སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ལ་ཉེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-24   རྩོམ་ཁུངས།    云南建投路桥།


 

       སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་དྲ་བའི་པེ་ཅིང་ནས་བོད་ལྗོངས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཟི་ལིང་ནས་ས་དམ་བར་གྱི་འབྲེལ་མཐུད་ལམ་ཐིག་(G0613)ཁྲོད་ཀྱི་ལམ་དུམ་ཞིག་ཡིན་པ་དང་།བོད་འབྲེལ་ས་ཁུལ་ལ་འགྲོ་འོང་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་ལ། བདེ་ཆེན་ཁུལ་དང་ཞིང་ཆེན་གྱི་ལྟེ་གནས་ཁུན་མིང་བར་འབྲེལ་བ་བྱེད་པའི་མྱུར་མགྱོགས་བགྲོད་ལམ་ཞིག་ཀྱང་ཡིན། སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་ལ་སྤྱི་ལེ་140.305ཡོད་པ་དང་།  འགོ་བཙུགས་ས་ནི་སེམས་ཀྱི་ཉི་ཟླ་གྲོང་ཁུལ་ལྷོ་ཕྱོགས་ཀྱི་ཡུལ་གསུམ་གྲོང་པ་དང་མཇུག་རྫོགས་ས་ནི་ཏ་ལི་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་པའེ་ཧན་ཁྲང་རིན་བསྡུ་ས་ཚིགས་སུ་ཡིན། མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་གཙོ་བོའི་ཐོག་ཟམ་པ་120དང་ཕུག་ལམ་26ཡོད་ལ། ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་55%ཟིན་ཡོད།

        2019ལོའི་ཟླ་12པའི་ཚེས་31ཉིན། སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སེམས་ཀྱི་ཉི་ཟླའི་རིན་བསྡུ་ས་ཚིགས་ནས་ཡང་ཐང་རིན་བསྡུ་ས་ཚིགས་བར་གྱི་ལམ་དུམ་ཤར་གཏོང་བྱས་པ་དང་བདེ་ཆེན་ལ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

(གཤམ་གྱི་པར་རིས་འདི་དག་འཕྲེད་ཀྱིས་ལྟ་རོགས།)

        2020ལོའི་ཟླ་12པའི་ཚེས་31ཉིན།  སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སེམས་ཀྱི་ཉི་ཟླ་ནས་ཁྲུང་ཅང་གཙང་བོ་དང་།   ཞུང་མགོ་ནས་པའེ་ཧན་ཁྲང་བར་གྱི་ལམ་དུམ་ཤར་གཏོང་བྱས་པ་དང་།2020ལོའི་ཟླ་12པའི་ཚེས་31ཉིན་གྱི་ཆུ་ཚོད24:00ནས་བཟུང་ནས་དྲ་སྦྲེལ་གྱི་རིན་གོང་བསྡུ་བའི་ཉིན་མོའི་བར་ཡིན།

        ད་ལོའི་ཟླ་5པའི་ཚེས་21ཉིན་གྱི་ཆུ་ཚོད་24:00ཡི་ཐོག སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་ལམ་ཐིག་ཧྲིལ་པོ་དང་། སེམས་ཀྱི་ཉི་ཟླའི་རིན་བསྡུ་ས་ཚིགས་ནས་ཁྲུང་ཅང་གཙང་པོའི་རིན་བསྡུ་ས་ཚིགས་བར་གྱི་གཡས་ཕྱོགས་ཀྱི་ལམ་དུམ་དངོས་སུ་རིན་གོང་བསྡུ་སྟེ་འཁོར་སྐྱོད་བྱས་པ་དང་། དུས་མཚུངས་སུ་ཡང་ཐང་ཞབས་ཞུ་ཁུལ་དང་སུང་ལིན་ཆིའུ་འཁོར་བཞག་ཁུལ་གྱི་Bཁུལ་ཤར་བཏང་བྱས་པ་རེད།

        ཟླ་9པའི་ཚེས་29ཉིན། སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལུང་ཕན་ནས་ཁྲུང་ཅང་གཙང་པོའི་བར་གྱི་གཡོན་ཕྱོགས་ཀྱི་ལམ་དུམ་ཤར་གཏོང་བྱ་རྒྱུ་ཡིན་པ་དང་། སྐབས་འདིར་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་བྱ་རྒྱུ་རེད།