང་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གནས་བབ་ཨང་དང་པོར་འཇོག་དགོས།  ཁུལ་ཡོངས་ཀྱི་རིམ་ཁག་ཏང་ཨུའི(ཏང་ཙུའུ)ཀྱིས་གཙོ་གནད་ཁྱབ་ཁོངས་དང་། འགག་རྩའི་མི་སྣ། ཉམས་ཞན་ལྷུ་ཚིགས་བཅས་ལ་དམིགས་ཏེ་སྐབས་བརྗེའི་ལས་དོན་ལ་ཤུགས་རྐྱེན་ཐེབས་པའི་འགལ་རྐྱེན་མཐའ་གཅིག་ཏུ་དོགས་ཟོན་དང་སེལ་བ་དང་། སྤྱོད་གཙང་གཞུང་དྲང་གི་སྐབས་བརྗེའི་ཁོར་ཡུག་ཧུར་ཐག་གཏོད་དགོས།  དེ་དང་ཆབས་ཅིག་དམར་ཐིག་གི་མཐའ་ཚད་ཁ་གསལ་བཟོ་བ་དང་།   ཉེན་ཟོན་ལེ་ཚན་གྱི་བསླབ་བྱ་བློ་ལ་བརྟན་པོ་ངེས་པ། རྩ་འཛུགས་ཀྱི་མི་དོན་སྒྲིག་ཁྲིམས་དང་སྐབས་བརྗེའི་སྒྲིག་ཁྲིམས་ཀྱི་གཏན་འགོག་བཅུའི་བླང་བྱ་ནན་སྲུང་བཅས་བྱས་ཏེ་ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 

བརྡས་ཐག་ལ་གྲོས་འཆམ་བྱུང་བ།

     ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་སྐབས་བརྗེའི་ལས་དོན་གྱི་ཆབ་སྲིད་འགན་འཁྲི་ཕྲག་ཐོག་ཏུ་བརྟན་པོ་འཁུར་བ་དང་།  འགན་ནུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།  ལས་བགོས་འགན་ཁུར་དང་།  ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ།   མཉམ་ཤུགས་ཆགས་པ་བཅས་བྱེད་དགོས། ཏང་གི་འཐུས་མིས་སྐབས་བརྗེའི་སྒྲིག་ཁྲིམས་ཀྱི་བླང་བྱར་བརྩི་སྲུང་ནན་པོ་ཞུས་ནས་རང་རྟོགས་ངང་ཏང་དང་མི་དམངས་ཀྱི་བྱ་གཞག་གི་ཁྱོན་ཡོངས་ལ་དམིགས་པ་དང་།  འཐུས་མིའི་དབང་ཆ་ཡང་དག་སྤྱོད་པ།  འཐུས་མིའི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ།རང་ཚུགས་ངང་དམངས་གཙོའི་དབང་ཆ་སྤྱོད་རྒྱུ་ཁྲིམས་ལྟར་ཚད་ལྡན་ཡོང་བ་བཅས་བྱེད་དགོས།  སྐབས་བརྗེའི་འདེམས་བསྐོའི་རིང་ཁུལ་སྒྲིག་ཨུ་དང་ཁུལ་ཨུའི་རྩ་འཛུགས་པུའུ་སོགས་སྐོར་ཞིབ་ལྟ་སྐུལ་ཞིབ་བཤེར་སྡེ་ཚན་གྱིས་སྤྱོད་ཚུལ་ཇེ་ལེགས་དང་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྐབས་བརྗེའི་སྒྲིག་འགལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་མཐོ་གནོན་རྣམ་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ཤེས་རྟོགས་ཐུབ་ཚེ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་ལས་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་ཞེས་བསྟན།     

ཚོགས་རའི་ཟུར་ཞིག

     ཚོགས་ཞུགས་མི་སྣ་ཚོས་སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་བའི་ཉེན་བརྡ་གཏོང་བའི་སློབ་གསོའི་པར་གཞི་སྟེ《ཉེན་བརྡ་རྟག་ཏུ་སྒྲོག་པ》ཞེས་པ་མཉམ་དུ་བལྟས་པ་རེད།